དབྱངས་རྟ་ཁ་འཐོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »དབྱངས་རྟ་ཁ་འཐོར།
དབྱངས་རྟ་ཁ་འཐོར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/2ལྟ་ཀློག (1936)རྩོམ་ཁུངས: པར་འདེབ།

 
༼ རྩོམ་པ་པོ། རྣོ་གྲི།  ༼ རྩོམ་ཁུངས། ངེད་དྲ་བ།
 
 
ཆུ་བོའི་རླབས་ཀྱིས་རྩྭ་ལྗང་ལོ་མ་འཐུ། །
ཁུ་བྱུག་གྲེ་འགྱུར་ཕ་གི་ནགས་ན་གྲགས། །
སེམས་ཀྱི་ལོ་མ་འཐོར་སའི་རི་ལུང་ན། །
མེ་ཏོག་རྣ་རྒྱན་འདོགས་ལ་བྲེལ་བ་ཡིས། །
བྱིས་པ་དག་གིས་བྱིས་དུས་དྲན་དུ་བཅུག །
 
 
ཐ་སྙད་རྡོག་རེ་ཤེད་ཀྱིས་འགྲིལ་སྟངས་རེར། །
སེམས་ཀྱི་ཚོར་བ་སེམས་ཀྱི་རུས་ལ་ཟུག །
སྣང་ཤས་ཟླུམ་པོར་འཁྱིལ་བའི་མཛེས་ལྗོངས་ན། །
དབྱངས་ཀྱི་གོ་རིམ་ལྡེབ་ལ་བྲིས་ནས་གདའ། །
ཚོས་ཁ་ཡལ་བའི་མི་དག་རྡོག་བྲོ་རྒྱག །
 
 
ཟས་ཀྱིས་ཕོར་བ་ལྟོ་བའི་སྒང་ལ་འཇོག །
ནོར་གྱི་སླས་ར་རྩྭ་ལྡུམ་ལོ་མའི་ཁྱབ། །
ཐ་སྙད་མང་དག་མང་ཚོགས་ཁ་ན་རྒྱུག །
ཁ་དོག་མོག་པོ་ཁ་དོག་དཀར་པོ་ཞེས། །
ཆུ་མོའི་གཞུང་ན་བྱ་ཁྱུའི་སྐད་འབོད་རྒྱག །                

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xum1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41550518
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1