བསེ་ཚང་བློ་བཟང་དཔལ་ལྡན་གྱིས་དུས་འཁོར་དབང་ཆེན་གནང་བཞིན་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 7 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »བསེ་ཚང་བློ་བཟང་དཔལ་ལྡན་གྱིས་དུས་འཁོར་དབང་ཆེན་གནང་བཞིན་པ།
བསེ་ཚང་བློ་བཟང་དཔལ་ལྡན་གྱིས་དུས་འཁོར་དབང་ཆེན་གནང་བཞིན་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/6/20ལྟ་ཀློག (4000)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

    ༄༅།  །སྐྱབས་རྗེ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གིས་དེ་རིང་སྔ་དྲོ་ཆུ་ཚོད་༡༠་༣༠སྟེང་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་བཀྲ་ཤིས་སེམས་སྐྱིད་ཐང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་སྟ་གོན་གྱི་འགོ་བཟུང་སྟེ་རྒྱ་བོད་ཀྱི་དད་ལྡན་སློབ་འབངས་ཁྲི་སུམ་ཅུ་ལྷག་ལ་སྔོན་འགྲོའི་བཀའ་སློབ་གསུངས་དོན།སྤྱིར་བོད་གངས་ཅན་གྱི་ལྗོངས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དངོས་ཡིན་པ་མ་ཟད་བོད་མི་ནི་ཨ་མ་དང་མ་ཎིའི་མིང་ལྷན་དུ་ཤེས་པའི་ཆོས་ལ་དད་སེམས་ཆེ་ཞིང་རྒྱུད་ལ་སྙིང་རྗེ་ལྡན་པའི་མི་རིགས་སེམས་བཟང་གཞུང་དྲང་ཞིག་ཡིན།དེའི་ཕྱིར།བོད་མི་ཡོངས་ཀྱིས་དུས་རྒྱུན་འཚོ་བའི་ཁྲོད་མ་ཎི་ཡི་གེ་དྲུག་མ་ཆགས་མེད་དུ་འདོན་རྒྱུ་དང་དགེ་སྒྲུབ་སྡིག་སྤོང་གི་ཕྱོགས་ལ་གང་ཐུབ་ཅི་ཐུབ་རེ་བྱེད་རྒྱུ།དེ་མིན།བོད་མི་རིགས་ནང་ཁུལ་ལ་འཁྲུག་འཛིང་དང་།ནང་དམེ།རྐུན་ཇག་སོགས་བྱ་སྤྱོད་ངན་པའི་རིགས་མི་བྱེད་པར་རང་མི་རིགས་ཀྱི་བར་ལ་མཐུན་སྒྲིལ་དམ་པོ་བྱས་ཏེ་གཅིག་ཕན་གཅིག་གྲོགས་ཀྱི་ཕྱོགས་ལ་འབད་པ་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པ་དང་།བསླབ་པ་སློབ་གཉེར་གནང་མཁན་ཚོ་ཡིན་ནའང་སློབ་གཉེར་གྱི་ཕྱོགས་ལ་འབད་པ་ལྷོད་མེད་བྱེད་དགོས།གཞན་མི་རིགས་སུ་དང་སུ་ཡིན་རུང་མི་རིགས་ཕན་ཚུན་བར་མཐུན་སྒྲིལ་དང་ཕན་སེམས་འཛིན་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་སོགས་ཀྱི་བཀའ་སློབ་ཡུན་རིང་དུ་གནང་སྟེ་ཉིན་གུང་ཆུ་ཚོད་༡༢་༣༠སྟེང་དབང་སྟ་གོན་གྱི་མཇུག་ཡོངས་སུ་བསྒྲིལ།

 

     དེ་ནས་ཆུ་ཚོད་ཕྱེད་ཀའི་རྗེས་སུ་རྟགས་དང་རྟེན་འབྲེལ་འཛོམས་པའི་ཆར་བ་ངོ་མཚར་ལྡན་པ་ཞིག་བབས་སོང་།དད་ལྡན་སློབ་འབངས་ཡོངས་ཀྱིས་ཇི་འདྲའི་རྟགས་དང་རྟེན་འབྲེལ་འཛོམས་པའི་ཆར་བ་ཡག་པོ་ཞིག་བབས་སོང་ཞེས་བསྔགས་བརྗོད་མེ་ཏོག་གི་ཕྲེང་བ་མང་དུ་འཐོར་བཞིན་དགའ་དད་སྤྲོ་གསུམ་གྱིས་དད་གུས་མང་དུ་ཕུལ།

ཆོས་ལྡན་བོད་མིའི་དད་ཚོགས་ཀྱི་ཟུར་གཅིག


སྦྲ་གུར་མེ་ཏོག་གི་ཁྲ་ཚོམ།

བོད་ཆོས་ལྡན་གྱི་ཞིང་ཁམས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/6/28
བླ་མ་དང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།
 སྤེལ་མཁན:  སྤེལ་དུས:2013/6/20
སྐྱབས་སུ་མཆི།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41690597
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1