ང་བཟི་མོད། འོན་ཀྱང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »ང་བཟི་མོད། འོན་ཀྱང་།
ང་བཟི་མོད། འོན་ཀྱང་།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/6/21ལྟ་ཀློག (1890)རྩོམ་ཁུངས: པར་འདེབ།

                                                                                             ཀུན་ལྡན་འཚོ།

ནས་ཆང་ཤེལ་ཕོར་གང་བོ་འདིས།

ངའི་སེམས་ཀྱི་རྨ་ཁ་གཙང་སེལ་བྱས།

ངའི་སེམས་ཀྱི་འགྱོད་གདུང་དྭངས་པར་བྱས།

ང་གཏན་ནས་བཟི་མེད།

འོན་ཀྱང་། ངའི་ལུས་ཟུངས་སྔར་བཞིན་སྦྲིད་འདུག 

ངའི་མིག་ཆུ་ད་དུང་འཁྱིལ་འདུག

འཇིག་རྟེན་གྱི་གྲུ་ཟུར་ན། ཁ་ངོ་སྦགས་པའི་སློང་མོ་བ་དག་གིས།

ང་ལ་ཕྱག་འཚལ་བཞིན་མཐེ་བོང་སྒྲེང་།

དོན་ངོ་མ། ང་བཟི་མེད།

གནམ་ས་རྡིབ་ལ་ཉེ། གངས་རི་ཞུ་ལ་ཁད།

ངས་ད་དུང་།  ཅི་ཡང་བསྒྲུབས་མེད་ལ་ཅི་ཡང་རྙེད་མེད།

གཉིད་མ་སད་ཀྱིས།  གང་ལྟར་བཟི་མེད།

ངའི་སེམས་ནས། མེས་པོ་དག་འཁྲུངས་སའི་སྦྲ་ནག་སྨུག་པོ།

ཐག་རིང་ན་ཡོད་པ་ཐོས་བྱུང་།

དབྱངས་རྟ་སྙན་པའི་གསལ་བྱེད་སུམ་ཅུ།

མིག་མདུན་ན་ཡོད་པ་ཚོར་འདུག

འོན་ཀྱང་།  ངའི་དྲན་འཛིན་གྱི་མེ་ལོང་ངོས།

ཕྱི་ཡུལ་གྱི་འདམ་བུས་བརྫིས་སོང་།

དེའི་ཕྱིར།  ང་རང་བཟི་མི་རུང་། ཕུགས་མདུན་གྱི་ཀློང་ནས།

ངས་ནུས་པ་ཅི་ལྕོག་གིས་འབད་དགོས།

འཚོ་བ་ཡི་རྒྱབ་ནས།  ཅིས་ཀྱང་ཕ་རོལ་ལ་ཡིད་ཆེས་བྱེད་དགོས།

འོན་ཀྱང་།  ངའི་བསམ་གཞིགས་ཀྱི་སྣེ་མོ།

ལྕགས་ཁབ་ལ་འདྲེན་མ་ཐུབ།  ངའི་དོགས་སློང་བརྗེད་འདུག

གནམ་ས་འདིར།  ཉ་ཉོག་གི་མི་ཁ་རྒོད་པས།  ཨ་ཐང་ཆད་གི

རྐྱེན་འདིས།  ང་རང་བཟི་མེད་པ་སྟོན་ཐུབ།

ང་ལ་དུངས་རབས་དང་དྲན་རབས།  ཤ་ཉེ་ཚུལ་དང་ཤ་ཚ་ཚུལ།

མི་བུ་དེའི་ཁ་ནས་རྡོལ་བཞིན་ཡོད། 

ཡིན་ཡང་ངའི་སེམས་ནས་འཇིགས་སྣང་སྐྱེས།

ངའི་སྙིང་ཆུང་ལྡིང་ནས་མཚམས་མི་འཇོག

དོན་གྱིས།  ང་རང་བཟི་མེད་པ་ཚོར་འདུག

འཇིག་རྟེན་ན།  དགའ་ཞིང་སྤྲོ་བའི་གཏམ་རྒྱུད་མང་རུང་།

ང་ནི་གཤོག་པ་ཐོགས་མེད་པའི་ཉམ་ཆུང་གི་བྱེའུ་ཆུང་བཞིན།

ཁྱེད་ཀྱིས་བརྙས་ཏེ་རྨས་སྐྱོན་ཐེབས།

དེ་དུས།  ཁྱོད་ཀྱིས་མིག་མདའ་ཙམ་ཡང་མ་འཕང་།

མང་བོ་ཞིག་གི་རྐྱེན་གྱིས། ན་ཟུག་འདི་ཧ་ཅང་ལྕི་ཡང་།

ད་དུང་ཡང་།  ང་གཏན་ནས་བཟི་མི་རུང་།

ང་གཏན་དུ༼རྐང་ལམ་ཕྲ་མོ༽རུ་བསྐྱོད་དགོས།

འོན་ཀྱང་ང་ལ་གཞན་གྱི་བསླུ་བྲིད་ཐེབས་པས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmes བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42028687
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1