ཤིག་དང་དགེ་སློང་འཕྲད་པའི་བདེན་གཏམ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གནའ་གཏམ་དང་སྒྲུང་། »ཤིག་དང་དགེ་སློང་འཕྲད་པའི་བདེན་གཏམ།
ཤིག་དང་དགེ་སློང་འཕྲད་པའི་བདེན་གཏམ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/6/21ལྟ་ཀློག (1721)རྩོམ་ཁུངས: པར་འདེབ།

                                                                                                       ཨ་དཔལ་བཟང་།

     ན་མོ་གུ་རུ་རཏྣ་ཡ། དེ་ཡང་དགེ་སློང་ཞིག་གིས། ན་བཟའ་ཕུད་ཞོར་དུ། ཉིན་དང་མཚན་མི་འདུག དུས་ལ་སྔ་ཕྱི་མེད་པ་ཤིག་འདི་ཚོས་ཟ་ཟ་ནས་ཚོད་འཛིན་མེད་པ་འདྲེ་ཤིག ཟེར་བ་ལ།

    ཤིག་རྒན་ཞིག་ན་རེ། ཧ་ཧ། དགེ་སློང་འདི་ཚོས་དཀོར་ནག་ཟ་བ་ལ། ཚོད་འཛིན་མི་འདུག་ཉིན་མཚན་མེད་པར་རྒྱུགས། སྔ་ཕྱི་མི་འདུག་ཤིག་རྒན་ང་དང་འདྲ། ཟ་ཟ་དཀོར་ཟ་མ་ཤི་གསོན་འདྲེ་རེད། དཀོར་ནག་མི་

ནི་མི་སྐད་སྨྲ་ལ་ལྟོས། །ཟས་ཀྱི་ཕུད་ཟ་གོས་ཀྱི་ཕུད་གྱོན་ཞིང་། །འགྲོ་བའི་ཟའི་དགེ་སློང་ཡང་དག་ལ། དཀོར་ཤིག་ནག་ཟ་བའི་དཔེ་ཡང་མེད། ཟེར་ལ།

    དགེ་སློང་གིས། ལྟས་ངན་དུད་འགྲོའི་ནང་གི་ཐ་ཤལ་བ། འབུ་སྲིན་འདིས་གཙུག་རྒྱན་ཡིད་བཞིན་ནོར་བུ་ལ། །ལྟས་ངན་ཤིག་གིས་མཚང་དོན་བྱེད་པ་ལྟོས། །ཤིག་དང་འཇུ་བ་འདྲེ་རྒོད་དངོས་སུ་ཡིན། །ལུས་ཀྱི་ཡོད་མེད་མཉམ་བཞག་བྱེད་མི་བཅུག །ངག་གི་སྙིང་པོ་ཡང་དག་འདོན་མི་བཅུག །སེམས་ལ་ཏིང་འཛིན་འོད་གསལ་འཆར་མི་བཅུག །འདྲེ་ཤིག་ཟེར་དོན་དེ་ཡིན་ཤིག་རྒན་ཉོན། །མ་ཚད་ཤིག་གི་མཆུ་ནི་ལྕགས་ཁབ་འདྲ། །གཞན་ཁྲག་དྲོན་པོ་འཇུབ་པའི་འབྲས་བུ་ནོ། །ཕྱི་མར་བུ་ལོན་ལན་བརྒྱ་སོབ་རྒྱུ་མེད། །ཟེར་ལ།

   ཤིག་གིས། ཨ་ཧོ། ལས་ངན་དགེ་སློང་སྣང་བ་མཐོ། །འགྲོ་བའི་གཙུག་རྒྱན་ཡིན་བསམ་ང་རྒྱལ་ཆེ། །ཤིག་རྒན་ང་ནི་འདྲེ་མིན་ལྟས་ངན་མིན། །ཁྱོད་ཀྱི་སྦྱིན་བདག་ཐར་བ་མ་ཐོབ་པའི། །རིགས་ཀུན་ལན་ཆགས་བསྙེགས་ལ་དམྱལ་བ་ནས། །གཤིན་རྗེའི་རྒྱལ་བོས་མངགས་པའི་ཕོ་ཉ་ཡིན། །དགེ་སློང་ཁྱེད་ཀྱི་ཤ་ཁྲག་ལས་སྐྱེས་ཏེ། །ན་བཟའི་གསེབ་ནས་ཅི་བྱེད་བྱ་ར་བྱས། །བལྟད་མོ་མ་མཐོང་དགུ་མཐོང་དགེ་སློང་གསལ། །ཚུལ་གོས་གྱོན་ཡང་ཚུལ་མིན་སྤྱོད་པ་མང་། །ལུས་ཀྱི་མི་དགེ་གསུམ་དང་ངག་གི་ཡང་། །མི་དགེ་བཞི་དང་ཡིད་ཀྱི་གསུམ་པོ་ནི། །ཕྱོགས་གཅིག་སྤུངས་ན་རྒྱ་མཚོ་དཔག་ལ་འགྲན། །མ་ཤི་དགེ་སློང་གསོན་འདྲེ་ཟེར་བ་དེ། །ཤི་ན་སྡུག་གོ་བུ་ལོན་ཅང་མེད་དམ། །རང་སྐྱོན་མི་ཤེས་གཞན་སྐྱོན་བརྗོད་པ་ནི། །ཝ་དང་བུད་མེད་ཁ་ཤག་བཀྱེ་བ་འདྲ། །ང་ཡི་ཁྲག་དང་ཆུ་སེར་འཇུབ་པ་ལྟར། །ཁྱོད་ཀྱིས་ལོག་འཚོ་ལྔ་ཡི་ལྕགས་ཀྱི་མཆུས། །བསྣབ་སེམས་འཆང་ནས་གཞན་རྒྱུ་གང་དམར་བ། །ཡོན་བདག་རྣམས་ཀྱི་སྙིང་ནས་འཇུབ་པ་ཡིན། །རང་སྟེང་བདེ་སྡུག་ཅི་འབྱུང་མི་ཤེས་ཀྱང་། །གཞན་གྱི་སྡུག་བསྔལ་སྐྱོབ་སྐད་རྒྱུ་ཟས་ལེན། །རང་ཉིད་གར་སྐྱེ་ངེས་པར་མེད་བཞིན་དུ། །གཞན་རྣམས་ཕྱིར་མར་འདྲེན་པའི་ཁས་ལེན་དཔལ། །དེས་ན་ཁྱོད་ཀྱི་ཁ་ཟས་རྒྱབ་གོས་ཀུན། །དཀོར་ཟས་བུ་ལེན་མིན་པ་གཅིག་མེད་དོ། །ཐུགས་ལ་བྱམས་དང་སྙིང་རྗེ་ཚད་མེད་དང་། །བསྐྱེད་རིམ་རྫོགས་རིམ་འཁོར་གསུམ་ཡང་དག་གི། །བསྔོ་སྨོན་མི་བྱེད་ཆགས་སྡང་རྨོངས་གསུམ་གྱི། །ངང་ནས་གཞན་གྱི་མིག་སྔུན་ཚུལ་བཆོས་ཀྱིས། །ཤིང་ཁ་ཤོག་ལྕེས་པར་པུར་སྒྲ་སྒྲོགས་ཀྱང་། །འབྲས་བུ་མོ་གཤམ་བུ་དང་རུས་སྦལ་སྤུ། །དགེ་སློང་རང་གི་རང་ལ་དཔྱོད་དང་ཤེས། །ཚེ་འདིར་ཤིག་གིས་ཟོས་པ་མི་བཟོད་ན། །ཕྱི་མར་འོ་བརྒྱལ་དེ་བས་ཆེ་བ་ཡོད། །ཤིག་རྒན་ང་ནི་དུད་འགྲོ་འབུ་སྲིན་ནི། །ཡིན་ཀྱང་གསེར་ཁྲི་འཛིན་པའི་བླ་མ་ནས། །གྲྭ་ཆུང་གསར་ཞུགས་ཡན་ཆད་ང་ལ་འཇིགས། །འབུམ་སྡེས་བསྐོར་བའི་རྒྱལ་བོ་ཆེན་པོ་ནས། །བཙུན་མོ་བློན་པོ་སྤྲང་བོ་ཡན་ཆད་པོ། །ང་ལ་མི་འཇིགས་སུ་ཞིག་དམིགས་སུ་ཡོད། །གཅིག་བསད་བཅུ་དང་བརྒྱ་བསད་སྟོང་འཕེལ་བས། །ང་དང་ང་ཡི་འཁོར་ལ་ཟད་མཐས་མེད། །ཆུང་ཡང་བརྙས་བཅོས་མ་བྱེད་གླང་ཆེན་ཡང་། །ཙུག་གུས་བསད་པའི་གཏམ་རྒྱུད་མ་གོ་འམ། །ཟེར་ལ། །

  དགེ་སློང་འཇིགས་ཤིང་སྐྲག་སྟེ། །ཨ་ཧོ། གཤིན་རྗེའི་དབང་དུ་མ་གྱུར་གཅིག་ཀྱང་མེད། །དེ་ཡི་ཕོ་ཉ་ཡིན་ན་ཅི་གསུངས་ཉན། །སྔོན་གྱི་ལན་ཆགས་བསྙགས་ན་བཟོད་པར་བྱ། །ད་ནི་ཅི་བྱེད་དཀོར་ནི་མ་ཟ་བར། །ང་ལ་ཟ་རྒྱུ་གཞན་མེད་ཡོན་བདག་ཚོས། །འདུག་ཀྱང་མི་བཅུག་མ་སྦྱོན་ཐབས་མེད་ཟེར། །ད་ནི་ཅི་བྱེད་གཤིན་རྗེའི་ཕོ་ཉ་ལགས། །བློ་ཞིག་འདྲིའོ་ཅི་གསུངས་བདག་གི་ཉན། །ཟེར་ལ། ཤིག་གིས་ཨེ་མ། །དགེ་སློང་ཁྱེད་ཀྱིས་གཏམ་ཞོག་ཉོན་འདོད་ན། །འདི་ཕྱིར་ཕན་པའི་བསླབ་བྱ་ཡང་དག་སྟོན། །བླ་མ་སྤངས་ནས་དཔོན་པོ་བསྟེན་མི་ཉན། །དགེ་སྒྲུབ་སྤངས་ནས་ཁེ་ཚོང་བྱེད་མི་ཉན། །ཡི་དམ་སྤངས་ནས་འདྲེ་རིགས་མཆོད་མི་ཉན། །གཞན་ཕན་སྤངས་ནས་རང་འདོད་ཆེ་མི་ཉན། །ལོག་ལྟ་ཆེ་ཞིང་དད་པ་ཆུང་མི་ཉན། །ཤིག་རྒན་ང་ལ་རྭ་ཅོ་གཉིས་ལྡན་ལྟར། །བསྐྱེད་རིམ་རྫོགས་རིམ་རྒྱུན་དུ་འབྲལ་མེད་དགོས། །ཤིག་རྒན་ང་ལ་ཕྱག་དྲུག་ལྡན་པ་ལྟར། །ཕར་ཕྱིན་དྲུག་པོ་རྟག་ཏུ་ཚང་ཐབས་དགོས། །དཔེར་ན་ཤིག་ལ་སྙིང་རྗེས་ཁྲག་སྟེར་བ། །སྦྱིན་པའི་ཕར་རོལ་ཕྱིན་པ་ཡང་དག་ཡིན། །དེ་དུས་ཁོང་ཁྲོ་མེད་པ་ཚུལ་ཁྲིམས་ཡིན། །ཅི་ཙམ་ཟོས་ཀྱང་བཟོད་པའི་བཟོད་པ་ཡིན། །དེ་དུས་ཚ་གཟེར་ཡུན་བསྲིངས་བརྩོད་འགྲུས་ཡིན། །བསམ་པ་བདེ་སེམས་བརྩེ་གཅིག་བསམ་གཏན་ཡིན། །འཁོར་གསུམ་དམིགས་མེད་ཤེས་པ་ཤེས་རབ་ཡིན། །དེ་བཞིན་བྱ་བ་གང་དང་གང་ལ་ཡང་། །ཕར་ཕྱིན་དྲུག་དང་བཅུ་ཡང་ཚང་བས་རེམ། །ཤིག་གི་འཁོར་ཚོགས་དྲེ་མང་དཔེ་བཞིན་དུ། །ཁ་སེམས་ཁ་དོག་དཀར་པོའི་མདོག་ལྡན་ཏེ། །གོས་སྲུབ་བསམ་གཏན་ཁང་བའི་ནང་བཞུགས་ལ། །དམ་བཅའ་རྡོ་ཡི་ཀ་བ་བརྟན་པོ་རུ། །སེམས་ཀྱི་གླང་ཆེན་རང་དགར་ཡིན་པ་འདི། །བླ་མའི་མན་ངག་ཐག་པས་མ་བཅིངས་ན། །རྙེད་བཀུར་ནགས་ཁྲོད་རྒྱུ་ལ་ཅོག་ཤས་མེད། །ཐེག་མཆོག་རྫོགས་ཆེན་ལྟ་བའི་བདུད་རྩི་ལ། །ལོངས་སུ་སྤྱོད་དང་དེ་བས་གཞན་མི་དགོས། །ཤི་ཚེ་གཟུགས་ཕུང་འཇའ་འོད་དྭངས་བ་དང་། །སེམས་ཉིད་དཔའ་བོ་མཁའ་འགོས་མཁའ་སྤྱོད་བསུ། །དེ་དུས་ཤིག་དང་འཇུ་བ་སྲེ་མང་སོགས། །དགེ་སློང་ཁྱེད་ཀྱི་འཁོར་དུ་སྐྱེ་བ་ཡིན། །ད་ལྟ་ཡོན་བདག་ངོ་བསྲུང་བྱེད་མི་ཉན། །མི་ཚེ་སྟོང་ཟད་བུ་ལོན་ཤུགས་ཀྱིས་བསགས། །ཁ་ཟས་རྒྱབ་གོས་མེད་བསམ་འཚོར་མི་དགོས། །ཁྱིམ་པས་སེན་སྟེང་ས་ཞིང་རྨོང་ན་ཡང་། །དགེ་བྱེད་མུག་གྲིར་ཤི་བའི་གཏམ་མེད་ཅེས། །རྒྱལ་བ་བསྟན་པས་ཡང་ཡང་གསུངས་བ་སོགས། །སྔོན་བྱོན་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱིས་། །ལེན་མེད་དྲིན་མེད་སྤྲང་ཟས་ཁོ་ན་གསོལ། །སྔོན་ལྡུམ་བྱེ་མ་ཅུང་ཟད་བཅུད་ལེན་མཛད། །དེ་འདྲ་ཐུབ་ན་རབ་དང་མཆོག་ཡིན་ཀྱང་། །མ་ནུས་རྩམ་པ་བཅུད་ལེན་བྱེད་ཐུབ་སྟེ། །ཤ་མར་གང་བཟང་མ་དགོས་དགེ་སློང་ཟེར། །དོན་ལ་བྱ་བསམ་མ་མང་གཅིག་པུར་བསྡོད། །འགྲོ་བསམ་རྐང་པ་བརྡུང་ཞིང་ལས་བསམ་ན། །ལག་པ་དབྱུག་པས་བརྡུང་ལ་མཉམ་བཞག་མཛོད། །དེ་ལྟར་ཞུས་པ་ཉེས་ན་བཤགས་པ་འབུལ། །དགེ་བ་མཆིས་ན་འགྲོར་བསྔོ་སངས་རྒྱས་ཤོག །ཟེར་ལ། དགེ་སློང་གིས། །བླ་མ་བརྒྱ་ཡིས་བོན་གསུངས་ཀྱང་། །དེ་ལས་ཟབ་པ་ཅང་མེད་དོ། །ད་ནི་ཤིག་གིས་ཟོས་ཀྱང་སྲན། །ཕར་ཕྱིན་དྲུག་ལ་བསམ་བློ་གཏོང་། །ཡོན་བདག་ངོ་བསྲུང་མི་བྱེད་པར། །དབེན་པའི་རི་ལ་བསྒོམ་དུ་འགྲོ། །སེམས་ནི་ཐ་མལ་མི་གཏོང་བར། །འཁོར་གསུམ་དག་པས་ངང་དུ་བསྔོ། །ཟས་ལ་བཟང་ངན་མི་འཛིན་པར། །ལེན་མེད་དྲིན་མེད་སྤྲང་ཟས་ཟ། །གོས་དང་རྒྱན་ལ་མི་ཆགས་པར། །ཕྱགས་དར་ཁྲོད་ནས་གང་བྱུང་གྱོན། །གནས་གྲོགས་ཡོ་བྱད་མི་བསོགས་པར། །བྱ་བྲལ་སྤྱོད་པའི་རྗེས་སུ་འཇུག །དམ་བཅའ་གེགས་མེད་འགྲུབ་གྱུར་ཅིག །ཅེས་བརྗོད་དེ་ཤིག་དང་དགེ་སློང་གཉིས་འགྲིགས་སོ། 

རྣལ་འབྱོར་ངེས་དོན་མཐོང་བ་རང་གྲོལ་གྱིས་སྨན་ཁང་ལྷུན་གྲུབ་གླིང་ནས་སྐུ་གསུམ་བསྒྲུབ་པའི་ཐུན་གསང་དུ་དབྱར་ཉི་རིང་པོ་ཞིག་ལ་བྲིས་པའང་འགྲོ་ལ་དགེ་སེམས་སྐྱེ་པའི་རྒྱུར་གྱུར་ཅིག ཐ་ཚན་མུ་ཙུག་སྨར་རོ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15108104
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号