གཞི་རྒྱ་ཆེ་ཞིང་དོན་སྙིང་ལྡན་པའི་ཁྲི་ཤོར་རྒྱལ་མོའི་མཚོ་འགྲམ་གྱི་སྤྲོ་ཚོགས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་ཚང་གི་བྱ་བཞག »གཞི་རྒྱ་ཆེ་ཞིང་དོན་སྙིང་ལྡན་པའི་ཁྲི་ཤོར་རྒྱལ་མོའི་མཚོ་འགྲམ་ག
གཞི་རྒྱ་ཆེ་ཞིང་དོན་སྙིང་ལྡན་པའི་ཁྲི་ཤོར་རྒྱལ་མོའི་མཚོ་འགྲམ་གྱི་སྤྲོ་ཚོགས།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/16ལྟ་ཀློག (5381)རྩོམ་ཁུངས: པར་འདེབ།

                        ༼ སྤྲོ་ཚོགས་རྒྱས་འགོད།  ༼ ཡོངས་ཁུངས།  ངེད་དྲ་བ།

   སྤྱི་ལོ༢༠༡༣ལོའི་སྤྱི་ཟླ༦པའི་ཚེས༨ཉིན་ནས་ཚེས༡༢བར་མཚོ་ལྷོ་ཁུལ་གྱི་མཚོ་རྒན་ཁྲི་ཤོར་རྒྱལ་མོའི་མཚོ་འགྲམ་གྱི་གོང་ཧོ་རྫོང་རིག་སྨོན་ཡུལ་ཚོའི་ཉིན་ལུང་སྡེ་རུ་སོ་སོ་ཁ་འཆམ་གྲོས་འགྲིག་གིས་མགར་གྱི་བླ་རི་བློན་པོ་གསེར་ཆེན་དཔུང་བསྟོད་བྱས་པ་དང་། མགར་གྱི་སྦྲ་རྒན་ཀ་བརྒྱ་མ་འགྲེམས་སྟོན།  མདའ་རྩེད་དང་མདའ་འགྲན།   རྟ་རྒྱུག་རྒྱལ་འཇོག   གླུ་དང་ལ་གཞས་འགྲན་བསྡུར་སོགས་དམངས་སྲོལ་རྩེད་རིགས་གང་མང་དང་།    ༼མཚོ་སྔོན་བརྙན་འཕྲིན་ཁང་བོད་ཡུལ་དུ་བསྐྱོད་པ༽ཞེས་པའི་ལེ་ཚན་ཡང་ཐེངས་འདིར་བསྒྲུབས།   མདོ་དབུས་ཁམས་གསུམ་གྱི་གླུ་བ་གླུ་མ་སྐད་གྲགས་ཅན་གང་མང་ཞིག་བསླེབས་ཡོད།  རུས་རྒྱུད་མགར་ལ་གཏོགས་པའི་མདོ་དབུས་ཁམས་གསུམ་གྱི་མགར་ཚང་གི་སྐུ་ཚབ་པ་བདུན་ཅུ་ལྷག་འཛོམས་ཏེ་མགར་གྱི་བླ་རི་བློན་པོ་གསེར་ཆེན་གྱི་མདུན་ལྗོངས།  མགར་གྱི་བླ་མཚོ་ཁྲི་ཤོར་རྒྱལ་མོའི་གཡས་འགྲམ་ནས་མགར་གྱི་སྦྲ་རྒན་ཀ་བརྒྱ་མའི་ནང་དུ་བཙན་པོའི་མགར་གྱི་དྲ་བ་ཤར་གཏོང་མཛད་སྒོ་སྤེལ་བ་དང་།   མགར་གྱི་རུས་རྒྱུད་སྤྱི་བཤད་དེབ་ཐེར་འབྲི་མགོ་རྩོམ་པར་གྲོས་བསྡུར་བྱས།  

    དགེ་འདུན་ཆོས་འཕེལ་གྱི་ཚ་བོ་མགར་རྩེའི་གཡུང་དྲུང་རྒྱལ་ལགས་ཀྱིས་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་མགར་རྩེའི་ཞོ་ཕུང་ཞིར་འཁྲུངས་ཤིང་རུས་རྒྱུད་མགར་ལ་གཏོགས་པ་གསལ་བཤད་དང་བདེན་དབང་བྱས།   རྭ་རྒྱ་དགོན་པའི་བྱམས་ཆེན་ནམ་མགར་གྱི་མི་བོ་ཆེ་ཨ་ཁུ་བྱམས་པ་མཐའ་ཡས་མཆོག་ཚོགས་འདུར་བྱོན།   མགར་ཚང་གིས་ཡ་རབས་ཀྱི་ཕྱོགས་ནས་མཐུན་སྒྲིལ་བྱེད་པ་དང་མ་རབས་ཀྱི་ཕྱོགས་ནས་མཐུན་སྒྲིལ་མི་བྱེད་པར་ཆོས་སྲིད་ལུགས་གཉིས་དང་མཐུན་པའི་སྒོ་ནས་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ལ་སྲི་ཞུ་སྒྲུབ་ཅི་ཐུབ་བྱེད་ཞོར།   བོད་མི་རིགས་ཀྱི་བདེན་པ་སྲུང་བའི་མི་གཤིས་ཡག་པོ་དེ་རྒྱུན་འཛིན་བྱ་བའི་བསམ་པ་དང་རེ་བ་བཏོན།    མདོ་དབུས་ཁམས་གསུམ་ནས་ཡོང་བའི་མགར་གྱི་སྐུ་ཚབ་པ་རྣམས་མཚོ་བསྐོར་དུ་སོང་ཞིང་མཚོ་གཏེར་བཞག   

   དབྱར་ཟླ༦པའི་ཚེས༨ཉིན་གྱི་ཞོགས་པ་མགར་གྱི་བླ་རི་བློན་པོ་གསེར་ཆེན་དང་མགར་གྱི་སྦྲ་རྒན་ཀ་བརྒྱ་མ།   མཚོ་སྔོན་པོའི་མཚོ་འགྲམ་གྱི་རི་མགོ་སོ་སོར་གངས་དཀར་པོས་་བཟའ་མནབས་པར་ས་གནས་མི་དམངས་ཀྱིས་སྔོན་ཆད་བྱུང་མ་མྱོང་བའི་རྟགས་དང་རྟེན་འབྲེལ་འགྲིགས་སོང་ཞེས་མཚར་སྣང་དང་སྤྲོ་བ་འཕེལ་ཞིང་བློན་པོ་གསེར་ཆེན་ལ་གསོལ་སྨོན་ཞུས་ཤིང་སྦྲ་རྒན་ཀ་བརྒྱ་མར་ཕྱག་འཚལ་ཞིང་ཁ་བཏགས་འཐེན་པའང་ཡོད།   ཉིན་དུ་མར་མི་ཚོགས་ཀྱི་འདུ་འཛི་རྒོད་ཅིང་རྒན་དར་གཞོན་གསུམ་གྱི་གདོང་ཡོངས་འཛུམ་གྱིས་ཕྱུག་ཅིང་རྣམ་རིག་བཀྲ།   དབྱར་དུས་ཀྱི་གངས་རི་དང་མཚོ་མོ།  སྤང་ལྗོངས་དང་སྦྲ་ནག་བཅས་ཀྱིས་བཞེངས་པའི་ཁོར་ཡུག་འདིས་མི་ཐམས་ཅད་ཀྱི་སེམས་ལ་བོད་ཁ་བ་ཅན་གྱི་ཡུལ་ཞེས་པ་དེ་འདི་འདྲ་ཞིག་མིན་ན་གང་ཡིན་སྙམ་དུ་བཅུག་པ་དང་དག་པའི་ཞིང་ཞེས་པ་དེའང་འདི་མིན་པ་གང་ཡིན་འདོད་པའི་མཛེས་པ་དང་མཚར་བ།  སྐྱིད་པ་གསུམ་འཕེལ་གྱི་སེམས་ཁམས་ཤིག་ངང་ངམ་ཤུགས་ཀྱིས་བསླེབས་པར་བྱེད།   ཐེངས་འདིའི་སྤྲོ་ཚོགས་འདི་ནི་མི་རིགས་ཀྱི་དམངས་སྲོལ་དང་སྒྱུ་རྩལ།  རུས་རྒྱུད་རིག་གནས་རྒུད་སྐྱོབ་བཅས་ལ་ཕན་པ་ཆེ་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཁྲི་ཤོར་རྒྱལ་མོའི་མཚོ་འགྲམ་གྱི་གཏམ་རྒྱུད་གསར་བ་ཞིག་དབུ་བརྙེས་པར་རྟེན་འབྲེལ་འགྲིགས། 


   

མགར་གྱི་བླ་རི་བློན་པོ་གསེར་ཆེན་མདུན་ལྗོངས་སུ་མགར་གྱི་སྦྲ་ནག་ཀ་བརྒྱ་མ་འགྲེམས་སྟོན་བྱས་པ།

མི་ཚོགས་ཀྱིས་བསྐོར་བའི་མགར་གྱི་སྦྲ་ནག་ཀ་བརྒྱ་མ།

  མགར་གྱི་བླ་མཚོ་ཁྲི་ཤོར་རྒྱལ་མོ་དང་མགར་གྱི་སྦྲ་རྒན་ཀ་བརྒྱ་མ། 

ཆོན་ཐག་གསེང་ནས་མངོན་པའི་མགར་གྱི་བླ་མཚོ་ཁྲི་ཤོར་རྒྱལ་མོ།

 མཚོ་སྔོན་བརྙན་འཕྲིན་ཁང་གི་གར་སྟེགས་རྒྱབ་ལྗོངས་ཀྱི་སྦྲ་ནག་ཀ་བརྒྱ་མ།

མགར་གྱི་བླ་མཚོ་ཁྲི་ཤོར་རྒྱལ་མོའི་གཡས་འགྲམ་གྱི་སྦྲ་ནག་ཀ་བརྒྱ་མ།

   གངས་རིའི་མདུན་ན་རྔམ་བརྗིད་ངང་འགྱིང་བའི་མགར་གྱི་སྦྲ་རྒན།

 མགར་གྱི་ལོ་རྒྱུས་ཆེད་མཁས་པ་སྐུ་ཞབས་མཐའ་བ་བཀྲ་ཤིས་དོན་གྲུབ་ལགས།

 མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཚ་བོ་མགར་རྩེའི་གཡུང་དྲུང་རྒྱལ་ལགས།

 མཚོ་སྔོན་བརྙན་འཕྲིན་ཁང་བོད་ཡུལ་དུ་སྐྱོད་པའི་ལེ་ཚན་གྱི་འཁྲབ་སྟོན་དངོས།

 མཚོ་སྔོན་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ལས་གེ་སར་འཁྲབ་པའི་ཟུར་དངོས།

 མགར་གྱི་སྦྲ་ནག་ཀ་བརྒྱ་མའི་ནང་དུ་གླུ་བ་གླུ་མ་ལྷན་རྒྱས་ལ་གསོལ་སྟོན་བཤམས་པ།

  མགར་གྱི་སྦྲ་ནག་ཀ་བརྒྱ་མའི་ནང་དུ་ཕྱོགས་སོ་སོའི་གསར་འགོད་པར་གསོལ་སྟོན་བཤམས་པ།

ཕྱོགས་སོ་སོ་ནས་ཡོང་བའི་སྐུ་མགྲོན་རྣམས་གསོལ་སྟོན་ལ་རོལ་བ།

 ཕྱོགས་སོ་སོ་ནས་ཡོང་པའི་མགར་སྐོར་མི་སྣས་སྦྲ་ནག་ཀ་བརྒྱ་མའི་ནང་དུ་རྟེན་དང་ལེགས་སྐྱེས་འབུལ་བཞིན་པ།

 བཙན་པོའི་མགར་གྱི་དྲ་བ་ཤར་གཏོང་མཛད་སྒོ་སྤེལ་བའི་རྣམ་པ།

 མགར་གྱི་སྐྱ་སེར་ལྷན་འཛོམས།

                           མགར་གྱི་མི་བོ་ཆེ་ཨ་ཁུ་བྱམས་པ་མཐའ་ཡས།

 


མགར་གྱི་ཕུ་ནུ་ལྷན་འཛོམས་ཀྱི་མཉམ་པར།


                  རྨ་ཆུའི་མགར་ཨ་སངས་ལ་མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགོད་པས་བཅར་འདྲི་བྱེད་བཞིན་པ།
 
 
 
 

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41322595
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1