༄༅། ། ངའི་སེམས་ཁོང་གི་ལྷ་ཡུལ་ཏེ་མདོ་དབུས་མཐོ་སྒང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »༄༅། ། ངའི་སེམས་ཁོང་གི་ལྷ་ཡུལ་ཏེ་མདོ་དབུས་མཐོ་སྒང་།
༄༅། ། ངའི་སེམས་ཁོང་གི་ལྷ་ཡུལ་ཏེ་མདོ་དབུས་མཐོ་སྒང་།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/14ལྟ་ཀློག (2207)རྩོམ་ཁུངས: པར་འདེབ།

                                                                              རུ་ཤུལ་འཇམ་དབྱངས་བློ་གྲོས།

  ས༵་གང་གི་དགེ་མཚན་མང་བོ་ཞིག་གླེང་རུང་།  ས༵་གང་ལ་ཡུལ་སྐོར་སྤྲོ་བསེང་དུ་བྱིན་ཀྱང་། །

   ས༵་གང་ནས་ལོངས་སྤྱོད་ཀླུ་ཡུལ་ལ་མཉམ་ཡང་།  ས༵་གང་དུ་བདེ་སྐྱིད་ལྷ་ཡུལ་དང་མཚུངས་ནའང་།

                                             ས༵་དེ་ཚོས་ང་ཡི་ཕ་ཡུལ་ལ་མི་བཟོད།  

ངའི་ཕ་ཡུལ་ན་མུ་མཐའ་བྲལ་བའི་སྤང་ལྗོངས་དེ་གོས་ཆེན་བཞིན་བཤམས་ནས་འདུག  ངའི་ཕ་ཡུལ་དུ་ཉམས་པ་མེད་པའི་གངས་རི་དག་གླིང་གི་དཔའ་རྒོད་ཚོ་དང་འདྲ་བར་འགྱིང་གྱིན་ཡོད། ངའི་ཕ་ཡུལ་གྱི་གཏེར་ཁ་རྣམས་བང་མཛོད་ཀྱི་འབྲུ་རིགས་ལྟར་བྱུར་བུར་གཏམས་ཏེ་མཆིས།  གཞན་ནག་ནོག་གི་དྲི་མས་མ་གོས་པའི་དུས་བཞི་ཡི་སྤྲིན་དཀར་ནི་སྟོན་གསུམ་གྱི་འབྲི་ཞོ་ལྟར་སྤུངས་ཏེ་མེར། གཡུ་ཡི་མེ་ལོང་ལ་གསེར་གྱི་ཕྲས་བཏབ་པ་ལྟ་བུ་ནི་ངའི་མགོ་ཐོག་གི་ནམ་མཁའ་མ་ཡིན་ནམ།

   སྙན་ངག་པའི་སྨྱུག་རྩེ་ཟད་སྤྱད་དང་།ཆང་འཐུང་གི་བསྟོད་བསྔགས་བྱེད་ས། ལྷ་ཀླུ་ལ་མཆོད་པ་འབུལ་བྱེད། སྐྱེ་འགྲོ་ཡི་སྐོམ་གདུངས་སེལ་མཁན། སིལ་སིལ་དང་ལྷང་ལྷུང་གི་སྒྲ་དབྱངས་སྒྲོག་གིན།  དྭངས་གསལ་དང་ཞི་དུལ་གྱི་རང་གཤིས་མངོན་བཞིན་མིང་དོན་མཚུངས་པའི་ཆུ་བོ་སྟེ་བདུད་རྩི་ངོ་མ་ནི་ཁྱེད་ལས་སུ། ཟླུམ་གཟུགས་གོ་ལའི་ངོགས་སུ་གནའ་བོའི་ཤེས་རིག་དར་བའི་རྒྱལ་ཁབ་བཞི་བོའི་ཁྲོད་དུའང་། ཁྱེད་ཀྱི་པང་ནས་འཁྲུངས་ཤིང་འཚར་ལོངས་བྱུང་བའི་བོད་ཀྱི་སྐད་ཡིག་དང་གསོ་རིག་རྒྱུད་བཞི་དག་ནི་ཡུལ་དུས་གང་ལ་བསྡུར་ཀྱང་།  ཁྱེད་ཀྱི་གཟི་བརྗིད་དང་ང་ཚོའི་ང་རྒྱལ་ཞིག་མ་ཡིན་ནམ། མིང་དོན་མཚུངས་པའི་མཁས་དབང་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་བརྩམས་ཆོས་གཅིག་པུ་ལའང་གནའ་དེང་གི་མཁས་པ་སུ་ཡི་པོད་ཀྱིས་འགྲན། ལར་ཕྱི་རང་བྱུང་གི་བཀོད་པ་དང་ནུས་པའི་ཐོན་ཁུངས་ནས་གཞིགས་ཀྱང་།  ནང་བསམ་བློའི་རྒྱགས་ཕྱེ་དང་རིག་གནས་སྒྱུ་རྩལ་སོགས་ཟུར་གང་ནས་བསམས་རུང་། ཡུལ་འདི་ནས་གསོན་ཤུགས་རྒྱས་ཤིང་ཕྱོགས་མང་བོར་ཕན་རབས་གླེང་ན།    མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།

    ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་ན། །དེ་ལྟར་མཁས་པའི་ཚིག་ནི་ལྐུགས་པར་འགྱུར། །ཞེས་པ་ལས་མ་འདས་མོད།   འདུས་བྱས་ཐམས་ཅད་མི་རྟག་པའི་ཆོས་ཅན་ཡིན་ཕྱིར།   རྟག་བརྟན་ཐེར་ཟུག་གི་དངོས་པོ་ཞིག་ཡུལ་དེ་ལས་ཇི་ལྟར་ཡུན་རིང་ཞིག་ཏུ་ག་ལ་གནས་སྲིད། འུ་ཅག་གིས་རང་ཉིད་ལ་ཡོད་པའི་ནོར་བུ་དེ་སྲུང་སྐྱོབ་དང་གཅེས་སྤྲས་ལེགས་པོ་ཞིག་བྱ་དགོས་ན། ང་ཚོར་ལྷ་ཁྱབ་འཇུག་བཞིན་མིའུ་ཐུང་གི་རྫུ་འཕྲུལ་མེད་ལ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཏོག་ལྟར་གྱུར་བའི་ཨ་མི་རི་ཁ་ལྟ་བུའི་སྟོབས་འབྱོར་དང་དབང་ཤུགས་མེད་པས།  ཡོད་ཚད་དང་བསམ་ཚད་དུས་ཡུན་ཐུང་ངུ་ཞིག་གི་ནང་ནས་འགྲུབ་ཐབས་བྲལ། དེས་ན་ང་ཚོར་མ་བགོས་པའི་ལས་སྐལ་ཞིག་དང་།  མ་བཅོལ་བའི་གཏམ་སྐལ་ཞིག་ཡོད་པ་ནི་ཡོད་ཚད་རང་ཉིད་ནས་མགོ་རྩོམ་དགོས་པར་སེམས་ཏེ། ང་ཚོས་དེང་རབས་ཀྱི་ལག་ཆ་བཀོལ་ནས་ས་རྐོལ་རྡོ་སློག་མི་བྱ་རུང་།  རང་རེས་གཞན་ལ་རྒྱུ་དང་དབང་གིས་ཁ་ལོ་མི་སྒྱུར་རུང་། རང་ཉིད་ཀྱིས་ནམ་རྒྱུན་འཚོ་བ་རོལ་སའི་གནས་ཡུལ་ལག་མཐིལ་ཙམ་པོའང་འགྱིག་ཤོག་དང་ཤེལ་ཆག  སྙིགས་རོ།  ཁ་ལུད་སོགས་གང་བྱུང་དུ་མི་འཕེན་རོགས། རང་ཉིད་ཀྱིས་དུས་རྟག་ཏུ་ལུས་སུ་གྱོན་ཆས་དང་གདན་དུ་བཏིང་རྒྱུ་དག་འཁྲུད་བྱེད་ཀྱི་ཆུ་བོ་དང་།  ལྟོ་བ་འགྲང་སྤྱད་ཀྱི་ཟས་ཆུ་ཟ་མ་སོགས་འཕྲོ་བརླག་ཏུ་མི་གཏོང་རོགས།  རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་མོ་དེ་ཐོག་མཐའ་བར་གསུམ་དུ་གུ་ཡངས་སུ་མི་གཏང་བར་གཞན་ལ་མིག་དཔེ་བཟང་བོ་ཞིག་སྟོན་གྱིན།  རང་རིགས་ཀྱི་ཕུ་ནུ་མིང་སྲིང་ཚོར་ཁོར་ཡུག་སྲུང་སྐྱོབ་ཀྱི་དགེ་མཚན་རྣམས་གསུང་རོགས།  བོད་མི་མང་ཆེ་བ་ཞིག་ལ་དེ་ལྟ་བུའི་ཀུན་སློང་ལྡན་ཚེ། ད་གཟོད་གཟུགས་ཅན་གྱི་ཁྲིམས་ལས་མི་དགོས་ལ། གཟུགས་མེད་ཀྱི་སྡིགས་མོའང་མི་དགོས་པར། ཚད་ཡོད་པའི་ཁོར་ཡུག་དེ་ལ། ཚད་མེད་པའི་སྲུང་སྐྱོབ་ཅིག་ཐེབས་སྲིད་ཅེས་ང་ཡིས་ང་རྒྱལ་དང་ཡིད་ཆེས་ཀྱིས་བསྒྲག་ཅིའི་ཕྱིར་མི་ཐུབ།

                                                                                 ཅེས་མདོ་ལྷོའི་རྨ་ཆུའི་བོད་སློབ་འབྲིང་ནས།

                                                                               ༢༠༡༣ ༠༥ ༡༦ ཉིན་ལ། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rogu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41553567
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1