ཞེ་སེམས་ཐོགས་ས་མི་འདུག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ཞེ་སེམས་ཐོགས་ས་མི་འདུག
ཞེ་སེམས་ཐོགས་ས་མི་འདུག
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/14ལྟ་ཀློག (1666)རྩོམ་ཁུངས: པར་འདེབ།

                                                          གསོན་པོ།

རྟ་ཕོ་ང་རས་ཞོན་ན།།

བདེ་མོའི་ཐང་ཞིག་ཡོད་དམ།།

མི་ཚོགས་ཁྲོམ་རའི་ནང་ན།།

ལྷ་སྐུ་མཇལ་རྒྱུ་ཡོད་དམ།།

 

དགུང་གི་སྐར་མའི་ཁྱིམ་ན།།

བདེ་སྤྲོད་ལྷང་ལྷིང་ཡོད་དམ།།

མཚན་མོའི་སྨག་རུམ་དབུས་ན།།

གཅན་གཟན་འཇིགས་པོ་ཡོད་དམ།།

 

དགུན་ཟླ་རིང་མོའི་མཇུག་ན།།

གཉོམ་པོའི་ལུས་ཤིག་ཡོད་དམ།།

དབྱར་ཟླ་གསུམ་པའི་སྒང་ལ།།

སྦྲ་མས་གཤོག་འགྱུར་ངོམ་མམ།།

 

རི་བོ་ཆེན་པོའི་རྒྱབ་ན།།

རེ་བའི་གསོན་ཤུགས་ཡོད་དམ།།

ལུང་ཀོག་སྐམ་པོའི་ནང་ན།།

ཡན་ལག་ཆུང་ག་ཚོད་ཡོད་དམ།།

 

ཕར་ཕྱོགས་ནགས་རིའི་ཀླུང་ན།།

བྱེའུ་ཆུང་གྲེ་འགྱུར་ཡོད་དམ།།

རྩྭ་ལོ་རླུང་གིས་སྒུལ་དུས།།

སྲོག་གི་གཞི་རྟན་ཡོད་དམ།།

 

འུར་མགོ་མཐོ་བའི་ཁྭ་ཏ།།

གདོན་གྱིས་བསླུས་པ་ཡིན་ནམ།།

མགྲོན་པོའི་འགྲུལ་བཞུད་བར་ན།།

རྣམ་རྟོག་ག་ཙམ་སྦས་ཡོད།།

 

བུ་མོའི་འཛུམ་ཆུང་གྲོལ་དུས།།

འཇིག་རྟེན་སྣང་བ་ཡོད་དམ།།

གོས་དཀར་ཚར་བུའི་ཁུག་ན།།

འཁོར་བའི་ཞེན་ཐག་ཡོད་དམ།།

 

ལྕི་འདམ་རྫོབ་པོའི་དབུས་ན།།

སྲང་ཆུང་ལང་ཚོ་བསྐུངས་ཡོད།།

རྨི་ལམ་ནང་གི་གནས་ཡུལ།།

ཞེ་སྡུག་འཇོག་ས་ཡིན་ནམ།།

 

སྐར་མས་ཁྲེལ་དགོད་གནང་བ།།

སིལ་མའི་སྒྲ་དག་ཡིན་ནམ།།

ཁ་ཁུ་སིམ་པའི་འགུལ་སྤྱོད།།

འཇིག་རྟེན་སྣང་བ་ཡིན་ནམ།།

 

ཟླ་བ་དཀར་པོའི་ངོགས་ན།།

ཆུང་འདྲིས་བྱམས་པ་ཡོད་ན།།

བརྩེ་བའི་མཚོ་མོ་འཁྱིལ་ས།།

རང་སེམས་གྲུ་བཞི་ཡིན་ནམ།།

 

གླིང་བཞི་སྐོར་བའི་བུ་ལོ།།

འཁྱམས་པོ་ལྡོམ་པོ་ཡིན་ནམ།།

ཞབས་རྗེས་རི་ལ་བཞགས་ན།།

བྱ་ཚོགས་གྲོགས་སུ་བསྡོང་ངམ།།

 

ང་རས་ཁྲེལ་དགོས་གནང་ས།།

མཐོན་པོའི་ཁྲི་དེ་ཡིན་ནམ།།

འཛུམ་པའི་སོར་མོ་གཏུགས་ས།།

རིགས་མཐུན་གྲོགས་དག་ཡིན་ནམ།།

 

ཁ་བ་མཐུག་པར་བསམ་ན།།

དགུན་ཁར་འཇིགས་དགོས་མི་འདུག།

རང་སེམས་རྡོ་དང་འདྲ་ན།།

ཕོ་བྲང་ང་རས་བཞེངས་ཆོག

                                      ༢༠༡༡ལོའི་ཟླ༦པའི་ཚེས༢༣དགོང་མོ་རང་ཤག་ཏུ་སྦྱར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc5i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41562533
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1