ང་ཚོས་སྙན་ངག་འབྲི་ཆོག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ང་ཚོས་སྙན་ངག་འབྲི་ཆོག
ང་ཚོས་སྙན་ངག་འབྲི་ཆོག
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/7/3ལྟ་ཀློག (1999)རྩོམ་ཁུངས: པར་འདེབ།

                                                ཧོར་གཙང་འཇིགས་མེད།

རྐང་བ་མེད་པས་བགྲོད་ལམ་མི་རྙེད་ཅིང༌།།
ཨོང་ཏོ་མེད་པས་སྡོད་སྟངས་མི་ཤེས་པ།།
མྱ་ངན་མགོ་ལ་ཁུར་བའི་རིགས་མཐུན་ཚོ།།
སྐྱོ་སྐྱོ་མ་གནང་ཁྲག་གི་སྙན་ངག་འབྲི།།

བཙན་དུག་ནག་པོ་ཁྲག་ལ་མ་འདྲེས་ཤིང༌།།
ཡ་རབས་ཞེ་ས་ཁ་ལ་མ་བྱང་ཡང༌།།
འོ་མ་ལྟ་བུའི་སེམས་ཁམས་འུ་ཚོར་ཡོད།།
ཞིམ་མངར་མར་ལོ་ལྟ་བུའི་སྙན་ངག་འབྲི།།

འདྲེན་པའི་མགོ་བོ་ལྷ་ཡིས་མ་བྱིན་ཞིང༌།།
མཁོ་བའི་སྐྱོར་མ་སུ་ཡང་མ་རག་ཀྱང༌།།
བྱང་ཁོག་སྟོད་ན་སྐྱོ་སྡུག་ཁུར་དུ་ལྩི།།
ཁྲག་མཚོ་ལུད་པ་ལྟ་བུའི་སྙན་ངག་འབྲི།།

ལྟེ་བའི་རཀ་ཏ་འཕོས་པའི་གནས་ཡུལ་བརླག།
དྲོན་པོའི་བྱམས་བརྩེ་སྟེར་བའི་འཇུ་ཐག་བྲལ།།
འཚོ་བའི་དམིགས་ཡུལ་འཇའ་ལྟར་ཡལ་ན་ཡང༌།།
རང་སེམས་དྲོད་ཀྱིས་གསོ་བའི་སྙན་ངག་འབྲི།།

ངལ་ཅིང་དུབ་པས་གོམ་པའི་འདེགས་འཇོག་འཆོལ།།
བཀྲེས་ཤིང་ལྟོགས་པས་ཤ་ཟད་རུས་ལ་ཐུག།
ས་མཐའི་སུལ་དུ་འཚོ་ཐབས་བྲལ་ན་ཡང༌།།
ཕ་མའི་སེམས་ཁ་བདེ་བའི་སྙན་ངག་འབྲི།།

སྲིད་ཀྱི་གར་སྟེགས་ཡ་གིའི་དབྱིངས་ན་མཐོ།།
དབང་གི་རྒྱལ་བོ་རྟག་པའི་ཁྲི་ལ་བརྗིད།།
ནུས་མེད་ཞ་འཐེང་ལྟ་བུའི་རིགས་མཐུན་ཚོ།།
རྒུམ་ན་ཆོག་པ་བདག་མེད་སྙན་ངག་ཡིན།།

དབང་གི་ལྕགས་རི་མཐུག་པོའི་ཚུར་རོལ་ན།།
དངུལ་གྱི་མཛོད་ཁང་སྣུམ་པོའི་ཕ་རོལ་ཏུ།།
ཆེན་པོ་སུས་ཀྱང་སྙིང་བོ་མ་མཐོང་བ།།
གདུང་ཚོར་ནག་པོ་བཞུར་བའི་སྙན་ངག་ཡིན།།

རེ་བའི་ཤུགས་ཀྱིས་རྒྱ་མཚོའི་རླབས་ལྟར་སྐྱོམ།།
དུང་སྣང་སྐྱེན་པོས་ལོ་རྒྱུས་རྫ་གོག་སྐྱོར།།
ངོ་སོ་མེད་པའི་ངལ་དུབ་མཐའ་སྣེ་འདིར།།
ཆག་གྲུམ་སེམས་པ་སྦྱར་བའི་སྙན་ངག་འབྲི།།

མཁའ་ཡི་སྐར་ཚོགས་ཐང་གི་རྡོ་ལེབ་སོགས།།
ཆོས་ཉིད་བདག་པོ་མེད་པའི་གཤིས་ཉམས་འདི།།
སུས་ཀྱང་ཚོར་བའི་གྲོགས་སུ་སྦྲན་ཆོག་པས།།
འཇིགས་སྣང་མ་སྐྱེས་འདི་ལ་བདག་པོ་མེད།།

བྱང་གི་གྲང་རླུང་ལྷོ་ཡི་མཐའ་ན་རྩུབ།།
འུ་ཅག་གཅེར་བུའི་རིགས་འདི་ཤིན་ཏུ་གྲང༌།།
ཁ་ཡི་དུང་སོ་འཐམ་པའི་འདར་སིག་ངང༌།།
ཧྲུག་གྲུམ་སྙིང་རྩ་ཐོར་བའི་སྙན་ངག་འབྲི།།

བླ་མ་ཁྲི་ལ་རྩོད་པའི་ཡང་སྲིད་ཡོད།།
དཔོན་པོའི་དབང་ལ་བདག་པའི་མི་རྒྱུད་འདུག།
འུ་ཚོར་དབང་བ་སེམས་ཀྱི་སྐྱོ་སྡུག་ཡིན།།
ས་སྲོད་མུན་པ་ལྟ་བུའི་སྙན་ངག་འབྲི།།

ལུག་གི་མིག་ལ་ར་སྐྱེས་རྒྱ་བོར་སྣང༌།།
རང་གི་སེམས་ལ་གཡང་མོ་ལུག་ཆུང་སྟེ།།
ར་ལུག་གང་གི་གྲལ་དུ་མི་སྙོག་པ།།
འུ་ཚོས་ས་མཐའ་འདི་ནས་སྙན་ངག་འབྲི།།
         ༢༠༠༢ལོའི་ཟླ༡༢པའི་ཚེས༣༡ཉིན།
                                                                                   <<གདོན་འཕྲུལ་ལྟ་བུའི་བཟི་ཁ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41982714
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1