ཀ་རྩོམ་གླང་སྨྱོན་ས་སློག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ཀ་རྩོམ་གླང་སྨྱོན་ས་སློག
ཀ་རྩོམ་གླང་སྨྱོན་ས་སློག
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/6/29ལྟ་ཀློག (1636)རྩོམ་ཁུངས: པར་འདེབ།

འཇུ་སྐལ་བཟང་།


ཀ་ར་ཤ་སོགས་སྡེར་ཁ་བཤམས་པའི་འགྲམ། །


ཁ་སྤུའི་ནང་ལ་སྣུམ་ཞག་ཆགས་པ་དེ། ། 


ག་ཤེད་ཅིག་ནས་ཐོན་པ་མི་ཤེས་མོད། ། 


ང་ཚོའི་བོད་རིགས་ལས་བྱེད་ཅིག་དང་འདྲ། །


ཅ་ཅོའི་སྐད་རིགས་མང་པོ་ལྷན་ཅིག་འཆད། །


ཆ་བྱད་རྒྱ་བོད་འདྲེས་མ་མཉམ་དུ་གྱོན། །


ཇ་ཕུད་འོ་མ་ཅན་ལས་བཏུང་མེད་ཀྱང༌། །


ཉ་ཤ་མ་གཏོགས་ཟ་ལོབ་མེད་ཁུལ་བྱེད། །


ཏ་རིན་མི་ཆེན་དག་གི་བཤད་སྒྲོས་ཀྱིས། །


ཐ་སྙད་ཆེན་པོ་འགའ་ཞིག་ལབ་བཞིན་དུ། །

ད་དུང་མི་འགྲོ་ཕྱི་དལ་ཆེ་ལུགས་ལ། །


ན་ཆུང་བུ་མོ་ཞིག་ལ་དམིགས་པ་འདྲ། ། 


པ་ར་པི་རེའི་དུ་བ་འཐེན་ཞོར་དུ། །


ཕ་མ་སེམས་ཅན་ཟེར་ནས་ཆོས་ཀྱང་འཆད། །


བ་ལང་གྲངས་ཙམ་རྒྱ་ལ་བརྡ་མི་འཕྲོད། ། 


མཱ་མཱ་རི་ཐཱ་ཟེར་ནས་བོད་ལ་གཤེ། ། 


ཙ་མིན་ཀན་པུ་རྣམས་ཀྱི་གོ་ས་འདི། །


ཚ་པུ་ཏོ་ཞེས་ཡིན་མདོག་བྱེད་བཞིན་དུ། ། 


ཛེ་རེ་ཛོ་རེ་འབྲོག་པ་པུ་ཞིན་ཞེས། །


ཝ་མོ་དཔོན་ལ་བསྐོས་འདྲ་བྱེད་ནའང༌། །


ཞ་དང་ཞོར་ལ་ཀོ་དང་པགས་པ་ཉོ། །


ཟ་མ་ཤ་མར་ཅི་ལོན་གང་ལོན་བྱེད། ། 


འ་རོགས་འུ་གཉིས་ཚོང་ཞིག་ལབ་ཟེར་ཚེ། ། 


ཡ་མཚན་དེ་འདྲ་ཞིག་ཀྱང་མིན་ནམ་སྙམ། །


ར་ཁུ་མང་མང་འཐུང་ན་འདྲེ་དང་འདྲ། ། 


ལ་རྒྱ་མགོ་རྣ་འཆད་ཉིན་ལྷ་དང་འདྲ། ། 


ཤ་ལ་སྲེད་པ་ཆེ་བས་བོད་ཅིག་འདྲ། །


ས་ལ་ཙོག་མི་ཤེས་པས་རྒྱ་ཞིག་འདྲ། །


ཧ་ཧ་འབྲོག་པའི་བུ་འདི་ཁ་ལྕེ་བདེ། །


ཨ་ཕོ་ལས་བྱེད་རྣམ་པ་ཁོག་རྒྱ་ཡངས། །


ཧ་ཅང་ཐལ་བར་གྱུར་བའི་ཆ་ཡོད་ཀྱང༌། ། 


ཨ་རོགས་ཁྱེད་ཚོ་དགོངས་པ་ག་ལ་ཚོམས། །

                                                 <<གངས་འདབས་ཀྱི་སེམས།>>


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41554759
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1