དགེ་ཆོས་དང་། བོད་ཀྱི་སྐུ་དྲག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »དགེ་ཆོས་དང་། བོད་ཀྱི་སྐུ་དྲག
དགེ་ཆོས་དང་། བོད་ཀྱི་སྐུ་དྲག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/3ལྟ་ཀློག (1889)རྩོམ་ཁུངས: པར་འདེབ།

 ༼  རྩོམ་པ་པོ། རྣོ་གྲི།  ༼  ཡོངས་ཁུངས། ངེད་དྲ་བ།

བདེན་ལུགས་སེམས་གཤིས་འཚོལ་བའི་རྒྱལ་ཁམས་པ། །

ཡ་གླིང་རྐང་པས་གཞལ་བའི་རྒྱང་བཞུད་པ། །

སྣ་ཚོགས་རིག་འཕྲུལ་འཛོམས་པའི་བྱེད་པོ་ཁྱེད། །

ས་སྒང་འདི་ཡི་སྐར་མ་འོད་ཆེན་ཡིན། །

 

ཨ་མདོའི་ཡུལ་ནས་རིག་པའི་རྩལ་ཁ་རྒྱས། །

དབུ་གཙང་ཡུལ་ནས་ལྟ་བའི་རང་གཤིས་རྙེད། །

ཤེས་རྨོངས་གཉིད་དུ་འཐོམ་པའི་གྲོང་གསེབ་ནས། །

ལྟ་བའི་རང་ཚུགས་འཛིན་པའི་དཔའ་བོ་ཡིན། །

 

རིགས་ལ་བཏགས་པའི་འཁྲེང་ཞེན་ཟླུམ་པོ་དེས། །

བལ་བོད་མཚམས་ནས་བོད་ལ་རྒྱང་ལྟ་བྱེད། །

ལྭ་རིང་གྱོན་པའི་རྐང་ཐང་ཡུལ་གྱལ་བ། །

སེམས་གཤིས་ལྕགས་ལས་གྲུབ་པའི་མི་བུ་ཡིན། །

 

ས་མཐའ་རིག་པས་བསྐོར་བའི་བསམ་གཞིག་ཁྲོད། །

རིགས་ཞེན་གསེར་གྱི་རི་མོ་མ་ནོག་མོད། །

བསམ་མེད་ཁོག་རུལ་སོང་བའི་མྱི་ཆེན་ཚོས། །

དབུ་ལ་ཞྭ་ནག་བཀབ་པའི་ཉེས་ཅན་ཡིན། །

 

གཡོ་ཅན་གདོན་གྱིས་བཟུང་བའི་ཡུལ་གྲུ་ན། །

རིག་པའི་གེ་སར་དགོད་པའི་ཁྱེའུ་ཆུང་ལ། །

ལྟས་ངན་འགོང་པོ་ཟེར་བའི་མིང་བཏགས་ནས། །

ལྕགས་མཁར་སྒོ་མེད་ནང་གི་བཙོན་པ་ཡིན། །

 

དྲང་བདེན་ཐིག་ལ་འདེབས་པའི་སྐྱེས་བུ་ཞིག །

འཁར་བ་ལག་ལ་ཐོགས་ནས་རྒྱལ་ཁམས་ཉུལ། །

དུས་ཀྱི་བདེན་པ་བརྡར་བའི་སོ་ཁ་ན། །

ཁ་ལས་རླུང་རྟ་དར་བའི་སྤྲང་པོ་ཡིན། །

 

གནས་ལུགས་དོན་གྱིས་མཐོང་བའི་དུས་མཐའ་ན། །

སྐུ་ཉིད་གཞན་དུ་ཕེབས་པའི་རྗེས་ཤུལ་ན། །

གཏམ་རྒྱུད་གསེར་གྱི་ཐང་མ་འོད་དུ་འཚེར། །

ཁྱེད་ནི་དུས་རབས་ཤིག་གི་མཁས་པ་ཡིན། །

                            ༡༡      ༢༠༡༣


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41563839
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1