ཁོར་ཡུག་སྲུང་སྐྱོབ་རྒྱུན་ཤེས།༼ ལེའུ་བཞི་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »ཁོར་ཡུག་སྲུང་སྐྱོབ་རྒྱུན་ཤེས།༼ ལེའུ་བཞི་བ།
ཁོར་ཡུག་སྲུང་སྐྱོབ་རྒྱུན་ཤེས།༼ ལེའུ་བཞི་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/4ལྟ་ཀློག (3587)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

 

མཇུག་མཐའི་ཡུལ་ལྗོངས་གཙང་མའི་རེ་འབོད་སྐྱེ་བ་ལྔ་པའི་གཤོག་སྒྲ།

——ཁྲིམས་འགལ་གཏེར་སྔོག་ལ་གདོང་གཏད་ཀྱི་ཁྲིམས་ལུགས་ཤེས་བྱའི་ཀློག་དེབ། 

 

མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྷན་ཚོགས།




ལེའུ་བཞི་པ། ང་ཚོས་ཕ་གཞིས་སྲུང་བའི་ཐབས་ཚུལ།

ཡུལ་སྡེས་གཏེར་སྔོག་ལ་ཐད་རྒོལ་བྱེད་པའི་ཐབས་ལམ།



དང་པོ། རང་ཡུལ་ལ་འབྲེལ་ཡོད་ཀྱི་གཏེར་སྔོག་དོན་རྐྱེན་རྟོགས་ཐུབ་པ་མ་ཟད་ཧུར་བརྩོན་གྱིས་བྱེ་བྲག་གི་ཇུས་འགོད་བྱེད་པར་ཞུགས་ཐུབ་དགོས།



(གཅིག) དོན་འཕྲིན་ཤེས་རྟོགས་ཐོབ་པ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དོན་འཕྲིན་སྤྱི་བསྒྲགས་སྲོལ་ཡིག་དོན་ཚན་དགུ་པའི་གཏན་འབེབས་ལ། སྲིད་འཛིན་ལས་ཁུངས་ཀྱིས་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་གྱི་ཁེ་ཕན་དང་འབྲེལ་བའི་སྲིད་གཞུང་དོན་འཕྲིན་དག་རང་འགུལ་གྱིས་སྤྱི་བསྒྲགས་དགོས། དོན་ཚན་བཅུ་པར། རྫོང་ཡན་གྱི་རིམ་པ་སོ་སོའི་སྲིད་གཞུང་དང་དེའི་སྡེ་ཁག་གིས་གལ་ཆེན་གྱི་འཛུགས་སྐྲུན་ལས་ཚན་གི་ཆོག་མཆན་འགོད་པ་དང་ལག་བསྟར་བྱེད་ཚུལ་གནད་བཀར་ཏེ་སྤྱི་བསྒྲགས་བྱེད་དགོས། དོན་ཚན་བཅུ་གསུམ་པར། སྤྱི་དམངས་དང་ཁྲིམས་མིའམ་རྩ་འཛུགས་གཞན་གྱིས་རང་གི་ཐོན་སྐྱེད་དང་འཚོ་བ། ཚན་རིག་ཞིབ་འཇུག་སོགས་དམིགས་བསལ་གྱི་དགོས་མཁོ་དང་བསྟུན་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་དང་ས་གནས་རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་སྟེ་རྫོང་ཡན་གྱི་སྲིད་གཞུང་སྡེ་ཁག་ནས་འབྲེལ་ཡོད་ཀྱི་སྲིད་གཞུང་དོན་འཕྲིན་ཤེས་རྟོགས་ཐོབ་དགོས། ཡུལ་སྡེའི་མང་ཚོགས་ལ་རང་གི་ཁེ་ཕན་དང་འབྲེལ་བའི་གཏེར་རྫས་སྔོག་འདོན་བྱས་པ་དེ་དག་གོང་རིམ་གྱི་ཆོད་དོན་ལ་གཞི་འཛིན་ནས་འབྲེལ་ཡོད་ཀྱི་སྡེ་ཁག་སོ་སོར་དོན་འཕྲིན་སྤྱི་བསྒྲགས་བྱེད་པའི་རེ་ཞུའི་དབང་ཆ་ལྡན།

(གཉིས།) ཐབས་ཇུས་འགོད་པར་ཞུགས་པ།
ཡུལ་སྡེའི་ཁེ་ཕན་ལ་གནོད་འཚེ་ཡོང་ཉེན་གྱི་གཏེར་སྔོག་ལ། འཆར་འགོད་དང་ཆོག་མཆན་མ་ཐོབ་གོང་ནས་འབྲེལ་ཡོད་དོན་འཕྲིན་ལ་རྒྱུས་ལེན་དང་ཁྲིམས་མཐུན་གྱིས་འགོག་པའི་རེ་འབོད་གཏོང་ཆོག
རྒྱལ་སའི་ཐོན་ཁུངས་ཉན་དཔང་ཆོད་དོན་དོན་ཚན་བཅུ་གཉིས་པར། གཙོ་གཉེར་སྡེ་ཁག་གིས་གཏེར་རྫས་ཐོན་ཁུངས་འཆར་འགོད་
ལ་སྡེབ་སྒྲིག་དང་བཟོ་བཅོས་བྱས་ན་ཉན་དཔང་རྩ་འཛུགས་བྱེད་དགོས་ཞེས་དང་། དོན་ཚན་བཅུ་དགུ་པར། གཙོ་གཉེར་སྡེ་ཁག་གིས་
ས་རུག་ལས་ཚན་གྱི་སྐྱིན་ཚབ་ཚད་གཞི་དང་བདེ་འཇོག་འཆར་གཞིའམ་ཞིང་ས་མེད་པར་གཏོང་བའི་འཆར་གཞི་འགོད་དེ་ཆོག་
མཆན་ཞུ་བའི་སྔོན་ལ་ཡིག་ཐོག་ནས་དོ་བདག་པ་རྣམས་ལ་ཉན་དཔང་ཆོག་པའི་འཕྲིན་བརྡ་སྤྲད་དགོས། དོན་ཚན་བཞི་པར། གཙོ་
གཉེར་སྡེ་ཁག་གིས་ཉན་དཔང་རྩ་འཛུགས་བྱེད་པར་ངེས་པར་དུ་མངོན་གསལ་དང་འདྲ་སྙོམས། བདེན་དྲང་དང་དམངས་བདེའི་རྩ་
དོན་གཞིར་འཛིན་དགོས། དོན་ཚན་བཅུ་བཞི་པར། གཙོ་གཉེར་སྡེ་ཁག་གིས་བཏོན་པའི་ཆ་རྐྱེན་དང་མཐུན་པའི་སྤྱི་དམངས། ཁྲིམས་མི།
རྩ་འཛུགས་ཚང་མར་ཉན་དཔང་ཚོགས་འདུར་ཞུགས་པའི་རེ་བ་འཇོག་ཆོག་ལ། ཚབ་མི་འདེམས་མངགས་བྱས་ནས་ཉན་དཔང་ཚོགས་
འདུར་ཞུགས་ཆོག
ཡུལ་སྡེ་རང་གི་ཉེ་འགྲམ་ནས་གཏེར་རྫས་སྔོག་འདོན་གྱི་གནས་ཚུལ་བྱུང་དོགས་ཡོད་སྐབས། ཚབ་མི་འདེམས་མངགས་བྱེད་ནས་རྒྱལ་
སའི་ཐོན་ཁུངས་དོ་དམ་སྡེ་ཁག་ལ་འབྲེལ་གཏུག་བརྒྱུད་དེ་འབྲེལ་ཡོད་དོན་འཕྲིན་བསྡུ་རུག་དང་། ཕན་ཚུན་ཁེ་གནོད་འབྲེལ་བ་
གསལ་བཤད་དང་ཉན་དཔང་བྱེད་པའི་འདོད་མོས་བཏོན་པ་མ་ཟད། དེར་ལན་འདེབས་པའི་རེ་བ་འཇོག་ཆོག
གཏེར་སྔོག་ཆོག་ཡིག་གནང་མཁན་ལས་ཁུངས་རིམ་པ་ནི། ཁྱད་པར་ཅན་གྱི་གཏེར་རྫས་ཉུང་ཤས་སྔོག་འདོན་ཆོག་མཆན་ནི་རྒྱལ་ཁབ་
རིམ་པའི་རྒྱལ་ས་ཐོན་ཁུངས་དོ་དམ་སྡེ་ཁག་གིས་གནང་དགོས་པ་མ་གཏོགས། གཏེར་རྫས་མང་ཆེ་ཤོས་ཞིང་ཆེན་རིམ་པའི་རྒྱལ་ས་
ཐོན་ཁུངས་དོ་དམ་སྡེ་ཁག་གིས་གནང་ཆོག་ཅེས་འབྲེལ་ཡོད་བཅའ་ཁྲིམས་ནང་དུ་གཏན་དུ་ཕབ། དེ་བས་ཞིང་ཆེན་རིམ་པའི་རྒྱལ་ས་
ཐོན་ཁུངས་དོ་དམ་སྡེ་ཁག་གིས་ཡུལ་སྡེ་མང་ཚོགས་ཉན་དཔང་བྱ་བར་ཞུགས་པར་མཐོང་ཆེན་བྱེད་དགོས།
ཡུལ་སྡེ་མང་ཚོགས་རྒྱལ་ས་ཐོན་ཁུངས་དོ་དམ་སྡེ་ཁག་གིས་དཔང་ཡིག་གནང་བའི་བྱ་བར་ཞུགས་ཆོག་པ་མ་ཟད། གཏེར་སྔོག་ལས་
ཚན་གྱི་བྱེ་བྲག་ལ་དམིགས་ནས་ཁོར་ཡུག་འགལ་རྐྱེན་གདེང་འཇོག་བྱ་བར་ཡང་ཞུགས་ཆོག ཁོར་ཡུག་འགལ་རྐྱེན་གདེང་འཇོག་
བཅའ་ཁྲིམས་ཀྱི་དོན་ཚན་བཞི་པ་དང་། ཁོར་ཡུག་འགལ་རྐྱེན་གདེང་འཇོག་ལ་མང་ཚོགས་ཞུགས་པའི་གནས་སྐབས་བྱེད་ཐབས་ལྟར།
ཁོར་ཡུག་སྲུང་སྐྱོབ་བྱ་བར་མང་ཚོགས་ཞུགས་པར་སྐུལ་འདེད་གཏོང་བ་དང་། སྤྱི་དམངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དབང་ཆ་གཙོར་
བྱས་པའི་ཁེ་དབང་སྣ་ཚོགས་འགན་སྲུང་བྱེད་ཆེད། སྤྱི་དམངས་ཀྱིས་འཛུགས་སྐྲུན་ལས་ཚན་གྱིས་ཁོར་ཡུག་འགལ་རྐྱེན་གདེང་འཇོག་
བྱ་འགུལ་ལ་ཞུགས་ཆོག་པ་གཏན་འཁེལ་བྱས་ཡོད། དེ་བས་སྤྱི་དམངས་ཀྱིས་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འདྲི་ཤོག་
བརྟག་དཔྱད་དང་། བཞུགས་མོལ་ཚོགས་འདུ། དཔྱད་བསྡུར་ཚོགས་འདུ། ཉན་དཔང་གྲོས་མོལ་བཅས་བརྒྱུད་ནས། འཛུགས་སྐྲུན་ལས་
ཚན་གྱིས་ཁོར་ཡུག་འགལ་རྐྱེན་གདེང་འཇོག་བྱེད་པར་ལྟ་སྐུལ་དང་ལས་ཞུགས་བྱས་ནས་ཁོར་ཡུག་ཁེ་དབང་སྲུང་པའི་བསམ་འཆར་
འདོན་ཆོག དེ་འདྲ་བྱས་ན་འཛུགས་སྐྲུན་ལས་ཚན་དོན་འབབ་བྱེད་པར་བཀག་མ་ཐུབ་ཀྱང་། ཁྲིམས་མཐུན་གཏེར་སྔོག་གིས་ཁོར་ཡུག་
ལ་གཏོར་བརླག་དང་གནོད་འཚེ་ཐེབས་ཚད་ཇེ་ཉུང་དུ་གཏོང་ཐུབ། སྤྱི་དམངས་ཞུགས་པའི་ཆ་རྐྱེན་ཐོག་མ་ནི་སྤྱི་བསྒྲགས་ཡིན། དེ་
ཕྱིར་ཁོར་ཡུག་དོན་འཕྲིན་སྤྱི་བསྒྲགས་བྱེད་ཐབས་(ཚོད་ལྟ)དོན་ཚན་བཅུ་གཅིག་པའི་ནང་དུ་སྤྱི་བསྒྲགས་འོས་པའི་དོན་འཕྲིན་དོན་
ཚན་བཅུ་བདུན་དང་། ཁོར་ཡུག་འགལ་རྐྱེན་གདེང་འཇོག་ལ་མང་ཚོགས་ཞུགས་པའི་གནས་སྐབས་བྱེད་ཐབས་ནང་དུ་འཛུགས་སྐྲུན་
ལས་ཁུངས་དང་ཁོར་ཡུག་འགལ་རྐྱེན་གདེང་འཇོག་བྱེད་པའི་མངགས་བཅོལ་ལས་ཁུངས། ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་འགན་གཙོ་
སྡེ་ཁག་བཅས་ཀྱིས་ཐོག་མར་སྟབས་བདེའི་ངང་མང་ཚོགས་ཀྱིས་ཤེས་སླ་བའི་ཐབས་དང་བསྟུན་ནས་མང་ཚོགས་ལ་ཁོར་ཡུག་འགལ་
རྐྱེན་གདེང་འཇོག་སྐོར་གྱི་དོན་འཕྲིན་སྤྱི་བསྒྲགས་གཏོང་དགོས་པ་གཏན་དུ་ཕབ།

(ཀ)སྤྱི་བསྒྲགས་ཀྱི་དུས་ཚོད་དང་ནང་དོན།
ཐེངས་དང་པོའི་སྤྱི་བསྒྲགས་ནི་ཁོར་ཡུག་ཚོར་སྣང་ཆེ་བའི་ས་ཁུལ་(དཔེར་ན་མདོ་དབུས་མཐོ་སྒང་ལྟ་བུ)འཛུགས་སྐྲུན་གྱིས་ཁོར་ཡུག་
འགལ་རྐྱེན་སྙན་ཞུའི་ཡིག་ཆ་རྩོམ་སྒྲིག་བྱས་ཏེ། ཁོར་ཡུག་གནོད་འཚེ་གདེང་འཇོག་ལས་ཁུངས་གཏན་འཁེལ་བྱས་པའི་ཉིན་བདུན་གྱི་
ནང་ནས་མང་ཚོགས་ལ་སྤྱི་བསྒྲགས་གཏོང་རྒྱུ་ནི། ༡.འཛུགས་སྐྲུན་ལས་ཚན་གྱི་མིང་དང་གནད་བསྡུས། ༢.འཛུགས་སྐྲུན་ལས་ཁུངས་
དང་ཁོར་ཡུག་འགལ་རྐྱེན་གདེང་འཇོག་བྱེད་པའི་ལས་ཁུངས་ཀྱི་མིང་དང་འབྲེལ་བ་བྱེད་ཐབས། ༣.ཁོར་ཡུག་འགལ་རྐྱེན་གདེང་
འཇོག་བྱ་བའི་གོ་རིམ་དང་ལས་དོན་གྱི་ནང་དོན་གཙོ་བོ། ༤.སྤྱི་དམངས་ཀྱི་བསམ་འཆར་གཙོ་བོ་བསྡུ་རུག་དང་ཞུ་འདོན་བྱེད་ཚུལ།
ཐེངས་གཉིས་པའི་སྤྱི་བསྒྲགས་ནི་འཛུགས་སྐྲུན་ལས་ཁུངས་དང་ཁོར་ཡུག་འགལ་རྐྱེན་གདེང་འཇོག་ལས་ཁུངས་ཀྱིས་ཁོར་ཡུག་འགལ་
རྐྱེན་སྙན་ཞུའི་ཡིག་ཆ་བྲིས་རྗེས་དང་། ངེས་པར་དུ་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་གནང་བའམ་
ཡང་སྐྱར་ཞིབ་དཔྱད་མ་བྱས་པའི་གོང་དུ་བྱེད་དགོས། སྤྱི་བསྒྲགས་ཀྱི་ནང་དོན་ནི། ༡འཛུགས་སྐྲུན་ལས་ཚན་གྱི་གནས་ཚུལ་མདོར་
བསྡུས། ༢ལས་ཚན་གྱིས་ཁོར་ཡུག་ལ་འགལ་རྐྱེན་ཐེབས་སྲིད་པའི་གནས་ཚུལ་མདོར་བསྡུས། ༣ཁོར་ཡུག་ལ་འགལ་རྐྱེན་མི་འབྱུང་བའི་
སྔོན་འགོག་དང་འགལ་རྐྱེན་ཆུང་ཐབས་བྱ་བའི་ཐབས་ཇུས་དང་བཀོད་སྒྲིག་གི་རྩ་གནད། ༤ཁོར་ཡུག་འགལ་རྐྱེན་སྐོར་གྱི་སྙན་ཞུ་ཡིག་
ཆའི་ནང་དུ་བཏོན་པའི་བྱས་པའི་ཁོར་ཡུག་གནོད་འཚེ་གདེང་འཇོག་མཇུག་འབྲས་ཀྱི་རྩ་གནད། ༥སྤྱི་དམངས་ཀྱིས་ཁོར་ཡུག་འགལ་
རྐྱེན་སྐོར་གྱི་ཡིག་ཆ་ལྟ་ཀློག་དང་དོན་འཕྲིན་ཁ་སྣོན་གཏོང་ཐབས་དང་དུས་ཆད། ༦སྤྱི་དམངས་ཀྱི་བསམ་འཆར་བསྡུ་རུག་གི་ཁྱབ་
ཁོངས་དང་དོན་ཚན་གཙོ་བོ། བྱེ་བྲག་གི་སྒྲུབ་སྟངས་དང་དུས་ཚོད་བཅས་ཀྱི་ནང་དོན།

(ཁ།) དོན་འཕྲིན་སྤྱི་བསྒྲགས་བྱ་ཐབས།
སྤྱི་དམངས་ཀྱིས་གོ་སླ་བའི་གཤམ་གྱི་བྱེད་ཐབས་གཅིག་དང་འགའ་ཤས་ལ་བརྒྱུད་ནས་སྤྱི་བསྒྲགས་གཏོང་བ། ༡.འཛུགས་སྐྲུན་ལས་
ཚན་སྤེལ་གནས་ཀྱི་སྤྱིའི་འཕྲིན་ཟམ་ནས་ཁྱབ་བསྒྲགས་གཏོང་བ། ༢.སྤྱི་བསྒྲགས་དོན་འཕྲིན་ལ་འབྲེལ་ཡོད་ཡིག་ཆ་རིན་མེད་ཀྱིས་
འགྲེམ་སྤེལ་བྱ་རྒྱུ། ༣.གཞན་སྤྱི་དམངས་ཀྱིས་གནས་ཚུལ་ཤེས་ཐུབ་པའི་དོན་འཕྲིན་སྤྱི་བསྒྲགས་བྱེད་ཚུལ།(དཔེར་ན་གློག་དྲྭ་རུ་འབྲེལ་
བ་དང་། ཆེད་ཚན་གྱི་གློག་དྲྭ་བཟོ་བ་སོགས། ཁོར་ཡུག་འགལ་རྐྱེན་གདེང་འཇོག་ལ་མང་ཚོགས་ཞུགས་པའི་གནས་སྐབས་ཀྱི་བྱེད་
ཐབས་དོན་ཚན་བདུན་པ་དང་བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ལས།)

(ག) མངོན་གསལ་གྱིས་མང་ཚོགས་ཀྱི་བསམ་འཆར་བསྡུ་རུག་བྱེད་པའི་དུས་ཆད་དང་། ཁྱབ་ཁོངས། རེ་འདུན།
ཐེངས་དང་པོར་འཛུགས་སྐྲུན་སྡེ་ཁག་དང་དེས་མངགས་བཅོལ་བྱས་པའི་ཁོར་ཡུག་འགལ་རྐྱེན་གདེང་འཇོག་ལས་ཁུངས་ཀྱིས་མང་
ཚོགས་ཀྱི་བསམ་འཆར་བསྡུ་རུག་བྱ་དགོས། མང་ཚོགས་ཀྱི་བསམ་འཆར་བསྡུ་རུག་བྱེད་པའི་དུས་ཆད་ནི་ཉིན་བཅུ་ལས་ཉུང་མི་ཆོག་པ་
མ་ཟད། དོན་འཕྲིན་སྤྱི་བསྒྲགས་བྱས་པའི་དུས་ཆད་ནང་གནས་ཚུལ་ཚང་མ་ཀུན་གྱིས་ཤེས་ཐུབ་པ་དགོས། ཁོར་ཡུག་འགལ་རྐྱེན་གྱི་
སྙན་ཞུ་ཡིག་ཆ་ཆོག་མཆན་དང་སྐྱར་དཔྱད་མ་བྱས་པའི་སྔོན་དུ། བསམ་འཆར་གྲོས་ཐག་བཅད་པའི་ནང་དོན་མང་ཚོགས་ལ་ཕྱིར་
འདོན་བྱེད་དགོས།
ཐེངས་གཉིས་པར་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཁོར་ཡུག་འགལ་རྐྱེན་གདེང་འཇོག་ཡིག་ཆ་བསྡུ་རུག་
བྱས་ནས། ཁྲོམ་བསྒྲགས་ཀྱི་དུས་ཚོད་ཉིན་བཅུ་ལས་ཉུང་མི་ཆོག་པ་མ་ཟད། ཁྲོམ་བསྒྲགས་དོན་འཕྲིན་དེ་དཔྱད་ཞིབ་དང་ཆོག་མཆན་
འགོད་པའི་དུས་ཚོད་ནང་དུ་གནས་ཚུལ་ཚང་མ་མངོན་གསལ་གྱི་ཚུལ་དུ་གནས་དགོས། མང་ཚོགས་ཀྱིས་བསམ་འཆར་ཆེ་བའི་
འཛུགས་སྐྲུན་ལས་ཚན་དེ་དག་ལ། མང་ཚོགས་བསམ་འཆར་བསྡུ་ལེན་དང་། ཆེད་གཉེར་མཁས་པར་བློ་འདྲི་བ། བཞུགས་མོལ་ཚོགས་
འདུ་བསྡུ་བ་བཅས་ཀྱི་ཐབས་ལ་བརྒྱུད་ནས་ཡང་སྐྱར་དུ་མང་ཚོགས་གི་བསམ་འཆར་བསྡུ་རུག་བྱ་དགོས། བསམ་འཆར་བསྡུ་རུག་བྱ་
ཡུལ་གྱི་མང་ཚོགས་ལ་ངེས་པར་དུ་འཛུགས་སྐྲུན་ལས་ཚན་ལ་འབྲེལ་བ་ཡོད་པའི་སྤྱི་དམངས་དང་། ཁྲིམས་མིའམ་རྩ་འཛུགས་གཞན་
པའི་འཐུས་ཚབ་བཅས་འདུས་དགོས། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ངེས་པར་དུ་ཆོག་མཆན་འགོད་པ་དང་སྐྱར་དཔྱད་བྱས་པའི་
མཇུག་འབྲས་ཁྲོམ་བསྒྲགས་བྱེད་དགོས་པ་དང་། མང་ཚོགས་ཀྱིས་ཡིག་ཐོག་ནས་བསམ་འཆར་འདོན་དགོས། འཛུགས་སྐྲུན་ལས་ཁུངས་
དང་ཁོར་ཡུག་འགལ་རྐྱེན་གདེང་འཇོག་ལས་ཁུངས་ཀྱིས་མང་ཚོགས་ཀྱི་བསམ་འཆར་ལ་ངེས་པར་དུ་གཞིགས་དགོས་ལ། དཔྱད་ཞིབ་
ཡིག་ཆའི་ནང་དུ་དང་ལེན་བྱས་མིན་གྱི་རྒྱུ་རྐྱེན་ཁ་གསལ་བྱ་དགོས། ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་སྡེ་ཁག་གིས་ཆེད་གཉེར་མཁས་པ་
རྩ་འཛུགས་བྱས་ནས། ཁོར་ཡུག་འགལ་རྐྱེན་སྙན་ཞུ་ནང་དུ་མང་ཚོགས་ཀྱི་བསམ་འཆར་དང་ལེན་བྱེད་མིན་རྒྱུ་རྐྱེན་ལ་དག་གཤེར་
བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཆེད་གཉེར་མཁས་པའི་བསམ་འཆར་ཞིབ་མོར་གཞིག་
དགོས།(ཁོར་ཡུག་འགལ་རྐྱེན་གདེང་འཇོག་ལ་མང་ཚོགས་ཞུགས་པའི་གནས་སྐབས་ཀྱི་བྱེད་ཐབས་ཀྱི་དོན་ཚན་བཅུ་གཉིས་པ་དང་།
བཅུ་གསུམ་པ། བཅུ་བཞི་པ། བཅོ་ལྔ་པ། བཅུ་བདུན་པ་བཅས་ལས།)

(ང་།)བསམ་འཆར་བསྡུ་ལེན་བྱེད་ཐབས།
༡མང་ཚོགས་ཀྱི་བསམ་འཆར་ཞིབ་དཔྱད་དང་ཆེད་གཉེར་མཁས་པར་བློ་འདྲི་བ།
འཛུགས་སྐྲུན་ལས་ཁུངས་དང་ཁོར་ཡུག་འགལ་རྐྱེན་གདེང་འཇོག་བྱ་བའི་ལས་ཁུངས་ཀྱིས་མང་ཚོགས་ཀྱི་བསམ་འཆར་ཞིབ་གཤེར་
བྱེད་པར་འདྲི་ཤོག་བཀྲམ་པ་སོགས་ཀྱི་ཐབས་ཤེས་བཀོལ་ཆོག། འདྲི་ཤོག་བཀྲམ་པའི་ཁྱབ་ཁོངས་ནི་འཛུགས་སྐྲུན་ལས་ཚན་གྱིས་
འགལ་རྐྱེན་ཐེབས་པའི་ཁྱབ་ཁོངས་དང་མཐུན་པར་བྱ་དགོས་ལ། ཁོར་ཡུག་འགལ་རྐྱེན་གདེང་འཇོག་ཡིག་ཆ་རྩོམ་སྒྲིག་བྱེད་པའི་གོ་
རིམ་ཁྲོད་ནས་བཟང་འགྲུབ་བྱ་དགོས། ཆེད་གཉེར་མཁས་པར་བློ་འདྲི་བའི་ཚུལ་ནི་ཡིག་ཐོག་དང་དེ་མིན་གང་རིགས་བྱེད་ཆོག བློ་འདྲི་
སའི་ཆེད་གཉེར་མཁས་པས་ཡིག་ཐོག་ནས་བསམ་འཆར་གསལ་པོར་བཀོད་དེ་ཕྱིར་འདོན་བྱེད་དགོས།(ཁོར་ཡུག་འགལ་རྐྱེན་གདེང་
འཇོག་ལ་མང་ཚོགས་ཞུགས་པའི་གནས་སྐབས་ཀྱི་བྱེད་ཐབས་ཀྱི་དོན་ཚན་བཅུ་དགུ་པ་དང་ཉི་ཤུ་པ་ལས།)

༢བཞུགས་མོལ་ཚོགས་འདུ་དང་དཔྱད་སྡུར་ཚོགས་འདུ།
འཛུགས་སྐྲུན་ལས་ཁུངས་དང་ཁོར་ཡུག་འགལ་རྐྱེན་གདེང་འཇོག་ལས་ཁུངས་ཀྱིས་བཞུགས་མོལ་ཚོགས་འདུ་དང་དཔྱད་སྡུར་ཚོགས་
འདུ་བཅས་ཀྱི་ཚུལ་གྱིས་མང་ཚོགས་ཀྱི་བསམ་འཆར་བསྡུ་རུག་བྱེད་དགོས། ཚོགས་འདུ་དེ་དག་མ་འཚོགས་གོང་གི་ཉིན་བདུན་སྔོན་
ནས་ཚོགས་འདུ་འཚོགས་པའི་གནས་དང་དུས་ཚོད། ཚོགས་འདུའི་སྙིང་དོན་བཅས་ཀྱི་དོན་ཚན་ཚང་མ་ཡིག་ཐོག་ཏུ་བཀོད་ནས།
འབྲེལ་ཡོད་ཀྱི་ལས་ཁུངས་དང་མི་སྒེར་ལ་བརྡ་འཕྲིན་སྤྲད་དགོས། ཚོགས་འདུ་གྲོལ་རྗེས་ཉིན་ལྔའི་ནང་དུ་ཚོགས་འདུའི་ཟིན་བྲིས་ལ་
བསྟུན་ནས་བཞུགས་མོལ་ཚོགས་འདུའི་སྙིང་དོན་དང་དཔྱད་སྡུར་གྱི་མཇུག་འབྲས་དག་སྒྲིག་བྱེད་དགོས། (ཁོར་ཡུག་འགལ་རྐྱེན་
གདེང་འཇོག་ལ་མང་ཚོགས་ཞུགས་པའི་གནས་སྐབས་ཀྱི་བྱེད་ཐབས་ཀྱི་དོན་ཚན་ཉེར་གཅིག་པ་དང་། ཉེར་གཉིས་པ། ཉེར་གསུམ་པ་
ལས།)

༣ཉན་དཔང་ཚོགས་འདུ།
འཛུགས་སྐྲུན་ལས་ཁུངས་དང་ཁོར་ཡུག་འགལ་རྐྱེན་གདེང་འཇོག་ལས་ཁུངས་ཀྱིས་ཉན་དཔང་ཚོགས་འདུ་ལ་བསྟུན་ནས་མང་ཚོགས་
ཀྱི་བསམ་འཆར་བསྡུ་རུག་དགོས། ཉན་དཔང་ཚོགས་འདུ་མ་འཚོགས་གོང་གི་ཉིན་བཅུའི་སྔོན་ནས། འཛུགས་སྐྲུན་ལས་ཚན་ཀྱིས་
གནོད་སྐྱོན་ཐེབས་སྲིད་པའི་ཁྱབ་ཁོངས་དེའི་མང་ཚོགས་ཀྱིས་ཤེས་ཐབས་གང་རུང་སྒོས། དུས་ཚོད། ས་ཆ། ཉན་དཔང་བྱ་བའི་དོན་
ཚན། ཐོ་འགོད་བྱ་ཐབས་བཅས་ཁྲོམ་བསྒྲགས་བྱེད་དགོས། ཉན་དཔང་དུ་ཞུགས་བསམ་པའི་མང་ཚོགས་ཀྱིས་ཁྲོམ་བསྒྲགས་བྱས་པ་
བཞིན་དུ་ཚོགས་ཞུགས་རེ་འདུན་འདོན་ཆོག་པ་དང་། རང་གི་བསམ་འཆར་ཡང་ཕྱིར་འདོན་བྱེད་ཆོག ཉན་དཔང་ཚོགས་འདུ་རྩ་
འཛུགས་བྱེད་མཁན་གྱིས་ཚོགས་ཞུགས་རེ་ཞུ་ཡོད་པའི་མང་ཚོགས་ནང་ནས་འཐུས་ཚབ་བདམས་ནས་ཉན་དཔང་ཚོགས་འདུ་མ་
འཚོགས་གོང་གི་ཉིན་ལྔའི་སྔོན་དུ་ཚོགས་ཞུགས་བརྡ་སྦྱོར་གཏོང་ཐུབ་དགོས། ཚོགས་འདུ་རྩ་འཛུགས་པས་བདམས་པའི་ཚོགས་ཞུགས་
སྐུ་ཚབ་མི་གྲངས་བཅོ་ལྔ་ལས་ཉུང་མི་ཆོག ཉན་དཔང་ཚོགས་འདུ་བསྡུ་བ་ངེས་པར་དུ་མངོན་གསལ་ཡིན་དགོས། ཟུར་ཞུགས་མི་སྣ་མི་
གྲངས་བཅོ་ལྔ་ལས་ཉུང་མི་ཆོག ཟུར་ཞུགས་མི་སྣས་ཚོགས་འདུ་ཐོག་ཏུ་བསམ་འཆར་བཤད་མི་ཆོག་ཀྱང་ཡི་ཐོག་ཏུ་བསམ་འཆར་
འདོན་ཆོག(ཁོར་ཡུག་འགལ་རྐྱེན་གདེང་འཇོག་ལ་མང་ཚོགས་ཞུགས་པའི་གནས་སྐབས་ཀྱི་བྱེད་ཐབས་ཀྱི་དོན་ཚན་ཉེར་བཞི་པ་དང་།
དོན་ཚན་ཉེར་ལྔ། དོན་ཚན་ཉེར་བརྒྱད་པ་ལས།)

གསལ་འདེབས།
འཛུགས་སྐྲུན་ལས་ཚན་གྱི་ཁོར་ཡུག་འགལ་རྐྱེན་གདེང་འཇོག་བྱ་བར་སྤྱི་དམངས་ཞུགས་ཆོག་པ་མ་ཟད། ཁོར་ཡུག་འགལ་རྐྱེན་གདེང་
འཇོག་བཅའ་ཁྲིམས་ལྟར། སྤྱི་དམངས་ཀྱིས་ད་དུང་བཟོ་ལས་དང་། ཞིང་ལས། ཕྱུགས་ལས། ནགས་ལས། ནུས་ཁུངས། ཆུ་བེད། འགྲིམ་
འགྲུལ། གྲོང་ཁྱེར་འཛུགས་སྐྲུན། ཡུལ་སྐོར། རང་བྱུང་ཐོན་ཁུངས་སྔོག་འདོན་བྱེད་པ་བཅས་ཆེད་ལས་འཆར་འགོད་ཀྱི་ཁོར་ཡུག་འགལ་
རྐྱེན་གདེང་འཇོག་བྱ་བའི་ཁྲོད་དུའང་ཞུགས་ཆོག །

(གསུམ།) ཐད་ཀར་ཁེ་ཕན་ལ་དམིགས་པ།
གལ་སྲིད་གཏེར་རྫས་སྔོག་པས་ས་ཁུལ་དེའི་ཞིང་ས་དང་། རྩྭ་ས། ནགས་ཁུལ་བཅས་བེད་སྤྱོད་བྱེད་དགོས་ན། ཡུལ་སྡེས་ས་གཞི་དོ་དམ་
བཅའ་ཁྲིམས་དང་རྩྭ་སའི་བཅའ་ཁྲིམས། ནགས་ཚལ་བཅའ་ཁྲིམས་བཅས་ལ་བསྟུན་ནས། རང་འགུལ་གྱིས་རང་གི་ཁེ་ཕན་ལ་དམིགས་
ནས་བློ་བབ་མི་བྱེད་པའི་དབང་ཆ་ཡོད་ལ་ཡང་ན་འོས་འཚམས་ཀྱི་སྐྱིན་ཚབ་སྤྲད་དགོས་པའི་རེ་བ་འདོན་ཆོག ས་གཞི་དོ་དམ་བཅའ་
ཁྲིམས་ནང་དུ་ཞིང་ས་རུ་རང་འདོད་ཀྱིས་རྡོ་རློག་པ་དང་། གཏེར་རྫས་སྔོག་འདོན་བྱེད་མི་ཆོག་པ་གཏན་འབེབས་བྱས་ཡོད། རྩྭ་སའི་
བཅའ་ཁྲིམས་ནང་དུ། རྩྭ་ས་ནས་གཏེར་རྫས་སྔོག་འདོན་བྱེད་དགོས་ན། ཐོག་མར་རྩྭ་ས་བདག་སྐྱོང་དང་བེད་སྤྱོད་བྱེད་མཁན་གྱི་
འདོད་མོས་ལ་བསྟུན་དགོས་པ་གཏན་འབེབས་བྱས་པ་དང་། ནགས་ཚལ་བཅའ་ཁྲིམས་ནང་དུ་གཏེར་རྫས་སྔོག་འདོན་དང་འཚོལ་
ཞིབ་བྱེད་པའམ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བའི་སྐབས་སུ་ནགས་ས་མི་བཟུང་བ་དང་ཡང་ན་ཉུང་ཙམ་ལས་མི་བཟུང་བའི་གཏན་
འབེབས་བྱས་ཡོད།

གཉིས་པ། ཁྲིམས་དང་བསྟུན་ནས་ཁྲིམས་འགལ་གཏེར་སྔོག་བཀག་འགོག་བྱ་དགོས།
(གཅིག)ཁྲིམས་དང་མཐུན་པའི་གཏེར་སྔོག་བྱ་བར་ཚང་དགོས་པའི་ཆ་རྐྱེན།
གཅིག་ནི་ངེས་པར་དུ་ཁྲིམས་ལྟར་བཙུགས་ཏེ་གཏེར་ཁ་སྔོག་པའི་ཐོབ་ཐང་ལྡན་པའི་ཁེ་ལས་ཡིན་དགོས། (གཏེར་རྫས་ཐོན་ཁུངས་
བཅའ་ཁྲིམས་ཀྱི་དོན་ཚན་བཅོ་ལྔ་པར།) གཏེར་ཁའི་འཚོལ་ཞིབ་དང་སྔོག་འདོན་བྱེད་པར་ཁྲིམས་ཀྱིས་བཏོན་པའི་ཐོབ་ཐང་ཆ་རྐྱེན་
དང་མཐུན་དགོས་པ་དང་། ཁྲིམས་ལྟར་ཐོ་འགོད་བྱས་ནས་གཏེར་ལས་ཀྱི་དབང་ཆ་ཐོབ་དགོས།(གཏེར་རྫས་ཐོན་ཁུངས་སྔོག་འདོན་
ཐོ་འགོད་དོ་དམ་བྱེད་ཐབས་ཀྱི་དོན་ཚན་དགུ་པར།)མི་སྒེར་གྱིས་ཐར་ཐོར་གྲངས་ཉུང་གི་ཐོན་ཁུངས་སྔོག་འདོན་དང་དཀྱུས་མའི་
ཨར་ལས་རྒྱུ་ཆའི་ས་བྱེ་རྡོ་གསུམ་དང་འཚོ་བའི་དགོས་མཁོར་འཚམ་པའི་གཏེར་རྫས་སྔོག་འདོན་ཙམ་ཆོག་ལ། ཁེ་ལས་ཀྱིས་གཏེར་
སྔོག་བྱས་ན་རྒྱལ་ས་ཐོན་ཁུངས་སྡེ་ཁག་གིས་ཆོག་མཆན་གནང་དགོས།(གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས་ཀྱི་དོན་ཚན་སོར་ལྔ་པ་
ལས།)
གཉིས་ནི་གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས་ལག་བསྟར་ཞིབ་ཕྲའི་སྒྲིག་སྲོལ་དང་གཏེར་སྔོག་ཐོ་འགོད་དོ་དམ་བྱེད་ཐབས་ལ་བསྟུན་
ནས་འབྲེལ་ཡོད་ཀྱི་རྒྱལ་ས་ཐོན་ཁུངས་ལས་ཁུངས་ལ་རེ་འདུན་ཞུས་ཏེ་གཏེར་སྔོག་ཆོག་ཡིག་ལེན་དགོས།(གཏེར་སྔོག་བཅའ་ཁྲིམས་
དོན་ཚན་བཅུ་དྲུག་པ་ལས།)
རྒྱལ་ཁབ་ཀྱིས་འཆར་བཀོད་གཏེར་ཁུལ་དང་། རིན་འགངས་ཆེ་བའི་གཏེར་རྫས་ཐོན་ཁུངས་དང་། བུངས་ཚད་ཆེན་མོ་ཡན་གྱི་གཏེར་
རྫས་ཐོན་ཁུངས། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་རང་བཞིན་གྱིས་གཏེར་དུ་འདོན་པའི་དམིགས་སུ་བཙུགས་པའི་གཏེར་རིགས་ནི་ངེས་པར་
དུ་ཀྲུང་དབྱང་གི་རྒྱལ་ས་ཐོན་ཁུངས་པུའུ་ཡིས་ཆོག་མཆན་གནང་དགོས། དེ་མིན་ཚང་མ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་
གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱལ་ས་ཐོན་ཁུངས་དོ་དམ་སྡེ་ཁག་ཡིས་ཆོག་ཡིག་སྤྲད་དགོས། གཏེར་སྔོག་ཆོག་ཡིག་
གནང་བར་ངེས་པར་དུ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་། རྒྱལ་ཁབ། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་གཏེར་རྫས་ཐོན་ཁུངས་བེད་སྤྱོད་
འཆར་འགོད་དང་ཆ་མཐུན་ཡིན་དགོས། གཏེར་སྔོག་བཀག་སྡོམ་གྱི་ས་ཁུལ་དུ་གཏེར་སྔོག་ཆོག་ཡིག་སྤྲོད་མི་ཆོག(གཏེར་རྫས་ཐོན་
ཁུངས་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་དྲུག་པ་དང་། བཅུ་བདུན་པ་ལས།)
གསུམ་ནི་རྒྱུ་དབང་བཅའ་ཁྲིམས་དང་ས་གཞི་དོ་དམ་བཅའ་ཁྲིམས། ས་གཞི་དོ་དམ་བཅའ་ཁྲིམས་ལག་བསྟར་ཞིབ་ཕྲའི་སྒྲིག་སྲོལ་
བཅས་ལ་བསྟུན་ནས་རྒྱལ་ས་ཐོན་ཁུངས་ལས་ཁུངས་ལ་ས་གཞི་བེད་སྤྱོད་དབང་ཆའི་དཔང་ཡིག་གནང་བའི་རེ་འདུན་ཞུ་དགོས།
གཏེར་སྔོག་དཔང་ཡིག་ཐོབ་རྗེས་རྒྱལ་ས་ཐོན་ཁུངས་སྡེ་ཁག་ལ་ས་གཞི་བེད་དབང་གི་རེ་འདུན་ཞུ་དགོས། གལ་སྲིད་གཏེར་ཁུལ་གྱི་ས་
གཞི་ནི་རྒྱལ་དབང་ས་གཞི་ཡིན་ན། གཏེར་སྔོག་དབང་ཆ་ཐོབ་རྗེས་ངེས་པར་དུ་རྒྱལ་ས་དོ་དམ་སྡེ་ཁག་ནས་འཛུགས་སྐྲུན་སྤེལ་ས་ཐོབ་
པའི་ལག་ཁྱེར་ལེན་དགོས།(ས་གཞི་དོ་དམ་བཅའ་ཁྲིམས་ཀྱི་དོན་ཚན་བཞི་པའི་ཚན་པ་གཉིས་པ་དང་། དོན་ཚན་ཞེ་གསུམ་པ། དོན་
ཚན་ཉེར་གཉིས་པ་དང་ཉེར་གསུམ་པ་ལས།) གལ་སྲིད་གཏེར་ཁུལ་ས་གཞི་ཐུན་མོང་ལ་དབང་བ་ཡིན་ན། རྒྱལ་སའི་སྡེ་ཁག་གིས་ཐུན་
མོང་ས་གཞི་གཞུང་བཀོལ་བྱེད་པ་དང་། རྒྱལ་སའི་སྡེ་ཁག་གིས་ཁྲིམས་ལུགས་གཏན་འབེབས་ལྟར་ས་གཞི་གཞུང་བཀོལ་གྱི་གོ་རིམ་
བརྒྱུད་དགོས་ཏེ། ས་གཞི་གཞུང་བཀོལ་གྱི་ཐབས་ཤེས་དང་བརྡ་སྦྱོར་ཁྱབ་བསྒྲགས་བཏང་བ། ཐུན་མོང་ས་གཞིའི་བདག་པོའམ་ས་ཞིང་
མཁོ་སྤྱད་ནས་ཕན་འབྲས་འབྱུང་བའི་མི་(གན་འགན་དབང་མི་)ལ་ལུགས་མཐུན་གྱི་གྱོང་ཚབ་སྤྲད་དགོས། གཏེར་རྐོ་མཁན་གྱིས་རྩྭ་ས་
མི་བཟུང་བའམ་ཉུང་ཙམ་ལས་མི་བཟུང་བ། དངོས་སུ་བཟུང་དགོས་བྱུང་ནའང་ཞིང་ཆེན་རིམ་པའི་སྲིད་གཞུང་རྩྭ་ཐང་གཙོ་གཉེར་སྡེ་
ཁག་གིས་བློ་བབ་བརྒྱུད་རྗེས་ཁྲིམས་དང་བསྟུན་ནས་ཆོག་མཆན་ལག་ཁྱེར་ལེན་དགོས།(རྩྭ་སའི་བཅའ་ཁྲིམས་ཀྱི་དོན་ཚན་སུམ་ཅུ་སོ་
བརྒྱད་པ་ལས།) གལ་སྲིད་ཐུན་མོང་རྩྭ་ས་གཞུང་བཀོལ་བྱས་ན། ཁྲིམས་ལྟར་རྩྭ་སའི་བདག་པོ་དང་བེད་སྤྱོད་མཁན་ལ་གྱོང་ཚབ་སྤྲད་
དགོས། རྒྱལ་ཁབ་ལ་དབང་བའི་རྩྭ་ས་ཡིན་ན། རྩྭ་སའི་གན་འགན་བདག་གཉེར་མཁན་ལ་གྱོང་ཚབ་སྤྲད་དགོས། འཛུགས་སྐྲུན་དབང་
གིས་རྩྭ་ས་བེད་སྤྱོད་དགོས་ན། ངེས་པར་དུ་རྩྭ་ས་སྐྱར་གསོའི་གྲོན་དངུལ་འཇལ་དགོས། (རྩྭ་སའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་དགུ་པ་
ལས།)
བཞི་ནི་ངེས་པར་དུ་རྒྱལ་ཁབ་ཀྱི་ངལ་རྩོལ་བདེ་འཇགས་དང་འཕྲོད་སྟེན་གྱི་གཏན་འབེབས་ལ་བརྩི་སྲུང་བྱེད་ནས། ཐོན་སྐྱེད་བདེ་
འཇགས་འགན་སྲུང་ལ་འཛོམ་དགོས་པའི་ཆ་རྐྱེན་ཚང་དགོས།(གཏེརརྫས་ཐོན་ཁུངས་བཅའ་ཁྲིམས་ཀྱི་དོན་ཚན་སོ་གཅིག་པ་ལས།)
དཔེར་ན་གཏེར་དཔོན་ལ་ངེས་པར་དུ་ཐོན་སྐྱེད་བདེ་འཇགས་ཀྱི་དཔང་ཡིག་ཡོད་དགོས།
ལྔ་ནི་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་གཏན་འབེབས་ལ་བརྩི་སྲུང་དང་། ཁོར་ཡུག་མནོལ་བཙོག་ཡོང་བར་འགོག་
དགོས།(གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས་ཀྱི་དོན་ཚན་སོ་གཉིས་པ་ལས།) གཏེར་སྔོག་འཆར་འགོད་དང་བྱེ་བྲག་འཛུགས་སྐྲུན་ལས་
ཚན་ལ་ངེས་པར་དུ་ཁོར་ཡུག་འགལ་རྐྱེན་གདེང་འཇོག་དགོས་པ་དང་ཁོར་ཡུག་གདེང་འཇོག་ཡིག་ཆ་སྒྲིག་དགོས་པ་མ་ཟད། ཆོག་
མཆན་ཐོབ་པའི་ཁོར་ཡུག་འགལ་རྐྱེན་གདེང་འཇོག་ཡིག་ཆ་ནང་བཞིན་ཁོར་ཡུག་བཙོག་པ་ཡོང་བར་བཀག་འགོད་དང་། འབྲེལ་ཡོད་
ཀྱི་སྒྲིག་ཆས་བཀོད་ཅིང་མཁོ་སྤྱོད་དགོས། གཏེར་བཏོན་ནས་ཞིང་ས་དང་། རྩྭ་ས། ནགས་ཁུལ་བཅས་ལ་གཏོར་བརླག་བྱུང་ན། གཏེར་
སྔོག་ཁེ་ལས་ཀྱིས་ས་སྙོམ་རྩྭ་འདེབས་ནགས་འཛུགས་སམ་དེ་མིན་གྱི་མཁོ་སྤྱོད་ཐབས་ཤེས་བཀོལ་དགོས།
དྲུག་ནི་ངེས་པར་དུ་ཆོག་མཆན་གྱི་དུས་ཆད་ནང་ནས་ཕྱོགས་མཚམས་སུ་གཏེར་སྔོག་དང་གཏེར་རི་འཛུགས་སྐྲུན་བྱེད་དགོས།(གཏེར་
རྫས་ཐོན་ཁུངས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་ཀྱི་དོན་ཚན་སུམ་བཅུ་སོ་གཅིག་པ་ལས།)
བདུན་ནི་གཏེར་སྔོག་པར་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་གཏེར་ལས་དབང་ཆ་བེད་སྤྱད་པའི་འགྲོ་སོང་
དང་ཐོན་ཁུངས་དཔྱ་ཁྲལ་དང་ཐོན་ཁུངས་གྱོང་ཚབ། ཆུ་གཤར་ས་འདེད་ཀྱི་གྱོང་ཚབ། འབྲོག་དམངས་རྩྭ་སའི་གྱོང་ཚབ། རྩྭ་ཐང་སྤང་
ཤུན་སླར་གསོའི་གྱོང་ཚབ་བཅས་འཇལ་དགོས།(གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས་ཀྱི་དོན་ཚན་སུམ་བཅུ་སོ་གཉིས་དང་། གཏེར་
སྔོག་ཐོ་འགོད་དོ་དམ་ཐབས་ཤེས་ཀྱི་དོན་ཚན་དགུ་པ་ལས།)



གསལ་འདེབས།
ཁྲིམས་མཐུན་གཏེར་རྐོའི་བསྲུང་བྱ།
●དཔང་ཡིག་འཛོམས་དགོས་པ་སྟེ། ༡གཏེར་སྔོག་ཐོབ་ཐང་ལྡན་པའི་ཁེ་ལས་ཀྱི་ཁྲིམས་མིའི་ལས་གཉེར་དཔང་ཡིག ༢གཏེར་སྔོག་
ཆོག་པའི་དཔང་ཡིག ༣ཐོན་སྐྱེད་བདེ་འཇགས་དཔང་ཡིག ༤ས་གཞི་བེད་སྤྱོད་ཆོག་པའི་དཔང་ཡིག ༥བཙོག་པ་ཕྱིར་ཕུད་ཆོག་པའི་
དཔང་ཡིག །
●གཏེར་སྔོག་ཆོག་པའི་དཔང་ཡིག་ཏུ་གཏན་འབེབས་བྱས་པའི་གཏེར་རྐོའི་རྒྱ་ཁྱོན་དང་དུས་ཆད། རྐོ་སྟངས་ལྟར་གཏེར་ཁ་སྔོག་
དགོས།(གཏེར་སྔོག་དུས་ཆད་ལས་བརྒལ་བ་དང་གཏེར་སྔོག་ས་ཁྱོན་ལས་བརྒལ་བའམ་གཏེར་ཁ་འཚོལ་ཞིབ་ཟོལ་གྱིས་གཏེར་ཁ་སྔོག་
པ་བཅས་ནི་ཁྲིམས་འགལ་གྱི་གཏེར་སྔོག་ཡིན།)
●ངེས་པར་དུ་ཁོར་ཡུག་འགལ་རྐྱེན་གདེང་འཇོག་དགོས་ལ་ཐོན་སྐྱེད་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྒྲིག་ཁྲིམས་ལ་
བརྩི་སྲུང་བྱེད་ནས་མནོལ་བཙོག་འགོག་བཅོས་བྱ་དགོས།
●ཁྲིམས་ལྟར་གཏེར་ཁའི་དཔྱ་ཁྲལ་དང་གཏེར་རྫས་ཐོན་ཁུངས་ཀྱི་གྱོང་ཚབ་བསྡུ་དགོས། གཞན་ཡང་ཆུ་གཤར་ས་དེད་སོང་བའི་གྱོང་
ཚབ་གྲོན་དངུལ་དང་། རྩྭ་སའི་གྱོང་ཚབ་གྲོན་དངུལ། རྩྭ་ས་སྐྱར་གསོའི་གྲོན་དངུལ་བཅས་བསྡུ་དགོས།
●གཏེར་སྔོག་སྐབས་ནན་གྱིས་ཁྲིམས་ལུགས་ཀྱི་གཏན་འབེབས་ལ་བརྩི་སྲུང་བྱ་དགོས།(རང་ཕོད་ཀྱིས་གཏེར་མྱུལ་དབང་ཆ་དང་
གཏེར་སྔོག་དབང་ཆ་གཞན་ལ་སྟེར་བ་དང་གཏེར་ཁ་གཞན་ལ་བཙོང་བའམ་གཏེར་སྔོག་གི་འབྲེལ་ཡོད་གནས་ཚུལ་དངོས་མི་བཤད་
པ་དང་ཡང་ན་རྫུན་ཞུ་བྱེད་པ་བཅས་ནི་ཁྲིམས་འགལ་གྱི་གཏེར་སྔོག་ཡིན།)

(གཉིས།)ཁྲིམས་འགལ་གཏེར་སྔོག་ཡིན་པ་ཇི་ལྟར་ཤེས་ཐུབ།
གཅིག་ནི་ཐོག་མར་རང་ཉིད་གནས་ས་ནི་གཏེར་སྔོག་ཆོག་པའི་ས་གནས་ཡིན་མིན་ཤེས་དགོས་པ་དང་གཏེར་སྔོག་མཁན་ནི་ཁྲིམས་
མཐུན་ཡིན་མིན་ཤེས་དགོས། གལ་ཏེ་རང་ཉིད་གནས་ས་ནི་གཏེར་ཁ་སྔོག་མི་ཆོག་པའི་ས་ཁུལ་ཡིན་ན་གཏེར་སྔོག་གི་བྱ་འགུལ་ཚང་མ་
ཁྲིམས་འགལ་ཡིན་པས་གནས་ཚུལ་འདི་ནི་སྲིད་གཞུང་ལ་འདྲི་ནས་ཤེས་དགོས། སྲིད་གཞུང་གི་གནས་ཚུལ་སྤྱི་བསྒྲགས་བྱེད་པའི་སྲོལ་
ཡིག་གི་དོན་ཚན་བཅུ་པར་རྒྱལ་ས་ཐོན་ཁུངས་སྡེ་ཁག་དང་ཡང་ན་འབྲེལ་ཡོད་སྡེ་ཁག་ལ་རང་འགུལ་གྱིས་ས་གཞི་བེད་སྤྱོད་བྱེད་པའི་
འཆར་འགོད་སྤྱི་བསྒྲགས་འོས་འགན་གཏན་འབེབས་བྱས་ཡོད། སྤྱི་བཏང་ཡིན་ན་སྲིད་གཞུང་གིས་རང་འགུལ་གྱིས་གནས་ཚུལ་སྤྱི་
བསྒྲགས་དགོས་པའི་སྐོར་རྣམས་སྲིད་གཞུང་དང་སྡེ་ཁག་དེའི་དྲྭ་ཚིགས་དང་ཡིག་ཚགས་ཁང་ངམ་སྲིད་གཞུང་ཡིག་ཆ་ལས་རྟོགས་ཐུབ།
དེར་བརྟེན་རྒྱལ་ས་ཐོན་ཁུངས་པུའུ(པེ་ཅེན་དུ་ཡོད)དང་ཡང་ན་ཞིང་ཆེན་རྒྱལ་ས་ཐོན་ཁུངས་ཐིན་ནམ་གྲོང་ཁྱེར་རྒྱལ་ས་ཐོན་ཁུངས་
ཅུའུ་བཅསཀྱི་དྲྭ་ཚིགས་ནས་འཚོལ་ཞིབ་བྱ་ཆོག །

ཐབས་ཤེས་ཆུང་ཆུང་།
རྒྱལ་ས་ཐོན་ཁུངས་དོ་དམ་སྡེ་ཁག་གི་དཔོན་ཕྱོགས་དྲྭ་ཚིགས་ཧ་ཅང་མང་བས་ཁྱེད་ཀྱིས་ཇི་ལྟར་འཚོལ་ཐུབ། ཐབས་ཤེས་གཅིག་ཡོད་
པ་སྟེ་དེ་ནི་པེ་ཏོས་(www.baidu.com)དང་ཀོའུ་ཀི(www.google.com.cn)་འཇུག་ནས་འཚོལ་དགོས། (དཔེར་ན།
site:http://www.mlr.gov.cn/禁止采矿)

གལ་ཏེ་ཁྱོད་ཀྱིས་དཔོན་ཕྱོགས་དྲྭ་ཚིགས་བརྒྱུད་ནས་འབྲེལ་ཡོད་གནས་ཚུལ་དང་ཡིག་ཆ་འཚོལ་མ་ཐུབ་ན་སྲིད་གཞུང་གི་གནས་ཚུལ་
སྤྱི་བསྒྲགས་སྲོལ་ཡིག་གི་དོན་ཚན་ཉི་ཤུ་པར་རྒྱལ་ས་ཐོན་དངོས་སྡེ་ཁག་གིས་གནས་ཚུལ་སྤྱི་བསྒྲགས་དགོས་པའི་གཏན་འབེབས་བྱས།
རྫོང་རིམ་པའི་སྲིད་གཞུང་དང་སྡེ་ཁག་ཚང་མར་སྲིད་གཞུང་གི་གནས་ཚུལ་སྤྱི་བསྒྲགས་བྱེད་རྒྱུའི་རེ་ཞུ་འདོན་ས་ཡོད་ངེས་པས་ཁྱོད་
རང་གནས་དེར་ཕྱིན་ནས་རེ་ཞུ་འདོན་ཆོག(རེ་ཞུ་འདོན་ཚུལ་ནི་སྲིད་གཞུང་ལ་གནས་ཚུལ་སྤྱི་བསྒྲགས་ཀྱི་རེ་འདུན་ཇི་ལྟར་འདོན་
དགོས་པ་ནི་ཤེས་བྱའི་སྒྲོམ་བུ་རུ་གསལ། གལ་ཏེ་ཆེད་ལས་རོགས་པ་ཡོང་བར་རེ་ཞུ་ཡོད་ན་དེབ་འདིའི་ནང་དུ་ཟུར་བཀོད་བྱས་པའི་གླ་
ཆ་མི་དགོས་པར་ཁྲིམས་ལུགས་རོགས་སྐྱོར་གནང་བའི་ལས་ཁུངས་ལ་འབྲེལ་ཐབས་སུ་གསལ།)

གཉིས་ནི་གཏེར་སྔོག་མཁན་ཁྲིམས་མཐུན་ཡིན་མིན་དང་གཏེར་རྐོའི་དབང་ཆ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ཤེས་དགོས། གོང་
ནས་ཁྲིམས་མཐུན་གཏེར་སྔོག་མཁན་ལ་ངེས་པར་འཛོམས་དགོས་པའི་ཆ་རྐྱེན་གསལ་བཤད་བྱས་ཡོད། དེ་ལས་དོན་ཚན་གཅིག་དང་
མི་མཐུན་ན་དེ་ནི་ཁྲིམས་འགལ་གཏེར་སྔོག་ཡིན། གལ་ཏེ་གཏེར་རྐོ་མཁན་གྱིས་རང་ཉིད་ཀྱི་ཁྲིམས་མཐུན་ངོ་བོ་དེ་མ་སྟོན་ན་དེར་
གཞན་གྱིས་ཤེས་མི་ཕོད་པའི་གནས་ཚུལ་ཡོད་པས། སྐབས་དེར་སྲིད་གཞུང་གི་ལས་ཁུངས་སུ་ཕྱིན་ནས་གཏེར་སྔོག་མཁན་ལ་གཏེར་
རྐོའི་དབང་ཆ་ཐོབ་ཡོད་མིན་དང་འབྲེལ་ཡོད་ཁྲིམས་ལུགས་ལ་བརྩི་སྲུང་བྱས་ཚུལ་འདྲི་རྩད་དགོས། གལ་ཏེ་གཏེར་སྔོག་མཁན་ནི་སྒེར་
གཉེར་གཏེར་རྐོ་དང་ཚོང་དཔོན་ག་གེ་མོ་ཡིན་པ་བཤད་ན་དེར་དོགས་གཟབ་དགོས། གལ་ཏེ་གཏེར་སྔོག་མཁན་ནི་སྒེར་གཉེར་གཏེར་
རྐོ་མཁན་དངོས་གནས་ཡིན་པ་དང་། དེས་བརྐོས་པའི་གཏེར་ཁ་ཡང་བྱེ་རྡོ་མིན་ན་ཁྲིམས་འགལ་གཏེར་སྔོག་ཡིན་ཤས་ཆེ། གལ་ཏེ་
གཏེར་རྐོ་མཁན་གྱིས་རང་གི་ཐོབ་ཐང་གསལ་བཤད་བྱས་ཀྱང་གཏེར་སྔོག་ཆོག་ཡིག་དང་ཐོན་སྐྱེད་བདེ་འཇགས་དཔང་ཡིག་སོགས་མ་
བསྟན་ན་ཡུལ་སྡེའི་སྲིད་འཛིན་སྡེ་ཁག་གིས་གཏེར་རྐོ་མཁན་ལ་སྟབས་བདེ་མ་སྟེར་ཡང་ཆོག གཏེར་སྔོག་པས་གཏེར་རྐོའི་ཆོག་ཡིག་
བཅས་འབྲེལ་ཡོད་དཔང་རྟགས་བསྟན་ཀྱང་རྫུན་མ་ཡིན་སྲིད་པས། དཔག་ཡིག་གནང་བའི་སྡེ་ཁག་དང་ཐོ་འགོད་ཨང་གྲངས་བློར་
བཟུང་ནས་རྒྱལ་ས་ཐོན་དངོས་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་ལ་རྩད་གཅོད་བྱེད་དགོས། རྫོང་རིམ་པ་ལ་ཤིན་ཏུ་ཆུང་ལ་ཐར་
ཐོར་གྱི་གཏེར་ཁ་ཙམ་རྐོ་པའི་དབང་ཆ་ལས་མེད་པ་དང་། ཆོག་གནང་བྱས་ཚེ་ངེས་པར་དུ་རིམ་པ་གོང་མའི་སྲིད་གཞུང་ལ་རིམ་གྱིས་
ཞུ་འབུལ་བྱེད་དགོས་པས་ཡུལ་དམངས་ཀྱིས་གཟབ་འཚལ།

གསུམ་པ་ནི་རྒྱལ་ས་དོ་དམ་སྡེ་ཁག་དང་བཟོ་ཚོང་དོ་དམ་སྡེ་ཁག སྡེ་ཁག་གཞན་པ་ལ་ཁྲིམས་འགལ་གཏེར་སྔོག་ཡིན་མིན་ཀྱི་འདྲི་རྟོག་
དང་རྩད་དཔྱོད་བྱེད་པ། གལ་སྲིད་ཁྱེད་རང་སྡོད་གནས་དེ་གཏེར་སྔོག་བཀག་པ་དང་ཚོད་འཛིན་བྱས་པའི་ས་ཆ་མིན་ཚེ། གཏེར་སྔོག་
པ་མཐོང་ན་ཁྱོད་ཀྱིས་ངེས་པར་དུ་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་ལ་དོན་རྐྱེན་གསལ་བསྒྲགས་བྱེད་པའི་རེ་འདུན་བཞག་སྟེ་གཏེར་
སྔོག་ཁྲིམས་འགལ་ཡིན་མིན་བལྟ་དཔྱད་བྱ་དགོས། སྲིད་གཞུང་དོན་རྐྱེན་གསལ་བསྒྲགས་སྲོལ་ཡིག་ཏུ་སྤྱི་དམངས་གིས་རྫོང་རིམ་པ་
ཡན་གྱི་སྲིད་གཞུང་ལ་འབྲེལ་ཡོད་དོན་རྐྱེན་འདོན་སྤྲོད་ཞུ་བའི་དབང་ཆ་ཡོད། བྱེ་བྲག་གི་རེ་ཞུའི་བྱ་ཐབས་དང་གྱོད་དཔེ་དཔྱད་ཞིབ་
ཁྱེད་ཀྱིས་ཤེས་བྱའི་སྒྲོམ་བུའི་ཇི་ལྟར་སྲིད་གཞུང་ལ་དོན་རྐྱེན་གསལ་བསྒྲགས་ཞུ་བར་གཟིགས། གལ་སྲིད་ཁྱོད་ལ་ཆེད་སྦྱོང་མི་སྣས་
རོགས་པ་དགོས་ན་དེབ་འདིའི་ཟུར་བཀོད་གཉིས་པའི་རིན་མེད་ཁྲིམས་ལུགས་རོགས་སྐྱོར་སྡེ་ཁག་གི་འབྲེལ་གཏུག་བྱ་ཚུལ་ལ་གཟིགས།

ཐབས་ཚུལ་ཆུང་ཆུང་།
གཏེར་སྔོག་ཁྲིམས་དང་འགལ་མིན་བརྟག་ཚེ་དཔྱད་གཞིའི་ཡིག་ཆ་དང་བརྙན་པར་བཅས་ཉར་ཚགས་ལེགས་པོར་བྱེད་དགོས། གལ་ཏེ་
སྟབས་བདེ་བྱུང་ན་གཏེར་སྔོག་མཁན་དང་སྲིད་གཞུང་ལ་འབྲེལ་བའི་བྱ་འགུལ་དག་ཟིན་བྲིས་བྱེད་དགོས། མ་ཡིག་འདི་དག་ནམ་
མཇུག་ཏུ་སྤྱི་ཚོགས་དང་ལས་ཁུངས་གཞན་པར་རོགས་སྐྱོར་འཚོལ་བ་དང་རིམ་པ་གོང་མའི་སྲིད་གཞུང་ལ་ཞུ་འབུལ་དང་ཐེར་འདོན།
ཁྲིམས་ལུགས་དངོས་སུ་ལན་ལེན་བསྟར་བ་བཅས་ལ་ཕན་ཁེ་ཆེ།

བཞི་ནི་སྲིད་གཞུང་ལ་དོན་རྐྱེན་གསལ་བསྒྲགས་ཀྱི་རེ་ཞུའི་ཐབས་ཚུལ་བྱེ་བྲག །
སྲིད་གཞུང་གིས་དོན་རྐྱེན་གསལ་བསྒྲགས་བྱེད་པའི་རྩ་དོན་ནི། གསལ་བསྒྲགས་བྱ་རྒྱུ་རྩ་དོན་དང་། མི་བྱེད་པ་ནི་དམིགས་བསལ་ཏེ་
ཁྲིམས་ཀྱིས་བཏོན་པའི་རྒྱལ་ཁབ་དང་ཚོང་ལས། མི་སྒེར་གྱི་གསང་དོན་ལས་གཞན་པའི་དོན་རྐྱེན་ངེས་པར་དུ་གསལ་བསྒྲགས་བྱེད་
དགོས།

༡རེ་ཞུ་སྔོན་གྱི་སྟ་གོན།
(༡)ཁྱོད་ཀྱིས་ཐོག་མར་རེ་ཞུའི་གསལ་བསྒྲགས་ཀྱི་དོན་རྐྱེན་གང་ཡིན་པར་ཤེས་དགོས།
དཔེར་ན། གཏེར་སྔོག་མཁན་ལ་ཐོབ་ཐང་ཡོད་མེད་ཤེས་འདོད་ན། རེ་ཞུའི་དོན་རྐྱེན་ནད་དུ་གཏེར་སྔོག་ཁེ་ལས་ཀྱི་ཚོང་གཉེར་ལག་
ཁྱེར། གཏེར་སྔོག་ཆོག་ཡིག གཞན་གྱི་དཔང་ཡིག་སྟེ་བདེ་འཇགས་དོན་སྐྱེད་དཔང་ཡིག བཙོག་ཕུད་ཆོག་ཡིག་སོགས་གཏོགས་པའོ། །

(༢)རེ་ཞུའི་དོན་རྐྱེན་གང་ཡིན་ཤེས་རྗེས། ཁྱོད་ལ་དགོས་པའི་དོན་རྐྱེན་དེ་དག་རིམ་པ་གང་དང་སྲིད་གཞུང་གི་སྡེ་ཁག་གང་ལ་ཡོད་པ་
ཤེས་དགོས། དཔེར་ན་ཁྱོད་ཀྱིས་རྒྱུས་ལོན་པ་ལ་གསེར་རྐོ་མཁན་ཡིན་ན་གཏེར་འདོན་ཆོག་ཡིག་གནང་མཁན་ནི་ཞིང་ཆེན་རིམ་པའི་
རྒྱལ་ས་ཐོན་དངོས་ཐེན་ནམ་རྒྱལ་ཁབ་ཀྱི་རྒྱལ་ས་ཐོན་དངོས་པུའུ་ཡིན། དེ་བས་ཁྱོད་ཞིང་ཆེན་གྱི་རྒྱལ་ས་ཐོན་དངོས་ཐིན་ལ་འདྲི་རྟོག་
བྱེད་དགོས།

(༣)དེ་ནས་སྲིད་གཞུང་སྡེ་ཁག་དེའི་སྲིད་གཞུང་དོན་རྐྱེན་གསལ་བསྒྲགས་རེ་ཞུའི་གོ་རིམ་ཧ་གོ་དགོས། བྱེ་བྲག་གི་ཐབས་ཤེས་ནི། ཁྱོད་
ཀྱིས་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་གི་གློག་དྲྭར་ཞུགས་ཏེ་སྲིད་གཞུང་དོན་རྐྱེན་གསལ་བསྒྲགས་ཕྱོགས་སྟོན་ལྟར་དོན་རྐྱེན་གསལ་
བསྒྲགས་ཀྱི་གོ་རིམ་དང་ཐབས་ཚུལ་ཤེས་དགོས། ས་གནས་སོ་སོའི་བྱེ་བྲག་གི་རེ་ཞུའི་གོ་རིམ་ཅུང་མི་འདྲ་བས་སྔོན་དུ་སྲིད་གཞུང་དོན་
རྐྱེན་གསལ་བསྒྲགས་ཕྱོགས་སྟོན་ནང་གི་ཁ་པར་དང་གློག་སྦྲག་བརྒྱུད་ནས་ཐོག་མར་ལས་དོན་མི་སྣར་འབྲེལ་གཏུག་བྱས་ན་ལེགས།
མི་ལུགས་ཐམས་ཅད་གཙོ་བོ་ཚུར་བསྡུས་ན། རྒྱུད་འཇམ་པ་དང་གཅིག །བྱ་སྤྱོད་ཚོད་ཟིན་པ་དང་གཉིས། ཁོག་ཡངས་ཤིང་ཚུགས་
བརྟན་པ་དང་གསུམ། བྱ་བ་ཀུན་ལ་ཐོག་མར་བརྟག་དཔྱད་མཁས་པ་དང་བཞི། དེ་ཐམས་ཅད་ལ་ཕན་སེམས་དྲང་པོས་ཟིན་པ་དང་ལྔ་
པོ་དེ་ལ་འདུས་ཡོད། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་དྲི་མ་མེད་པའོ། །

གྱོད་དཔེ་ཆུང་ཆུང་།
ག་གེ་མོས་རང་ཉིད་ཀྱི་ཡུལ་སྡེར་གསེར་རྐོ་མཁན་ཞིག་ཐོན་པ་ལ། གཏེར་གཡོག་ལ་ཁ་རེས་བྱས་པར་བརྒྱུད་ནས་གཏེར་
དཔོན་གྱི་མིང་ལ་གཏེར་དཔོན་ག་གེ་མོ་ཟེར་ལ། ཁོའི་ཀུང་ཟིའི་མིང་ལ་ཀ་ཀུང་ཟི་དང་ཁའི་རྫོང་ལ་ཐོ་འགོད་བྱས། ཁོས་ཁྲིམས་འགལ་
གྱི་གཏེར་སྔོག་ཡིན་པར་དོགས་པ་ཟོས་པས། རྫོང་དང་ཁུལ། ཞིང་ཆེན་ལ་སོང་ནས་དོན་འཕྲིན་འདྲི་རྟོག་བྱས་ཏེ་ཁྲིམས་འགལ་གཏེར་
སྔོག་ཡིན་པ་ཤེས། ཁོས་དོན་འཕྲིན་འཚོལ་ཤེས་བྱུང་བ་གཤམ་གསལ།

(༡)ཀ་ཀུང་ཟིའི་ཐོ་འགོད་གནས་ཚུལ།
(༢)ཀ་ཀུང་ཟིའི་ཁྲིམས་མིའི་ཚོང་གཉེར་དཔང་ཡིག
(༣)ཀ་ཀུང་ཟིའི་གཏེར་སྔོག་ཆོག་ཡིག
(༤)ཀ་ཀུང་ཟིའི་གསེར་རྐོའི་ཆོ་མཆན་དཔང་ཡིག

ཁ་རྫོང་གི་རྒྱལ་སའི་ཐོན་ཁུངས་སྡེ་ཁག་ནས་གཤམ་གྱི་དཔྱད་ཡིག་དག་འདྲི་རྟོག་བྱུང་།
(༡)ཀ་ཀུང་ཟིས་ཆ་གེ་མོའི་ལུང་པ་ནས་གསེར་རྐོ་ཆོག་པའི་རེ་ཞུའི་ཐོ་ཡིག །
(༢)ཀ་ཀུང་ཟིས་ཆ་གེ་མོའི་ལུང་པ་ནས་གསེར་རྐོའི་རྒྱ་ཁྱོན་རེ་ཞུའི་ཐོ་ཡིག །
(༣)ཀ་ཀུང་ཟིས་གསེར་རྐོའི་རྒྱ་ཁྱོན་ཆོག་མཆན་ཐོབ་ཡིག །
(༤)ཀ་ཀུང་ཟིས་ཆ་གེ་མོའི་ལུང་པ་ནས་གསེར་རྐོ་བའི་ཆོག་ཡིག །
(༥)ཀ་ཀུང་ཟིའི་ཁྲིམས་མིའི་ཁེ་གཉེར་དཔང་ཡིག །
(༦)ཀ་ཀུང་ཟིས་ཆ་གེ་མོའི་ལུང་པའི་གསེར་ཚང་ས་ཁྲ།

༢འབྲེལ་ཡོད་སྲིད་གཞུང་སྡེ་ཁག་ལ་རེ་ཞུའི་ཡི་གེ་འཇོག་པ།
(༡)རེ་ཞུ་འབྲི་སའི་རེའུ་མིག་ལེན་པ།
(༢)རེའུ་མིག་ནང་དུ་རེ་ཞུ་ཡིག་གེ་འབྲི་བ།
(༣)རེ་ཞུ་ཡིག་གེ་གང་ལ་འབུལ་བ། (གལ་སྲིད་སྦྲག་ཐོག་ནས་བསྐུར་ན་ངེས་པར་དུ་ཐོ་འགོད་བྱེད་པ་དང་། ཐོ་འགོད་ཡིག་སྣེ་
ཉར་ཚག་དགོས། གློག་སྦྲག་གིས་བསྐུར་ན་འབྱོར་འཛིན་ཉར་ཚག་དམ་པོར་བྱ་དགོས། ངོ་གཏུག་ནས་གཏད་པ་ཡིན་ན་སྲིད་གཞུང་སྡེ་
ཁག་ལ་འཕྲོད་འཛིན་བསླང་དགོས།)

༣རེ་ཞུའི་ཡི་གེ་སྤྲད་རྗེས་སྲིད་འཛིན་སྡེ་ཁག་གིས་དྲིས་ལན་འདེབས་པའི་དུས་ཆད་དང་དྲིས་ལན་གྱི་ནང་དོན།
(གོ་རིམ་ཞིབ་ཆ་ཟུར་བཀོད་དུ་གསལ།)
རེ་ཞུ་འཕྲོདཔའི་སྡེ་ཁག་གིས་དེ་འཕྲལ་ལན་འདེབས་ཐུབ་ན་དེ་འཕྲལ་ལན་འདེབས་དགོས། གལ་སྲིད་འཕྲལ་དུ་ལན་མ་ཐེབས་ན། ཞུ་
ཡིག་འབྱོར་པའི་ཉིན་བཅོ་ལྔ་ནང་ནས་ལན་ཐེབས་ངེས་དགོས། ཉིན་བཅོ་ལྔའི་ནང་ནས་ཀྱང་མཁོ་དགོས་ཀྱི་ཞུས་ལན་འདེབས་མ་ཐུབ་
ན། སྲིད་འཛིན་སྡེ་ཁག་གིས་ལན་འདེབས་དུས་ཆད་ཕྱིར་འགྱངས་ཆོག འོན་ཀྱང་ཉིན་བཅོ་ལྔ་ལས་འགོར་མི་ཆོག སྲིད་གཞུང་གིས་ཞུས་
ལན་ཕྱིར་འགྱངས་བྱས་ན་རེ་ཞུ་མཁན་ལ་ཞུས་ལན་ཕྱིར་འགྱངས་བྱས་པའི་ཡིག་ལན་སྤྲད་དགོས། ཞུ་ཡིག་འཕྲོད་པའི་སྡེ་ཁག་གིས་
གཤམ་གྱི་ཞུ་ལན་སྤྲོད་སྲིད།
(༡)གསལ་བསྒྲགས་དགོས་པའི་ཁོངས་སུ་གཏོགས་ན་རེ་ཞུ་མཁན་ལ་ངེས་པར་གསལ་བཤད་དགོས་པའི་སྲིད་གཞུང་དོན་འཕྲིན་རྟོགས་
པའི་ཐབས་ཤེས་དང་བརྒྱུད་ལམ།
(༣)གསལ་བསྒྲགས་དགོས་པའི་ཁོངས་སུ་མ་གཏོགས་ན། རེ་ཞུ་མཁན་ལ་སྲིད་གཞུང་དོན་འཕྲིན་གསལ་བསྒྲགས་མི་བྱེད་པའི་གསལ་
བཤད་ཡི་གེ་སྤྲོད་པ་དང་རེ་ཞུ་མཁན་ལ་གསལ་བསྒྲགས་མི་བྱེད་པའི་རྒྱུ་མཚན་གསལ་པོར་ཤེས་སུ་འཇུག་དགོས།
(༣)གལ་སྲིད་རེ་ཞུའི་དོན་འཕྲིན་དེ་སྡེ་ཁག་དེའི་གསལ་བསྒྲགས་ནང་དོན་མིན་པའམ་ནང་དོན་མེད་ན་རེ་ཞུ་མཁན་ལ་སྲིད་གཞུང་
དོན་འཕྲིན་ནང་དོན་མེད་པའི་གསལ་བཤད་ཡི་གེ་སྤྲད་དགོས། སྲིད་གཞུང་དོན་འཕྲིན་གསལ་བསྒྲགས་སྡེ་ཁག་གཏན་ཁེལ་ན་རེ་ཞུ་
མཁན་ལ་སྡེ་ཁག་དེའི་མིང་དང་འབྲེལ་གཏུག་བྱེད་ལུགས་ཤེས་སུ་འཇུག་དགོས།


དམིགས་བསལ་མངོན་བརྡ།
སྲིད་གཞུང་དོན་འཕྲིན་གསལ་བསྒྲགས་སྲོལ་ཡིག་ལྟར་ན་སྲིད་འཛིན་སྡེ་ཁག་གིས་རེ་ཞུའི་དོན་འཕྲིན་འདོན་སྤྲོད་བྱེད་པར་འཚོལ་བསྡུ་
དང་སྐྱར་དཔར། སྦྲག་གཏོང་བཅས་ཀྱི་འགྲོ་སོང་ཙམ་ལས་གཞན་གྱི་འགྲོ་གྲོན་རུག་མི་ཆོག །

༣སྲིད་འཛིན་སྡེ་ཁག་གིས་གནས་ཚུལ་འདོན་སྤྲོད་མ་བྱས་པར་སྐྱབས་རོགས་འཚོལ་ཐབས།
གལ་སྲིད་སྲིད་འཛིན་ལས་ཁུངས་ཀྱིས་རྒྱུ་མཚན་མེད་པར་དོན་འཕྲིན་གསལ་བསྒྲགས་མ་བྱས་ན། ཁྱོད་ཀྱིས་གཤམ་གསལ་གྱི་བྱེད་
ཐབས་བཀོལ་ཆོག །
(༡)གོང་རིམ་ལས་ཁུངས་སམ་རིམ་མཉམ་གྱི་ཞིབ་དཔྱོད་སྡེ་ཁག་དང་སྲིད་གཞུང་གི་དོན་འཕྲིན་གསལ་བསྒྲགས་གཙོ་གཉེར་སྡེ་ཁག་ལ་
ཐེར་འདོན་བྱེད་ཆོག(ས་ཆ་མང་ཆེ་ཤོས་ཀྱི་སྲིད་གཞུང་དོན་འཕྲིན་སྤྱི་བསྒྲགས་གཙོ་གཉེར་པ་ནི་སྲིད་གཞུང་གཞུང་དོན་ཁང་དང་ཡང་
ན་ཆེད་དམིགས་ཀྱི་གཞུང་ལས་ཁུངས་ཡོད།)
(༢)ཁྱོད་ཀྱིས་སྲིད་འཛིན་སྐྱར་གྲོས་བཅའ་ཁྲིམས་ལྟར་སྲིད་འཛིན་སྐྱར་གྲོས་ཞུ་ཆོག །
(༣)ཁྱོད་ཀྱིས་སྲིད་དོན་གཏུག་བཤེར་བཅའ་ཁྲིམས་བཞིན་སྲིད་དོན་གཏུག་བཤེར་བྱེད་ཆོག །

(གསུམ།)ཇི་ལྟར་བྱེད་ནས་ཁྲིམས་འགལ་གཏེར་སྔོག་འགོག་དགོས།
རྩད་གཅོད་བྱས་རྗེས་གཏེར་རྐོ་དེ་ཁྲིམས་འགལ་ཡིན་པའི་དཔང་རྟགས་རྙེད་ཚེ། ཁྱོད་ཀྱིས་ས་གནས་དེའི་སྲིད་འཛིན་གཙོ་གཉེར་ཏེ་
རྒྱལ་ས་ཐོན་ཁུངས་དོ་དམ་སྡེ་ཁག་དང་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ལ་ཐེར་འདོན་དང་ཞུ་གཏུག་བྱེད་ནས་ཁྲིམས་ལྟར་བཀག་སྡོམ་
བྱེད་པའི་རེ་བ་འདོན་ཆོག །
གལ་ཏེ་སྲིད་འཛིན་སྡེ་ཁག་གིས་ཐོས་མེད་དུ་བཞག་ན་ཁྱོད་ཀྱིས་དེབ་འདིའི་ལེའུ་གསུམ་པས་བཏོན་པའི་ཐབས་ལམ་ལྔ་པོ་བརྒྱུད་དེ་
སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ལྟ་སྐུལ་བྱ་དགོས།
༡གོང་གི་རིམ་པ་ལ་སྲིད་འཛིན་སྐྱར་གྲོས་ཞུས་ཏེ་སྲིད་འཛིན་གཙོ་གཉེར་སྡེ་ཁག་འགན་འཁྲི་བསྒྲུབ་པར་སྐུལ་བ།
སྲིད་འཛིན་སྐྱར་གྲོས་བཅའ་ཁྲིམས་དོན་ཚན་དྲུག་པར། གཤམ་གྱི་གནས་ཚུལ་སྣེ་གཅིག་ཡོད་ན་སྲིད་འཛིན་སྐྱར་གྲོས་ཞུ་ཆོག །
སྲིད་འཛིན་སྡེ་ཁག་གིས་ཐ་ཚིག་བསྒྲགས་པ། དངུལ་ཆད་བཅད་པ། ཁྲིམས་འགལ་གྱིས་ཡོང་བབ་དང་རྒྱུ་ནོར་གཞུང་བཞེས་བྱས་པ། ཁེ་
གཉེར་མཚམས་བཅད་པ། ཆོག་ཡིག་བཙན་རུག་གམ་རྩིས་མེད་དུ་བཟོས་པ། ལག་ཁྱེར་བཙན་རུག་གམ་རྩིས་མེད་བཏང་བ་ལ་བློར་མི་
འབབ་པ།
༢སྲིད་འཛིན་སྡེ་ཁག་གིས་མི་ལུས་རང་དབང་ལ་བཀག་སྡོམ་དང་། རྒྱུ་ནོར་ལ་རྒྱས་བཏབ་དང་བཙན་ཉར་བྱས་པ་སོགས་ཀྱི་སྲིད་
འཛིན་བཙན་ལས་ལ་བློར་མ་བབས་པ།
༣སྲིད་འཛིན་སྡེ་ཁག་གིས་ཆོག་གནང་ཡི་གེ་དང་། ལག་ཁྱེར། ཐོབ་ཐང་དཔང་ཡིག་སོགས་ལ་བསྒྱུར་བཅོས་དང་། མཚམས་བཅད་པ།
རྩིས་མེད་དུ་བཏང་བ་བཅས་ཀྱི་ཆོད་དོན་ལ་བློར་མ་འབབ་པ།
༤སྲིད་འཛིན་སྡེ་ཁག་གིས་ས་གཞི། གཏེར་ཁ། འབབ་ཆུ། ནགས་ཤིང་། རི་བོ། རྩྭ་ས། གྲམ་ཐང་། མཚོ་ཁུལ་སོགས་རང་བྱུང་ཐོན་ཁུངས་ཀྱི་
བདག་དབང་དང་སྤྱོད་དབང་ངོས་འཛིན་བྱས་པའི་ཆོད་དོན་ལ་བློར་མ་འབབ་པ།
༥སྲིད་འཛིན་སྡེ་ཁག་གིས་ཁྲིམས་མཐུན་ཁེ་གཉེར་རང་དབང་ལ་གནོད་འཚེ་བཏང་བྱུང་སྙམ་པ།
༦སྲིད་འཛིན་སྡེ་ཁག་གིས་ཞིང་ས་དང་རྩྭ་སའི་གན་རྒྱ་འགྱུར་ལྡོག་བཏང་བའམ་མཚམས་བཅད་པས། རང་གི་ཁྲིམས་མཐུན་ཁེ་དབང་
ལ་གནོད་འཚེ་ཐེབས་བྱུང་སྙམ་པ།
༧སྲིད་འཛིན་སྡེ་ཁག་གིས་ཁྲིམས་འགལ་གྱིས་དངུལ་དང་རྒྱུ་ནོར་བསྡུ་རུག་དང་ཁྲལ་གྲོན་བཤགས་བགོ་དང་། ཡང་ན་ཁྲིམས་འགལ་ཏེ་
ལས་འགན་གཞན་བསྒྲུབ་ཏུ་བཅུག་བྱུང་སྙམ་པ།
༨སྲིད་འཛིན་སྡེ་ཁག་གིས་ཆོག་ཡིག ལག་ཁྱེར། ཐོབ་ཐང་དཔང་ཡིག་སོགས་ཐོབ་པའི་ཆ་རྐྱེན་ཚང་ཡང་རེ་ཞུས་ལྟར་མི་གཏད་པའམ་
ཡང་ན་སྲིད་འཛིན་སྡེ་ཁག་ལ་འབྲེལ་ཡོད་དོན་འཕྲིན་ཆོག་མཆན་དང་ཐོ་འགོད་ཞུས་པར་ཁྲིམས་ལྟར་སྒྲུབ་མ་བྱུང་སྙམ་པ།
༩སྲིད་འཛིན་སྡེ་ཁག་ལ་མི་ལུས་དབང་ཆ། རྒྱུ་ནོར་ཁེ་དབང་། སློབ་གསོ་ཐོབ་དབང་བཅས་སྲུང་སྐྱོབ་ཀྱི་ཁྲིམས་གཏན་འགན་འཁྲི་སྒྲུབ་
པར་ཞུས་ཀྱང་སྣང་མེད་དུ་བཞག་པ།
༡༠སྲིད་འཛིན་སྡེ་ཁག་ལ་འཆི་གུད་གྱོང་གསབ་དང་སྤྱི་ཚོགས་ཉེན་སྲུང་གྲོན་དངུལ་དང་འཚོ་བ་དམའ་སྐྱོབ་གྲོན་དངུལ་སྟེར་བའི་རེ་
བ་ཞུས་ཀྱང་མ་གཏད་པ།
༡༡སྲིད་འཛིན་སྡེ་ཁག་གི་བྱ་སྤྱོད་གཞན་དག་གིས་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོས་བྱུང་སྙམ་པ།

གྱོད་དཔེ།
ཞང་སྲིད་གཞུང་གིས་འགན་འཁྲི་མ་བསྒྲུབ་པས་སྲིད་འཛིན་སྐྱར་གྲོས་བྱུང་བའི་གྱོད་གཞི། ༢༠༠༢ལོའི་ཟླ་དང་པོའི་ནང་རྡོ་ག་གེ་མོས་
ཆོག་མཆན་མ་ཐོབ་པར་རང་ཕོད་ཀྱིས་རང་ཉིད་སྒོ་སྔུན་གྱི་སྤྱི་སྤྱོད་ཕྱུགས་ལམ་ལ་ལྕགས་ར་བཀུག་པས་ཁྱིམ་མཚེས་བཀྲ་ག་གེ་མོའི་མི་
ཕྱུགས་འགྲོ་ལམ་བཀག །ལྕགས་ར་བཀུག་ནས་བཟུང་བཀྲ་ག་གེ་མོས་ཞང་སྲིད་གཞུང་ལ་ངག་ཐོག་ནས་ཞུ་འབུལ་མང་དུ་བྱས་ཏེ་རྡོ་ག་
གེ་མོའི་ཁྲིམས་འགལ་བྱ་སྤྱོད་ལ་ཐག་གཅོད་བྱེད་ནས་ཁྱིམ་མཚེས་ཀྱི་ཁེ་དབང་ལ་མི་འཚེ་བའི་རེ་བ་བཏོན་ཡོད། འོན་ཀྱང་ཞང་སྲིད་
གཞུང་གིས་ཁ་གཡར་ས་ཅི་རྙེད་བྱས་ཏེ་རྡོ་ག་གེ་མོའི་བྱ་སྤྱོད་ལ་ཐག་གཅོད་གང་ཡང་བྱས་མེད། ༢༠༠༢ལོའི་ཟླ་༧པའི་ཚེས་༢༢ཉིན།
བཀྲ་ག་གེ་མོས་ཞང་སྲིད་གཞུང་གིས་སྲིད་འཛིན་འགན་འཁྲི་མ་བསྒྲུབ་པ་དེ་རྫོང་སྲིད་གཞུང་ལ་སྲིད་འཛིན་སྐྱར་གཏུག་ཞུས་ཏེ་ཞང་
སྲིད་གཞུང་གིས་ཁྲིམས་གཏན་འགན་འཁྲི་མ་བསྒྲུབ་པ་ལ་ཐག་གཅོད་བྱེད་པའི་རེ་བ་བཏོན།

རྫོང་སྲིད་གཞུང་ལ་གྱོད་ཡིག་འབྱོར་རྗེས་ཁྲིམས་ལྟར་ཞུ་མཁན་དང་ཞུ་ཡ་གཉིས་ཀྱིས་ཕུལ་བའི་འབྲེལ་ཡོད་དཔང་རྟགས་ལ་ཞིབ་
བཤེར་དང་རྡོ་ག་གེ་མོས་བཀུག་པའི་ལྕགས་ར་ལ་དངོས་སུ་ལྟ་ཞིབ་བྱས། ༢༠༠༢ལོའི་ཟླ་༨པའི་ཚེས་༩ཉིན་རྫོང་སྲིད་གཞུང་གིས་ཁྲིམས་
ལྟར་སྐྱར་གྲོས་བྱས་འབྲས་ལ། ཞང་སྲིད་གཞུང་གིས་སྐྱར་གྲོས་ཆོད་ཡིག་འདི་འབྱོར་པའི་ཉིན་༡༠ནང་ནས་རྡོ་ག་གེ་མོས་ཁྲིམས་འགལ་
གྱིས་ལྕགས་ར་བཀུག་པའི་བྱ་སྤྱོད་ལ་ཐག་གཅོད་བྱ་དགོས་པའི་བཀའ་ཕབ།
འདི་ནི་སྲིད་འཛིན་འགན་འཁྲི་མ་བསྒྲུབ་པས་བྱུང་བའི་སྲིད་འཛིན་སྐྱར་གཏུག་གི་གྱོད་གཞི་ཞིག་ཡིན། སྤྱི་བཏང་ཡིན་ན་སྲིད་འཛིན་
སྐྱར་གཏུག་སྡེ་ཁག་གིས་སྲིད་འཛིན་སྐྱར་གཏུག་གི་ནུས་པ་བཏོན་མ་ཐུབ་པའི་གྱོད་གཞི་ལ། གཅིག་ནི་སྲིད་འཛིན་སྡེ་ཁག་གི་ཁྲིམས་
གཏན་འགན་འཁྲི་ཡི་ཁོངས་སུ་གཏོགས་ཡོད་མེད་དང་། གཉིས་ནི་རེ་འདུན་ཞུ་མཁན་གྱིས་སྲིད་འཛིན་སྡེ་ཁག་ལ་ཁྲིམས་གཏན་གྱི་
འགན་འཁྲི་ལག་ལེན་དགོས་པའི་རེ་བ་བཏོན་ཡོད་མེད། གསུམ་ནི་སྲིད་འཛིན་སྡེ་ཁག་གིས་ཁྲིམས་གཏན་གྱི་འགན་འཁྲི་ལག་ལེན་མི་
བྱེད་པའམ་ཡང་ན་དུས་ཚོད་འགྱངས་ཡོད་མེད། བཞི་ནི་སྲིད་འཛིན་སྡེ་ཁག་གིས་འགན་འཁྲི་མ་བསྒྲུབས་པས་རེ་འདུན་ཞུ་གཏུག་
མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་ཐེབས་ཡོད་མེད་བཅས་ཕྱོགས་བཞི་ནས་གཙོ་བོར་རྩད་ཞིབ་བྱེད་དགོས། ཆེས་མཐོ་བའི་
མི་དམངས་ཁྲིམས་ཁང་གི་སྲིད་འཛིན་ཞུ་གཏུག་བྱེད་པའི་དཔང་རྟགས་ཐད་ཀྱི་གནད་དོན་འགའ་ཤས་སྐོར་གྱི་གཏན་འབེབས་ནང་དུ།
སྲིད་འཛིན་སྡེ་ཁག་གིས་འགན་དབང་ལྟར་རང་འགུལ་གྱིས་ཁྲིམས་གཏན་འགན་འཁྲི་ལག་ལེན་བྱེད་སྐབས་ཞུ་གཏུག་མཁན་གྱིས་སྔར་
སྲིད་འཛིན་སྡེ་ཁག་ལ་ཁྲིམས་གཏན་གྱི་འགན་འཁྲི་ལག་ལེན་བྱེད་དགོས་པའི་རེ་འདུན་ཞུས་ཡོད་མེད་ལྟ་མི་དགོས།

༢དམངས་འཐུས་ལ་གནས་ཚུལ་ཞུ་འབུལ་བྱས་ནས་དབང་ཆ་སྡེ་ཁག་གིས་ལྟ་སྐུལ་བྱེད་རོགས་ཞུ་དགོས།
༣གསར་འགོད་མཁན་ལ་གནས་ཚུལ་བཤད་དེ་གླེང་ཕྱོགས་བཟོ་ནས་ལྟ་སྐུལ་ཐུབ་པ་བྱེད་དགོས།
༤སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་འགན་འཛོལ་ལས་འཆོལ་ལ་གཏུག་བཤེར་བྱེད་དགོས།

གྱོད་དཔེ།
དུས་རབས་འདིའི་མགོར། ཁྲིམས་འགལ་གསེར་སྔོག་གིས་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཞང་ཅ་འཁྱོག་སྡེ་བའི་སྦེ་དེའུ་ཁུག་ནས་
རིང་ཚད་སྤྱི་ལེ་༢༠ཅན་གྱི་བྱེ་རོང་ནག་པོ་ཞིག་བཟོས། ༢༠༠༥ལོར་མཚོ་སྔོན་ཞིང་ཆེན་རྒྱལ་ས་ཐོན་ཁུངས་སྡེ་ཁག་གིས་སྒོར་ཁྲི་ཚོ་
༢༠༠བཏང་ནས་ཀྲུང་ཏཱེ་ཀུང་ཟི་ཟེར་བ་ཞིག་ལ་ས་གསོ་རྩ་འདེབས་བྱེད་བཅུག ཀུང་ཟི་དེས་སྤྱི་ལེ་༡ཙམ་ལ་ས་གཞི་ཁོད་སྙོམས་བྱས་
རྗེས། ལོ་མཇུག་ཏུ་ལྐོག་ནས་གསེར་སྔོག་པས་ས་དེའི་ཆུ་ཡང་ནག་པོ་རུ་བསྒྱུར་བ་རེད། ཁོ་ཚོས་གཞན་གྱིས་མཐོང་པར་དོགས་ནས་
གསེར་རྐོ་ས་རུ་མི་གཞན་པ་འོང་མི་འཇུག་པ་རེད། ཉིན་ཞིག་སྡེ་བ་དེའི་འབྲོག་མི་ཞིག་གནས་དེར་སོང་པས་ཁོ་ཚོས་རྒྱག་རྡུང་དྲག་པོ་
བྱས་པ་མ་ཚད་ཉིན་མང་པོ་ལ་བཙན་བཟུང་བྱས། གནས་དེའི་འབྲོག་པ་མང་ཚོགས་ཀྱིས་དོང་ཁོད་སྙོམས་མཁན་གྱིས་གསེར་རྐུ་སྔོག་
བྱེད་པ་མཐོང་ཐེངས་རེར་ཞང་དང་རྫོང་སྲིད་གཞུང་ལ་ཞུ་འབུལ་བྱས་ཀྱང་ཕན་པ་ཅི་ཡང་མ་བྱུང་། གྱོད་དཔེ་འདི་དང་འབྲེལ་བའི་
བཅའ་ཁྲིམས་ཀྱི་གནད་དོན་ནི། ཁྲིམས་འགལ་གཏེར་སྔོག་གི་བྱ་བ་དེས་གཏེར་ཁའི་བཅའ་ཁྲིམས་དང་ས་གཞི་དོ་དམ་བཅའ་ཁྲིམས།
ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས། རྩྭ་སའི་བཅའ་ཁྲིམས། ཆུ་ཡི་བཅའ་ཁྲིམས། ཉེས་དོན་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་
དང་འགལ་ཞིང་། རྒྱལ་ཁབ་ཀྱི་ས་གཞི་དང་གཏེར་ཁ། རྩྭ་ས། ཁོར་ཡུག་བཅས་དོ་དམ་བྱེད་པའི་སྒྲིག་གཞི་ལ་ཡང་འགལ་པས་རྒྱལ་ཁབ་
དང་ཐུན་མོང་། མི་སྒེར་བཅས་ཀྱི་ཁེ་ཕན་སྣ་མང་ལ་གནོད་པ་བཟོས། ས་དོང་ཁོད་སྙོམས་ཀྱི་མ་དངུལ་གཏོང་མཁན་ལས་ཁུངས་དང་།
ས་གནས་དེའི་སྲིད་གཞུང་ངམ་མང་ཚོགས་བཅས་ཀྱིས་ཕྱོགས་སོ་སོ་ནས་ཁྲིམས་འགལ་གྱི་གསེར་སྔོག་པ་དང་ཁོར་ཡུག་གཏོར་བརླག་
གི་བྱ་སྤྱོད་ལ་བཀག་འགོག་བྱེད་པའི་དབང་ཆ་ཡོད་པ་མ་ཟད་ངེས་པར་བཀག་འགོག་ཀྱང་བྱ་དགོས། ༡ས་དོང་ཁོད་སྙོམས་བྱེད་པའི་
ཀུང་ཟི་དང་སྲིད་གཞུང་གི་རྒྱལ་ས་དོ་དམ་སྡེ་ཁག་བར་བཞག་པའི་གན་རྒྱ་དང་འགལ་ཡོད་པ་མ་ཟད་ཐ་ན་གན་རྒྱ་མགོ་སྐོར་བཏང་
བའི་དོགས་པའང་ཡོད། དེས་རྒྱལ་ཁབ་ཀྱི་མ་དངུལ་མགོ་སྐོར་བྱས་པ་མ་ཟད་རྒྱལ་ཁབ་ཀྱི་གཏེར་ཁ་ཡང་རྐུ་རྐོ་བྱས་པ་དང་ཁོར་ཡུག་
ལ་གཏོར་བརླག་བྱས་པས། གན་རྒྱ་དང་འབྲེལ་བའི་རྒྱལ་ས་དོ་དམ་སྡེ་ཁག་གིས་འགན་ཁུར་ཏེ་སྤྱི་བཏང་གི་གན་རྒྱའི་གཏན་འབེབས་
དང་འགལ་བའི་གནད་དོན་ཡིན་ན་ཐད་ཀར་དུ་དམངས་དོན་གཏུག་བཤེར་ཆོག་པ་དང་། གལ་ཏེ་གན་རྒྱ་མགོ་སྐོར་གྱི་རིགས་སུ་
གཏོགས་ན་སྤྱི་བདེ་ལས་ཁུངས་ལ་སྤྲད་ནས་ཉེས་འགན་རྩད་གཅོད་བྱེད་དགོས། ཁྲིམས་འགལ་གཏེར་སྔོག་དང་ཁོར་ཡུག་གཏོར་བརླག་
བྱས་པ་ལ་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་དང་གཏེར་ཁ་དོ་དམ་སྡེ་ཁག་ལ་སྤྲད་ནས་ཐག་གཅོད་བྱ་དགོས། ༢རྩྭ་ས་ལ་གཏོར་བརླག་
དང་འབབ་ཆུ་ལ་མནོལ་བཙོག་གི་གནོད་འཚེ་ཐད་ཀར་ཐེབས་ཡུལ་ནི་ས་གནས་དེའི་མང་ཚོགས་ཡིན་པས། མང་ཚོགས་རྣམས་ཀྱིས་
གཏེར་ཁ་རྐོ་མཁན་དེ་གྱོད་ཡར་བྱས་ཏེ་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱེད་ནས་གཏེར་ཁ་རྐོ་མཚམས་འཇོག་པ་དང་གྱོང་
ཁ་ཚབ་ཏུ་འཇུག་དགོས། སྲིད་གཞུང་གི་རྩྭ་ས་དང་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་གནས་ཚུལ་དེ་རིགས་ལ་རྩད་གཅོད་བྱེད་པའི་འོས་
འགན་ཡོད་པས། གལ་ཏེ་རྩད་གཅོད་མ་བྱས་ན་སྲིད་འཛིན་གཏུག་བཤེར་བྱེད་ཆོག །མི་ལ་རྒྱག་རྡུང་དང་བཙན་བཟུང་བྱེད་པ་ནི་མི་
ལུས་བདེ་ཐང་གི་དབང་ཆ་ལ་གནོད་འཚེ་བཟོས་ཕྱིར་གྲོང་སྡེའི་མང་ཚོགས་ཀྱིས་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུག་བྱ་དགོས་པ་དང་།
ཉེས་དོན་གཏུག་བཤེར་བརྒྱུད་ནས་ཉེས་དོན་ཀྱི་འགན་འཁྲི་རྩད་གཅོད་དགོས་པ་དང་གནས་ཚུལ་དེ་ཡི་དབང་གིས་བྱུང་བའི་གྱོང་ཁ་
ཡང་ཚབ་ཏུ་འཇུག་དགོས། ༣ཁྲིམས་འགལ་གཏེར་སྔོག་གི་དོན་འཕྲིན་ནི་ས་གནས་དེའི་སྲིད་གཞུང་གི་མངའ་ཁོངས་ནས་བྱུང་བ་དང་
མང་ཚོགས་ཀྱིས་ཞུ་གཏུག་བྱས་པར་སྣང་མེད་དུ་བཞག་པ་འདི་ནི་སྲིད་འཛིན་གྱི་འགན་ནུས་མ་བསྒྲུབས་པའི་རྐྱེན་ཡིན་པས་སྲིད་
འཛིན་གཏུག་བཤེར་བྱ་ཆོག། གལ་ཏེ་ཁྲིམས་འགལ་གཏེར་སྔོག་གི་གནས་ཚུལ་འདི་ནི་སྲིད་འཛིན་སྡེ་ཁག་དང་དེའི་ལས་སྒྲུབ་མི་སྣས་
ཁྲིམས་འགལ་ལས་འཛོལ་དང་འགན་འཁྲི་སྣང་མེད་དབང་གིས་ཡིན་ན་གནས་དེའི་ཞིབ་དཔྱོད་ཁང་ལ་ཞུ་གཏུག་དང་ཐེར་འདོན་
བྱས་ཏེ་ཉེས་དོན་འགན་འཁྲི་རྩད་པའི་རེ་བ་འདོན་དགོས། གྱོད་གཞི་འདིའི་གསལ་དོན་ནི། ཐད་ནས་མང་ཚོགས་ཀྱི་ཞུ་གཏུག་དང་
ཐེར་འདོན། གཏུག་བཤེར་སོགས་ལྟ་སྐུལ་དང་ཁེ་དབང་སྲུང་སྐྱོབ་བྱེད་པའི་བྱ་འགུལ་ནི་རྨང་གཞི་ཡིན་ལ་ཁྲིམས་འགལ་གཏེར་རྐོ་ཡི་
གནད་དོན་ལ་ཐག་གཅོད་ཐུབ་དགོས་ན་སྲིད་གཞུང་ནི་འགག་རྩ་ཡིན་པ་ཤེས་ཐུབ། དེ་ཅི་ཕྱིར་ཞེ་ན་སྲིད་གཞུང་གིས་དོ་དམ་མ་བྱས་
པ་དང་ཡང་ན་འགན་དབང་སྣང་མེད་དུ་བཞག་པའི་དབང་གིས་ཁྲིམས་འགལ་གཏེར་རྐོ་གཙོ་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྐོར་
བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པས། འདི་ནས་སྲིད་འཛིན་གཏུག་བཤེར་གནད་དུ་གསལ་བཤད་བྱ་རྒྱུ་ཡིན།

སྲིད་འཛིན་གཏུག་བཤེར་གྱི་ཐབས་ཚུལ་ནི། དོན་དངོས་ལ་སྤྱི་དམངས་ཀྱིས་ཞུ་གཏུག་བྱས་པར་རྨང་གཞིར་བྱས་ཏེ་ཁྲིམས་ཁང་གིས་
ཁྲིམས་ལྟར་སྲིད་འཛིན་སྡེ་ཁག་ལ་ཁྲིམས་འཛིན་ལྟ་སྐུལ་བྱེད་པའི་ཐབས་ལམ་ཡིན། དེང་དུས་སྤྱི་ཚོགས་ཐོག་མི་རྣམས་ཀྱིས་ཟས་གོས་
འགྲོ་འདུག་དང་། ཡང་ན་སློབ་སྦྱོང་དང་གཞུང་ལས་བསྒྲུབ་པ། སོ་ནམ་སྤེལ་བ། ཚོང་ལས་གཉེར་བ། ཕྱུགས་ཟོག་འཚོ་བ་བཅས་གང་
བྱས་ཀྱང་ཚང་མར་སྲིད་འཛིན་དབང་ཆ་ཡིས་ཐེ་གཏོགས་ཐེབས་བཞིན་ཡོད། སྲིད་འཛིན་སྡེ་ཁག་གིས་ཆོད་དོན་དང་ཆད་པ་ཡང་ན་
སྲིད་འཛིན་སྡེ་ཁག་གིས་ཁྲིམས་འགན་མི་བསྒྲུབ་པའམ་ཁྲིམས་འགལ་དབང་འཆོལ་བྱེད་པའི་གནས་ཚུལ་བྱུང་ཚེ། སྲིད་འཛིན་གཏུག་
བཤེར་ནི་སྤྱི་དམངས་རྣམས་ཀྱིས་ཐོག་མའི་བདམ་བྱ་གལ་ཆེན་ཡིན། སྲིད་འཛིན་གཏུག་བཤེར་གྱི་གྱོད་གཏུག་མཁན་ནི་སྤྱི་དམངས་
དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་པ་ཡིན་པས་མིང་བསྡུས་ན་དམངས་ཞེས་འབོད་པ་དང་། སྲིད་འཛིན་སྡེ་ཁག་ནི་གྱོད་ཡ་
ཡིན་པས་མིང་བསྡུས་ན་དཔོན་ཞེས་འབོད་པས། དེ་བས་སྲིད་འཛིན་གཏུག་བཤེར་གྱི་བཅའ་ཁྲིམས་ལ་དམངས་དཔོན་གཏུག་བཤེར་གྱི་
བཅའ་ཁྲིམས་ཞེས་པར་གླེང་སྲོལ་ཆགས། སྲིད་འཛིན་སྡེ་ཁག་ལ་ལྟ་སྐུལ་ཤུགས་ཚད་ཆེ་རུ་བཏང་སྟེ་ཁྲིམས་ལྟར་སྲིད་གཉེར་པ་དང་
ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་ཕྱིར། ཉེས་དོན་གཏུག་བཤེར་དང་དམངས་དོན་གཏུག་བཤེར་ལས། སྲིད་འཛིན་
གཏུག་བཤེར་ལ་གཏུག་བཤེར་བྱེད་པའི་ཆ་རྐྱེན་ཐད་རང་སྣང་ཆེན་པོར་ལྡན། གལ་ཏེ་སྲིད་འཛིན་སྡེ་ཁག་དང་དེའི་ལས་སྒྲུབ་མི་སྣས་
སྲིད་འཛིན་གྱི་བྱ་སྤྱོད་སྒྲུབ་པའི་ཁྲོད་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་བཟོས་ན་ཁྲིམས་ཁང་ལ་གཏུག་བཤེར་བྱེད་པའི་
དབང་ཆ་ཡོད། དེ་ལ་སྲིད་འཛིན་གཏུག་བཤེར་གྱིས་འདྲི་གཅོད་ཆོག་པའི་གྱོད་གཞི་ཐད། སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་དོན་
ཚན་གཉིས་པའི་ནང་། སྤྱི་དམངས་དང་། ཁྲིམས་མི་དང་ཡང་ན་རྩ་འཛུགས་གཞན་གྱིས་སྲིད་འཛིན་ལས་ཁུངས་ཀྱི་ལས་བྱེད་པའི་སྲིད་
འཛིན་བྱ་སྤྱོད་ཀྱིས་རང་གི་ཁེ་དབང་ལ་གནོད་འཚེ་བཏང་བྱུང་སྙམ་ན། ཁྲིམས་འདིའི་ནང་བཞིན་གཏུག་བཤེར་བྱེད་ཆོག གཞན་ཡང་
ཁྲིམས་འདིའི་དོན་ཚན་བཅུ་གཅིག་པའི་ཚན་པ་དང་པོའི་ནང་གཏུག་ཆོག་པའི་གྱོད་དོན་བརྒྱད་དམིགས་བསལ་དུ་བཏོན་ཡོད་དེ།
༡བཀག་ཉར། དངུལ་ཆད། ཆོག་ཡིག་དང་ལག་ཁྱེར་བསྡུ་རུག་བྱས་པ། རྒྱུ་ནོར་གཞུང་བཞེས་བཅས་ཀྱི་སྲིད་འཛིན་ཆད་པ་ལ་བློ་མ་
འབབ་པ། ༢མི་ལུས་རང་དབང་ལ་ཚོད་འཛིན་དང་ཡང་ན་རྒྱུ་ནོར་ལ་རྒྱ་བཏབ་པ་དང་བཙན་ཉར་དང་སྡོམ་བཅད་བཅས་ལ་བློ་མ་
འབབ་པ། ༣སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་མཐུན་གྱི་གཉེར་སྐྱོང་དབང་ཆ་ལ་གནོད་འཚེ་བཏང་བྱུང་སྙམ་པ། ༤ཁྲིམས་མཐུན་ཆ་
རྐྱེན་ནང་ལྟར་རེ་བ་ཞུས་ཀྱང་སྲིད་འཛིན་ལས་ཁུངས་ཀྱིས་ཆོག་འཛིན་དང་ལག་ཁྱེར་མི་སྤྲོད་པའམ་ལན་མི་འདེབས་པ། ༥མི་ལུས་ཁེ་
དབང་དང་རྒྱུ་ནོར་དབང་ཆར་སྲུང་སྐྱབས་ཞུས་ཀྱང་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་གཏན་འོས་འགན་ལག་ལེན་མ་བྱས་པའམ་
ལན་མི་འདེབས་པ། ༦སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་འཆི་གོད་གྱོང་གསབ་མ་དངུལ་གཏད་མེད་སྙམ་པ། ༧སྲིད་འཛིན་ལས་
ཁུངས་ཀྱིས་ཁྲིམས་དང་འགལ་བའི་འོས་འགན་ལག་ལེན་བྱེད་དུ་བཅུག་སྙམ་པ། ༨སྲིད་འཛིན་ལས་ཁུངས་ཀྱིས་མི་ལུས་ཁེ་དབང་དང་
རྒྱུ་ནོར་དབང་ཆ་གཞན་ལ་གནོད་འཚེ་བཏང་བྱུང་སྙམ་པ། གོང་གསལ་ཁྲིམས་ཁང་གིས་གྱོད་གཞི་བསྡུ་རུག་དང་འདྲི་གཅོད་བྱེད་པའི་
ཁྱབ་ཁོངས་ནང་ལ་ཚན་པ་༨བཀོད། དེ་ལས་ཚན་པ་༡དང་༢ནི་བློར་མི་འབབ་པའི་དབང་གིས་གཏུག་བཤེར་བྱས་པ་དང་། ཚན་པ་
༣ནས་༨བར་ནི་རང་སྣང་གིས་སྙམ་པའི་དབང་གིས་གཏུག་བཤེར་བྱས་པ་ཡིན། འདི་ནས་བཏོན་པའི་བློར་མི་འབབ་པ་དང་སྙམ་བྱུང་
ཟེར་བ་གཉིས་ནི་སྲིད་འཛིན་གྱི་བྱ་སྤྱོད་དང་བསྟུན་པའི་སེམས་གྱི་ངོས་ཚོར་ཞིག་ཡིན་པས་དེ་ནི་སྲིད་འཛིན་གཏུག་བཤེར་བྱེད་པའི་
རང་སྣང་གི་ཆ་རྐྱེན་ཡིན། ཚུལ་འདིས་སྲིད་འཛིན་གཏུག་བཤེར་བྱེད་པའི་ཆ་རྐྱེན་ཐད་དུ་རང་རང་གི་འཆར་སྣང་ནི་གཙོ་ཧ་ཅང་ཆེ་བ་
གསལ་པོར་རྟོགས་ཐུབ། མང་ཚོགས་ཀྱི་ཁྲིམས་ལུགས་ལ་རྒྱུས་ཇི་ཙམ་ཡོད་པ་དང་ལྟ་ཚུལ་ཡང་དག་དང་མ་དག་གང་ཡིན་ཡང་། གལ་
ཏེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲིད་འཛིན་བྱ་སྤྱོད་ཀྱིས་གནོད་པ་བཟོས་པའི་དོགས་པ་ཡོད་ན་གཏུག་བཤེར་བྱེད་ཆོག དེ་
བས་སྲིད་འཛིན་ཞུ་གཏུག་བྱེད་པའི་ཆ་རྐྱེན་ཇི་ཙམ་ལྷོད་པ་དེ་ཙམ་གྱིས། མང་ཚོགས་ཀྱིས་ཁྲིམས་ཁང་བརྒྱུད་ནས་སྲིད་འཛིན་བྱ་སྤྱོད་
ལ་ཁྲིམས་འཛིན་གྱི་ལྟ་སྐུལ་བྱེད་པའི་ཚད་ཇེ་ཆེར་འགྲོ་བ་རེད།

གྱོད་དཔེ།
༡༩༩༤ལོར་ཨ་ག་གེ་མོས་རྫོང་ཞིག་གི་གྲོང་མཐའི་ཇོ་ཕག་བཟོ་གྲྭ་ཞིག་ལོ་ལྔའི་ཡུན་གྱི་གན་འགན་བླངས། ཇོ་ཕག་སྲེག་བྱེད་ཀྱི་ས་
ནི་ཐད་ཀར་དུ་མདུན་གྱི་རི་ལས་བླངས་པ་ཡིན། གན་རྒྱའི་དུས་ཚོད་ཚང་རྗེས་ཇོ་ཕག་བཟོ་གྲྭ་དེ་མི་གཞན་པ་ལ་གན་འགན་གཏད།
༢༠༠༦ལོའི་ཟླ་༧པའི་ནང་ཨ་ག་གེ་མོས་རྫོང་དེའི་རྒྱལ་ས་ཐོན་ཁུངས་སྡེ་ཁག་ལ་ཁོས་གན་འགན་ལེན་སྐབས་ཀྱི་རི་བསྙིལ་ས་རྐོ་བྱས་
ནས་བྱུང་བའི་ས་སྟོང་དེའི་བེད་སྤྱོད་དབང་ཆ་དེ་ཁོ་ལ་དབང་བས་དེ་ལྟར་སྟེར་བའི་རེ་འདུན་ཡིག་ཐོག་ནས་བཏོན། འོན་ཀྱང་
རྒྱལ་ས་ཐོན་ཁུངས་སྡེ་ཁག་གིས་ཁོ་ལ་མི་དབང་པའི་རྒྱུ་མཚན་ངག་ཐོག་ནས་བཤད་པ་ལས་ཡིག་ལན་མ་བཏབ། ༢༠༠༧ལོའི་ཟླ་༨པའི་
ནང་ཨ་ག་གེ་མོས་ཁྲིམས་ལྟར་སྲིད་འཛིན་གཏུག་བཤེར་བྱས། ཁྲིམས་ཁང་གིས་བལྟས་ན་རྒྱལ་ས་ཐོན་ཁུངས་སྡེ་ཁག་གིས་སྲིད་འགན་
ཡང་དག་མ་བསྒྲུབས་པས་ཁྲིམས་ལྟར་ལས་འགན་སྒྲུབ་དགོས་པའི་ཁྲིམས་ཐག་བཅད་ནས། ཨ་ག་གེ་མོ་རང་གྱོད་ཁེ་བ་བྱུང་།
༥ཁྲིམས་ལུགས་རོགས་སྐྱོར་ལས་ཁུངས་དང་དམངས་ཁྲོད་རྩ་འཛུགས་ལ་ཁྲིམས་ལུགས་ཀྱི་རོགས་པ་ཞུ་དགོས། (ཁྲིམས་འགལ་གཏེར་
སྔོག་ཡིན་མིན་གྱི་བདེན་དཔང་ཉུག་པའི་སྐབས་འབྲེལ་ཡོད་ལས་ཁུངས་ལ་རོགས་པ་མཛད་པའི་རེ་བ་ཞུ་ཆོག འབྲེལ་གཏུག་བྱེད་ཚུལ་
ནི་ཟུར་བཀོད་བཞི་པར་གསལ།)

གསུམ་པ། ཁྲིམས་ལུགས་བཀོལ་ཏེ་གཏེར་ཁ་རྐོ་མཁན་གྱི་གནོད་སྤྱོད་ལ་དབྱེ་འབྱེད་བྱ་དགོས།
གཏེར་ཁ་མྱུལ་སྔོག་ཆོག་པའི་དཔང་ཡིག་ཡོད་མེད་གང་ཡིན་ཡང་གཏེར་ཁ་རྐོ་ཚེ། གཏེར་རྐོ་མཁན་གྱིས་ཁྲིམས་ལུགས་གཞན་པ་དང་
འགལ་ཏེ་ཡུལ་སྡེའི་མང་ཚོགས་ཁེ་ཕན་ལ་གནོད་པ་བཟོ་སྲིད། གནོད་པའི་བྱ་སྤྱོད་དེ་དག་ནི།
༡ས་ཞིང་བཅའ་ཁྲིམས་དང་ཞིང་ས་གན་འགན་བཅའ་ཁྲིམས་སམ་ས་གསོ་རྩྭ་འདེབས་ཀྱི་གཏན་འབེབས་དང་འགལ་ཏེ་སྡེ་དམངས་ཀྱི་
ས་ཞིང་བདག་དབང་ལ་གནོད་པའི་གཏེར་རྐོའི་བྱ་སྤྱོད།
༢རྩྭ་སའི་བཅའ་ཁྲིམས་དང་འགལ་ཏེ་སྡེ་དམངས་ཀྱི་རྩྭ་སའི་བེད་སྤྱོད་དབང་ཆ་ལ་གནོད་པའི་གཏེར་རྐོའི་བྱ་སྤྱོད།
༣ནགས་ཚལ་གྱི་བཅའ་ཁྲིམས་དང་འགལ་ཏེ་སྡེ་དམངས་ཀྱི་ནགས་ཤིང་བདག་དབང་ལ་གནོད་པའི་གཏེར་རྐོའི་བྱ་སྤྱོད།
༤ཆུ་ཡི་བཅའ་ཁྲིམས་དང་ཆུའི་མནོལ་བཙོག་འགོག་བཅོས་བཅའ་ཁྲིམས་ལ་འགལ་ཏེ་སྡེ་དམངས་ཀྱི་འཐུང་ཆུ་དང་ཞིང་ཆུ་ལ་གནོད་
པའི་གཏེར་རྐོའི་བྱ་སྤྱོད།
༥སྐམ་གཟུགས་སྦག་བཙོག་གིས་ཁོར་ཡུག་མནོལ་བཙོག་འགོག་བཅོས་བཅའ་ཁྲིམས་དང་འགལ་ནས་སྐམ་གཟུགས་མནོལ་རྫས་ཀྱིས་
གནོད་པའི་གཏེར་རྐོའི་བྱ་སྤྱོད།
༦ས་ཆུ་རྒྱུན་སྡོད་བཅའ་ཁྲིམས་དང་འགལ་ཏེ་སྤང་ཤུན་བཤུ་བ་དང་ཆུ་གཤར་ས་འདེད་བསླངས་ནས་སྡེ་དམངས་ལ་གྱོང་ཁ་བཟོས་
པའི་གཏེར་རྐོའི་བྱ་སྤྱོད།
༧འཕྲོ་དུག་ཅན་གྱི་མནོལ་བཙོག་འགོག་བཅོས་བཅའ་ཁྲིམས་དང་འགལ་ཏེ་འཕྲོ་དུག་ཅན་གྱི་གནོད་སློང་པའི་གཏེར་རྐོའི་བྱ་སྤྱོད།
༨ད་དུང་གཞན་གཏེར་སྔོག་གིས་ཡུལ་སྡེ་མང་ཚོགས་ཀྱི་ལུས་ཕུང་དང་རྒྱུ་ནོར་ལ་གནོད་འཚེ་བཟོ་སྲིད་པའི་གཏེར་རྐོའི་བྱ་སྤྱོད།
ཡུལ་སྡེའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འགལ་བའི་གོང་གསལ་གྱི་གནོད་འཚེའི་བྱ་སྤྱོད་བྱུང་ཚེ། ཡུལ་སྡེ་ཡིས་དུས་ཐོག་ཏུ་ཤེས་
དགོས་པ་མ་ཟད། དུས་ཐོག་ཏུ་བཀག་འགོག་ཐུབ་པ་བྱ་དགོས། གལ་ཏེ་གྱོང་གུད་བཟོས་ན་གཏེར་ཁ་རྐོ་མཁན་ལ་གྱོང་ཚབ་བསླང་
དགོས།

བཞི་པ། ཁྲིམས་ལུགས་བེད་སྤྱོད་ནས་གཏེར་ཁ་རྐོ་མཁན་དང་སྲིད་འཛིན་སྡེ་ཁག་གི་གནོད་སྤྱོད་བཀག་འགོག་བྱ་དགོས།
(གཅིག)རྒྱལ་ས་ཐོན་ཁུངས་སྡེ་ཁག་ལ་ཞུ་གཏུག་དང་ཐེར་འདོན་བྱེད་པ།
རྒྱལ་ས་ཐོན་ཁུངས་ཀྱི་འཕྲིན་གཏུག་གཏན་འབེབས་ལྟར་སྡེ་དམངས་ཀྱིས་ཁྲིམས་འགལ་གཏེར་སྔོག་གམ་ཡང་ན་གཏེར་རྐོའི་གནོད་
སྤྱོད་ལ་གཞིགས་ཏེ་ཐག་གཅོད་དབང་ཆ་ཡོད་པའི་རིམ་པ་ངེས་ཅན་གྱི་རྒྱལ་ས་ཐོན་ཁུངས་དོ་དམ་སྡེ་ཁག་ལ་འཕྲིན་སྐུར་དང་ངོ་
གཏུག་བྱ་དགོས། ཆོག་ཡིག་མེད་པའི་གཏེར་སྔོག་ལ་རྫོང་རིམ་པ་དང་ཁུལ་རིམ་པའི་རྒྱལ་ས་ཐོན་ཁུངས་དོ་དམ་སྡེ་ཁག་ལ་ཞུ་གཏུག་བྱ་
དགོས། གཏེར་རྐོའི་ཆོག་ཡིག་ཡོད་ཀྱང་སྡེ་དམངས་རྣམས་ཀྱིས་གཏེར་རྐོ་ཆོག་ཡིག་མེད་པ་བཟོ་བའི་རེ་བ་ཡོད་ན་ཞིང་ཆེན་རིམ་པའི་
རྒྱལ་ས་ཐོན་ཁུངས་དོ་དམ་སྡེ་ཁག་ལ་ཞུ་གཏུག་བྱ་དགོས།
གཏེར་རྐོའི་བྱ་སྤྱོད་ཀྱིས་ཡུལ་སྡེ་སྤྱིའི་ཁེ་ཕན་ལ་གནོད་པ་བཟོས་ན། སྡེ་དམངས་རྣམས་ཀྱིས་མིང་སྦྲེལ་ནས་འཕྲིན་སྐུར་ཞུ་གཏུག་བྱ་
ཆོག་ལ། མིང་སྦྲེལ་གྱི་མི་ཇི་ཙམ་མང་པ་དང་། ཞུ་འདོན་བྱས་པའི་གནད་དོན་ཇི་ཙམ་ཚབས་ཆེ་བ་དེ་ཙམ་གྱི་མཐོང་ཆེན་མཛད་ངེས་
རེད། འོན་ཀྱང་ཡིད་འཇོག་བྱ་དགོས་པ་ལ་སྡེ་དམངས་རྣམས་ཀྱིས་འཕྲིན་གཏུག་བྱེད་སྐབས་འཕྲིན་ཡིག་ཐོག་ཏུ་རང་ཉིད་ཀྱི་མིང་
འགོད་པ་དང་འཕྲིན་གཏུག་བྱེད་མཁན་རྣམས་ཀྱི་འཐུས་ཚབ་མི་སྣ་འགའ་ཤས་མངགས་ཏེ་ཞུ་གཏུག་བྱེད་ཆོག་པ་ལས། འཕྲིན་གཏུག་
ཚེ་མང་ཚོགས་ཡོད་ཚད་ལྷན་དུ་འགྲོ་བའི་དགོས་པ་མེད།
རྒྱལ་ས་ཐོན་ཁུངས་ཀྱི་ཞུ་གཏུག་གཏན་འབེབས་ཀྱི་དོན་ཚན་༢༨པར། རྒྱལ་ས་ཐོན་ཁུངས་དོ་དམ་སྡེ་ཁག་གིས་འཕྲིན་སྐུར་ཞུ་གཏུག་
བྱེད་པའི་དོན་དག་ལ་ཐག་གཅོད་བྱེད་སྐབས། ཞུ་གཏུག་བསྡུ་རུག་བྱས་པའི་ཉིན༦༠ནང་ནས་ཐག་གཅོད་བྱ་ཐུབ་དགོས། གནས་ཚུལ་
ཚབས་ཆེ་བ་དང་རྙོག་འཛིང་ཆེ་བ་ལ་ལས་ཁུངས་རང་གི་འགོ་འཛིན་གྱིས་ཆོག་མཆན་གནངསྟེ། ཐག་གཅོད་ཀྱི་དུས་ཚོད་འོས་འཚམས་
ཀྱིས་ཕྱི་འགྱངས་བྱ་ཆོག འོན་ཀྱང་ཕྱི་འགྱངས་བྱེད་པའི་དུས་ཚོད་ཉིན་༣༠ལས་འགོར་མི་ཆོག་པ་དང་ཞུ་གཏུག་བྱེད་མཁན་ལ་དུས་
ཚོད་ཕྱི་འགྱངས་བྱས་པའི་རྒྱུ་རྐྱེན་གསལ་བཤད་བྱ་དགོས། དོན་ཚན་ཉེར་ལྔ་པ་ལ། དོན་ཚབས་ཆེན་དང་རྙོག་འཛིང་ཆེ་བའམ་དཀའ་
ངལ་ཆེ་བའི་འཕྲིན་སྐུར་ཞུ་གཏུག་ལ་དཔང་རྟགས་ཉན་དགོས་ན། དཔང་རྟགས་ཉན་པའི་དུས་ཚོད་དེ་གོང་མའི་དོན་ཚན་གྱིས་བཏོན་
པའི་ཐག་གཅོད་བྱེད་པའི་དུས་ཆད་ནང་དུ་རྩི་མི་དགོས།



མང་པོ་གཅིག་ཏུ་བློ་མཐུན་ན། །
ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ། །
སྲོག་ཆགས་གྲོག་མའི་ཚོགས་འདུས་པས། །
སེང་གེའི་ཕྲུ་གུ་བསད་ཅེས་གྲགས། །



གྱོད་དཔེ།
བསོད་ནམས་རྡོ་རྗེ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་གི་དངུལ་ཁང་ཞིག་གི་ལས་མཐར་ཞོག་པ་ཞིག་ཡིན། ༢༠༠༣ལོ་ནས་བཟུང་
ཀྭང་ཤིན་ཞིང་ཆེན་གྱི་ཁེ་ལས་ཞིག་བདེ་ཆེན་རྫོང་གི་ཉེ་འགྲམ་ནས་གཤའ་ཡི་གཏེར་ཁ་སྔོག། གཏེར་ཁ་དེ་རྐོས་བའི་དབང་གིས་ཉེ་
འགྲམ་གྱི་ཡུལ་སྡེ་༡༣གྱི་འཐུང་ཆུ་ལ་མནོལ་བཙོག་ཚབས་ཆེན་བཟོས། རྒན་པོ་དེས་སྡེ་དམངས་རྣམས་དང་གྲོས་རྗེས་འཕྲིན་གཏུག་གི་
ཚུལ་གྱིས་གནས་ཚུལ་དེ་ཞུ་འབུལ་བྱས། དང་ཐོག་གྲོང་སྡེ་༡༣ནས་གྲོང་སྡེ་རེ་ནས་འཐུས་ཚབ་མི་སྣ་རེ་རྒན་པོ་དང་མཉམ་དུ་རྫོང་ཐོག་
ལ་མངགས་ཏེ་རྫོང་དཔོན་དང་རྫོང་ཨུ་ཧྲུའུ་ཅི་ཉུག། འོན་ཀྱང་རྒྱལ་ཁབ་ཀྱི་འཕྲིན་གཏུག་སྲོལ་ཡིག་གི་ནང་དོན་རྒྱུས་ལོན་རྗེས། རྒན་པོ་
ཡིས་བྱ་ཐབས་བསྒྱུར་ཏེ་མི་བརྒྱད་ཕྱིར་ཁྱིམ་དུ་མངགས་ནས་སྐད་ཆ་སྒུག། མི་ལྔ་ཡིས་འཕྲིན་གཏུག་ཡིག་ཆ་གྲ་སྒྲིག་བྱས་ཏེ་འབྲེལ་ཡོད་
སྡེ་ཁག་ལ་སྤྲད། རྒན་པོས་བཤད་རྒྱུར། མི་ལྔ་མན་ཡིན་ན་ཁྲིམས་མཐུན་ཡིན་པ་དང་མི་ལྔ་ཡན་བརྒལ་ན་ཁྲིམས་འགལ་ཡིན་པས། ང་
ཚོས་ཁྲིམས་ལུགས་ཤེས་དགོས་པ་དང་ཁྲིམས་ལུགས་མ་ཤེས་ན་རྒྱུན་པར་ཁྲིམས་འགལ་གྱི་བྱ་བ་སྒྲུབ་ངེས་ལ་ཐ་ན་རང་ཉིད་ཀྱིས་ཁྲིམས་
འགལ་གྱི་བྱ་བ་བསྒྲུབས་ཟིན་ཀྱང་ད་དུང་ཁྲིམས་འགལ་ཡིན་པ་རང་གིས་མི་ཤེས། དངོས་པོའི་ལག་ལེན་ཁྲོད་ནས་ཀྱང་དོན་དག་མང་
པོ་ཞིག་གི་ཐད་ནས་ང་ཚོ་ལ་གནས་ལུགས་ཡོད་ཀྱང་ང་ཚོས་ཁྲིམས་ལུགས་མི་ཤེས་པའི་སྟབས་ཀྱིས་དང་ཐོག་ནས་ཁྲིམས་ལུགས་དང་
འགལ་བས་མི་གཞན་གྱིས་དེར་རྔ་མ་བཟུང་པས་རང་ཉིད་ཀྱི་ཁེ་དབང་ལའང་སྲུང་སྐྱོབ་བྱེད་ཐབས་བྲལ། རྒན་པོ་ཡིས་བྱ་ཐབས་བསྒྱུར་
རྗེས། འཕྲིན་གཏུག་བྱས་པར་བརྒྱུད་དེ་གཏེར་རྐོའི་ཁེ་ལས་དེ་བདེ་བླག་ངང་བཀག་འགོག་ཐུབ། ཉམས་མྱོང་ལ་བལྟས་ན་སྡེ་མི་རྣམས་
ཀྱིས་ཁྲིམས་ལུགས་ཤེས་དགོས་པ་དང་ཐབས་ཤེས་མ་ནོར་བ་བཀོལ་ཏེ་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་དགོས་པ་དང་དེ་ལས་ལྡོག་ན་
རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཐབས་བྲལ།

(གཉིས།)སྲིད་འཛིན་སྐྱར་གྲོས་ཞུ་བ།
སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་པ་བཅས་ཀྱིས་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་བྱ་སྤྱོད་སྒྲུབ་སྐབས་ཁྲིམས་བཞིན་
ཐོབ་པའི་ས་ཞིང་དང་གཏེར་ཁ། ཆུ་བོ། ནགས་ཚལ། རི་བོ། རྩྭ་ཐང་། ས་རྒོད། གྲམ་ཐང་། མཚོ་ཁུལ་སོགས་རང་བྱུང་ཐོན་ཁུངས་ཀྱི་
བདག་དབང་དང་བེད་སྤྱོད་བྱེད་པའི་དབང་ཆ་ལ་གནོད་པ་བཟོས་ན་སྲིད་འཛིན་སྐྱར་གྲོས་ཞུ་པའི་དབང་ཆ་ཡོད།
དེར་བརྟེན་གཏེར་རྐོ་ཆོག་པའི་དཔང་ཡིག་ཐོབ་ནས་ཡུལ་སྡེའི་ཐུན་མོང་ལ་དབང་བའི་ས་ཞིང་དང་ནགས་ས། རྩྭ་ཐང་ཐོག་ནས་
གཏེར་རྐོས་ན། གལ་ཏེ་ཡུལ་སྡེའི་མང་ཚོགས་ཀྱིས་རྒྱལ་ས་ཐོན་ཁུངས་དོ་དམ་སྡེ་ཁག་གིས་གཏེར་རྐོའི་ཆོག་ཡིག་སྤྲོད་པའི་བྱ་སྤྱོད་དེས་
ཐུན་མོང་གི་ས་ཞིང་དང་ནགས་ས། རྩྭ་ས་བཅས་ཀྱི་བདག་དབང་དང་གན་རྒྱའི་དབང་ཆ་ལ་གནོད་འཚེ་བཟོས་བྱུང་བསམ་ན་སྲིད་
འཛིན་སྐྱར་གྲོས་ཞུ་ཆོག ཁོར་ཡུག་གཏོར་བརླག་དང་མནོལ་བཙོག་བཟོས་པས་གྱོང་ཁ་བཟོས་ན་སྲིད་གཞུང་དང་ཁོར་ཡུག་སྲུང་
སྐྱོབ་སྡེ་ཁག་ལ་ཐག་གཅོད་དང་བར་འདུམ་བྱེད་རོགས་ཞུ་བའི་རེ་འདུན་འཇོག་དགོས།

(གསུམ།)མནོལ་བཙོག་དང་གཏོར་བཤིག་གིས་གྱོང་གུད་བཟོས་ཟིན་པ་ལ་སྲིད་གཞུང་ངམ་ཁོར་ཡུག་སྡེ་ཁག་ལ་སྲིད་འཛིན་ཐག་གཅོད་
དང་སྲིད་འཛིན་བར་འདུམ་བྱེད་པའི་རེ་འདུན་འཇོག་ཆོག །

(བཞི།)དམངས་དོན་གཏུག་བཤེར་བྱེད་པ།
ཁྲིམས་འགལ་གཏེར་རྐོ་དང་ཁྲིམས་མཐུན་གཏེར་སྔོག་གི་བྱ་སྤྱོད་གང་ཡིན་ཡང་ཡུལ་སྡེའི་མང་ཚོགས་ཀྱི་ཁྲིམས་མཐུན་རྒྱུ་ནོར་གྱི་
བདག་དབང་དང་མི་ལུས་བདེ་ཐང་དབང་ཆ་ལ་གནོད་པ་བཟོས་ན་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱ་
དགོས།



གྱོད་དཔེ།
(༡)ཤིས་ཀྲམ་གྲོང་ཨུ་ཡིས་ཞུ་གཏུག་བྱས་པའི་ཁྲང་ཏོ་རྫོང་མཚོ་འགྲུལ་ཀུང་ཟིས་བྱེ་མ་བརྐོས་པའི་གནོད་གྱོང་ཚབ་སྤྲོད་རྩོད་གླེང་གྱོད་
གཞི།
ཧྲང་ཏོང་ཞིང་ཆེན་ཁྲང་ཏོ་རྫོང་མཚོ་འགྲུལ་ཀུང་ཟི་ཡིས་༡༩༨༦ལོའི་ཟླ་༧པ་ནས་བཟུང་སྟེ་ཏིང་ཀྲུའུ་མཚོ་སྲབ་གྲམ་ཐང་ནས་བྱེ་མ་
བརྐོས་ཤིང་། ༡༩༨༧ལོའི་ཟླ་༩པའི་ཚེས་༡༦ཉིན་སླར་ཡང་ལོ་གཉིས་ལ་བྱེ་མ་རྐོ་ཆོག་པའི་དཔང་ཡིག་ཐོབ། ༡༩༩༡ལོའི་ཟླ་༡པོའི་ཚེས་
༡༠ཉིན་ཡཱན་ཐཱི་གྲོང་ཁྱེར་གཏེར་རྫས་དོ་དམ་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་སྟེ་ལོ་དེའི་ཟླ་༢པའི་ཚེས་༡ཉིན་ནས་བཟུང་ལས་ཁུངས་
དང་མི་སྒེར་སུས་ཀྱང་ཏིང་ཀྲུའུ་མཚོ་སྲབ་གྲམ་ཐང་ནས་བྱེ་མ་བརྐོ་མི་ཆོག་པའི་གཏན་འབེབ་བྱས་ཀྱང་། མཚོ་འགྲུལ་ཀུང་ཁང་ཟི་ཡིས་
ལོ་དེའི་ཟླ་༥པའི་ཚེས་༢༡ཉིན་ད་གཟོད་བརྐོ་མཚམས་བཞག་པ་རེད། ༡༩༨༧ལོ་ནས་༡༩༩༡ལོ་བར་མཚོ་འགྲུལ་ཀུང་ཟིས་ཏིང་ཀྲུའུ་མཚོ་
སྲབ་གྲམ་ཐང་ནས་བྱེ་མ་བརྐོས་ཚད་ཏུན་༩༦༩༨༤༩ལ་ཐོན་པས། བྱ་སྤྱོད་དེས་ཤིས་ཀྲམ་གྲོང་པའི་ནུབ་ཕྱོགས་ཀྱི་མཚོ་འགྲམ་ཆུས་
ཟགས་པའི་གནས་ཚུལ་ཇེ་ཆེར་གྱུར་ཅིང་ཞིང་སའི་རྒྱ་ཁྱོན་ཇེ་ཆུང་དུ་སོང་བས། གྲོང་པ་དེའི་དཔལ་འབྱོར་གྱོང་གུད་སོང་བ་མ་ཟད།
གྱོང་གུད་མུ་མཐུད་ནས་ཇེ་ཆེར་འགྲོ་བ་འགོག་ཕྱིར་མཚོ་འགྲམ་སྲུང་སྐྱོབ་ཀྱི་ཨར་ལས་མི་ལས་ཐབས་མེད་གྱུར།
ཁྲིམས་ཁང་གིས་བལྟས་ན། ཤིས་ཀྲམ་གྲོང་སྡེར་གནོད་སྐྱོན་ཐེབས་པ་དེ་ནི་རང་བྱུང་ཆུས་ཟག་དང་། མཚོ་འགྲམ་ནས་བྱེ་མ་བརྐོས་པས་
ཏིང་ཀྲུའུ་མཚོ་སྲབ་གྲམ་ཐང་ཇེ་ཆུང་སོང་པ་སོགས་རྒྱུ་རྐྱེན་མང་པོས་གྲུབ་པས་མཚོ་འགྲུལ་ཀུང་ཟིས་བྱ་སྤྱོད་དེ་དང་འཚམས་པའི་གྱོང་
ཚབ་སྤྲོད་པའི་འགན་ཁུར་དགོས་པར་འདོད་། ཐོག་མའི་འདྲི་གཅོད་ཆོད་དོན་ལ་མཚོ་འགྲུལ་ཀུང་ཟིས་ཤིས་ཀྲམ་གྲོང་སྡེ་ལ་མཚོ་
འགྲམ་ཆུས་ཟགས་རྐྱེན་གྱིས་ཞིང་ས་གྱོང་གུད་བཟོས་པའི་གྱོང་ཚབ་སྒོར་ཁྲི་༩༤.༥འཇལ་བ་མ་ཟད་ཤིས་ཀྲམ་གྲོང་སྡེར་སྒོར་ཁྲི་
༡༥༥.༩༨ཀྱི་མཚོ་འགྲམ་སྲུང་བྱེད་ཀྱི་ཁ་གསབ་འགྲོ་སོང་བཏང་སྟེ་གྱོང་གུད་མུ་མཐུད་དུ་ཇེ་ཆེར་འགྲོ་བར་འགོག་དགོས། མཚོ་འགྲུལ་
ཀུང་ཟིས་གོང་གཏུག་བྱས་ཀྱང་ཧྲང་ཏོང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཇུག་མཐའི་འདྲི་གཅོད་བྱས་ཏེ་གོང་གཏུག་
བྱས་པ་ཕྱིར་སྤྲད་ཅིང་ཁྲིམས་བཅད་སྔོན་ལྟར་བཞག །
(༢)ཧེ་ནན་ཞིང་ཆེན་ཝམ་ཉིན་གྲོང་ཁྱེར་ཏོང་ཨོ་འབྲུག་རི་སྡེ་བའི་དུད་ཚང་ལྔ་དང་ཏོང་ཨོ་གྲོང་རྡལ་མི་དམངས་སྲིད་གཞུང་སོགས་
བར་གྱི་མི་ལུས་གནོད་འཚེའི་གྱོང་ཚབ་རྩོད་གླེང་གྱོད་གཞི།
༡༩༩༨ལོའི་ཟླ་༥པའི་ཚེས་༡ཉིན་ཧེ་ནན་ཞིང་ཆེན་ཝམ་ཉིན་ཏོང་ཨོ་གྲོང་རྡལ་འབྲུག་རི་སྡེ་བའི་ལོ་༡༢—༡༥བར་ལོན་པའི་བུ་མོ་དྲུག་
གྲོང་སྡེ་དེའི་འགྲམ་གྱི་གཏེར་བཏོན་རྗེས་ཀྱི་དོང་ཁ་ནས་ལག་པ་འཁྲུ་སྐབས་བུ་མོ་གཅིག་ཡིད་འཇོག་མ་བྱས་སྟབས་ཆུ་ནང་དུ་ལྷུང་བ་
དང་བུ་མོ་བཞི་དེ་སྐྱོབ་ཕྱིར་གཅིག་རྗེས་གཉིས་མཐུད་ཀྱིས་ཆུ་ནང་དུ་ལྷུང་། བུ་མོ་གཅིག་གྲོང་སྡེར་ཞུ་འབོད་བྱེད་པར་བརྒྱུགས། གྲོང་མི་
ཚོ་ཡོང་ནས་བུ་མོ་ལྔ་པོ་ཆུ་ནང་ནས་བླངས་ཀྱང་ཚང་མ་དབུགས་ཆད་ཚར་བ་རེད།
དོང་དེ་ནི་ཁྲི་ཡཱ་ལེན་སོགས་མི་༡༩ཡིས་གཏེར་བརྐོས་པའི་དོང་ཤུལ་རེད། ༡༩༩༧ལོའི་ཟླ་༡༠པའི་ཚེས་༢༠ཉིན་ཧེ་ནན་ཞིང་ཆེན་
ཝམ་ཉིན་གྲོང་ཁྱེར་ཏོང་ཨོ་གྲོང་རྡལ་སྲིད་གཞུང་དང་ཝམ་ཉིན་གྲོང་གི་ཁོར་ཡུག་ཐོན་ཁུངས་སྡེ་ཁག་དང་། ཏོང་ཨོ་གྲོང་རྡལ་འབྲུག་
རི་སྡེ་བའི་ཨུ་ཡོན་ལྷན་ཁང་གིས་ཆ་གེ་མོའི་ས་ཁུལ་དེ་ཁྲི་ཡ་ལི་སོགས་མི་༡༩་ལ་གཏེར་བརྐོ་རྒྱུ་གཏད་ཅིང་། ཏོང་ཨོ་གྲོང་རྡལ་སྲིང་
གཞུང་གིས་ས་སྙོམ་རྩྭ་འདེབས་ཀྱི་གྲོན་དངུལ་བསྡུ་བའི་འགན་ཁུར་བ་དང་། ཝམ་ཉིན་ཁོར་ཡུག་ཐོན་ཁུངས་སྡེ་ཁག་གིས་ཐོ་འགོད་དོ་
དམ་འགྲོ་དངུལ་དང་གཏེར་ཁའི་ཁ་གསབ་གྱོང་ཚབ་གྲོན་དངུལ་བསྡུ་བའི་འགན་ཁུར། ཏོང་ཨོ་གྲོང་རྡལ་འབྲུག་རི་སྡེ་པའི་ཨུ་ཡོན་
ལྷན་ཁང་གིས་ས་ངོའི་ཁང་ར་སོགས་དངོས་ཆས་གྱོང་གསབ་གྲོན་དངུལ་བསྡུ་བའི་འགན་ཁུར། གཏེར་རྐོ་མཁན་ཚང་མར་གཏེར་རྐོ་
ཆོག་པའི་དཔང་ཡིག་མེད། ༡༩༩༧ལོའི་ཟླ་༡༡པར་གཏེར་རྐོ་མཚམས་བཞག་སྐབས་གཏེར་དོང་བཅུ་ཕྲག་ཁ་ཤས་ཡོད་པར། རིམ་བཞིན་
ཆུ་བསོགས་ནས་རྫིང་བུ་ཆེན་པོ་ཞིག་ཏུ་གྱུར། གཏེར་རྐོ་མཚམས་བཞག་རྗེས་ས་དེར་ཉེ་ཁོར་དུ་ཉེན་ཁ་ཡོད་པའི་རྟགས་ཅི་ཡང་བཞག་
མེད། ཏོང་ཨོ་གྲོང་རྡལ་སྲིད་གཞུང་གིས་ས་གསོ་རྩྭ་འདེབས་ཀྱི་གྲོན་དངུལ་རུག་མེད་པ་དང་། ཝམ་ཉིན་གྲོང་ཁྱེར་ཁོར་ཡུག་ཐོན་ཁུངས་
སྡེ་ཁག་གིས་ཁྲིམས་འགལ་གཏེར་རྐོ་ལ་སྲིད་འཛིན་ཆད་པ་ཅི་ཡང་བཅད་མེད་པ་དང་། གཏེར་སྔོག་སྐབས་ཀྱང་རང་འགུལ་གྱིས་
གཏེར་རྐོ་མཁན་ལ་གཏེར་ཁུལ་གྱི་ཉེར་འགྲམ་དུ་ས་ངོས་ཀྱི་རྟགས་ཅི་ཡང་བསྒྲིག་ཏུ་བཅུག་མེད།
ཆུར་ཤི་བའི་བུ་མོ་ལྔ་པོའི་ཕ་མ་བཅུ་པོ་གཏུག་མཁན་བྱས་ཏེ། གཏེར་རྐོ་མཁན་༡༧པོ་དང་ཝམ་ཉིན་གྲོང་ཁྱེར་ཏོང་ཨོ་གྲོང་རྡལ་མི་
དམངས་སྲིད་གཞུང་། ཝམ་ཉིན་ཁོར་ཡུག་ཐོན་ཁུངས་ཅུས་བཅས་ལ་གྱོང་ཚབ་སྤྲད་དགོས་པའི་ཞུ་གཏུག་བྱས། འདྲི་གཅོད་རིམ་གཉིས་
པ་བྱས་པ་བརྒྱུད། ཧེ་ནན་ཞིང་ཆེན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མཐའ་མར་བུ་མོ་ལྔ་པོ་ཤི་ཤོར་བའི་ཁྱིམ་ཚང་རེར་སྒོར་ཁྲི་
༤རེ་གྱོང་ཚབ་སྤྲད་དགོས་ཅིང་། གཏེར་སྐོ་མཁན་༡༩པོ་དང་ཝམ་ཉིན་གྲོང་ཁྱེར་ཏོང་ཨོ་གྲོང་རྡལ་མི་དམངས་སྲིད་གཞུང་། ཝམ་ཉིན་
ཁོར་ཡུག་ཐོན་ཁུངས་སྡེ་ཁག་བཅས་ཀྱིས་གྱོང་ཚབ་སྤྲོད་པའི་འགན་ཁུར་དགོས་པའི་ཁྲིམས་ཐག་བཅད།
(༣)ལང་ཕིན་རྫོང་སྐར་བདུན་གྲོང་རྡལ་བྱམས་འཇམ་ཡུལ་སྡེའི་ཨུ་ཡོན་ལྷན་ཁང་དང་ལཱོ་གོ་ཆན་སོགས་བར་ཁོར་ཡུག་གནོད་འཚེ་
རྩོད་གླེང་ཡར་ཞུའི་གྱོད་གཞི།
གོང་གི་ཁྲིམས་འགལ་གཏེར་སྔོག་གི་གྱོད་དཔེ་གཉིས་དང་མི་འདྲ་བར་འདི་ཁྲིམས་མཐུན་གཏེར་རྐོས་ཡུལ་སྡེ་ལ་གནོད་འཚེ་བཟོས་
པའི་གྱོད་དཔེ་ཡིན།
ལང་ཕིན་རྫོང་སྐར་བདུན་གྲོང་རྡལ་བྱམས་འཇམ་ཡུལ་སྡེའི་ཨུ་ཡོན་ལྷན་ཁང་གིས་༡༩༩༣ལོ་དང་༡༩༩༦ལོ། ༢༠༠༡ལོ་བཅས་སྔར་རྗེས་
སུ་བྱམས་འཇམ་ཡུལ་སྡེ་རྡོ་སོལ་གཏེར་ཁྲོན་གསུམ་གསར་དུ་ཕད་པ་མ་ཟད། གཏེར་ཁ་དེ་དག་ཡང་ཀྲི་ཕིག་བཅས་མི་གསུམ་ལ་གན་
འགན་སྟེར། གཏེར་རྐོས་པའི་དབང་གིས་ས་གཤིས་ལ་གནོད་སྐྱོན་ཕོག་སྟེ། བྱམས་འཇམ་སྡེ་དམངས་འཚོ་བརྟེན་གྱི་ས་ངོས་དང་ས་འོག་
ཆུ་ཇེ་ཉུང་སོང་ཞིང་། ཆུའི་ཐོན་ཁུངས་ལ་གཏོར་བརླག་ཐེབས་པས་ཡུལ་མིའི་ཐོན་སྐྱེད་དང་འཚོ་བར་གནོད་འཚེ་ཚབས་ཆེན་བཟོས།
ལཱོ་གོ་ཆན་སོགས་གྲོང་མི་༡༡༡གིས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ། བྱམས་འཇམ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཡང་ཀྲང་
ཕིག་བཅས་གསུམ་གྱིས་གནོད་འཚེ་སེལ་པ་དང་གྱོང་ཚབ་སྤྲད་དགོས་པའི་འདོད་བློ་བཏོན།
ལང་ཕིག་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱས་ནས་གྱོད་ཡ་བཞི་ཡིས་གཏུག་མཁན་༡༡༡པོ་མི་རེར་སྒོར་༣༠༠༠ཚབ་
དགོས་པར་ཐོག་མའི་ཁྲིམས་ཐག་བཅད། འོན་ཀྱང་གཏུག་མཁན་གྱིས་གནོད་འཚེ་མཚམས་འཇོག་རྒྱུའི་རེ་འདུན་དེར་ཁྲིམས་ཁང་གིས་
བལྟས་ན། གྱོད་ཡས་གཏེར་རྐོ་རྒྱུ་དེར་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པའི་ཁྲིམས་མཐུན་གྱི་བྱ་སྤྱོད་ཡིན་པས། རེ་འདུན་ལྟར་
རྒྱབ་སྐྱོར་བྱེད་ཐབས་མེད་པར་བཤད།
གྱོད་ཡ་བྱམས་འཇམ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཡང་ཀྲིང་ཕིག་བཅས་ཀྱིས་བློ་མ་བབས་པར་གོང་གཏུག་བྱས་ཀྱང་། ཁྲོང་
ཆིན་གྲོང་ཁྱེར་འབྲིམ་རིམ་མི་དམངས་ཁྲིམས་ཁང་གིས་མཐའ་མའི་འདྲི་གཅོད་བྱས་རྗེས་གོང་གཏུག་ཕྱིར་སྤྲད་བྱེད་པའི་ཁྲིམས་ཐག་
བཅད།

(ལྔ།)སྲིད་འཛིན་ཞུ་གཏུག་བྱེད་པ།
གཏེར་རྐོ་ཆོག་པའི་དཔང་ཡིག་ལོན་ཏེ། ཡུལ་སྡེ་ཐུན་མོང་ལ་དབང་པའི་ས་ཞིང་དང་ནགས་ས། རྩྭ་ཐང་ནས་གཏེར་རྐོ་སྐབས། གལ་ཏེ་
ཡུལ་སྡེ་དང་མང་ཚོགས་ཀྱིས་རྒྱལ་ས་ཐོན་ཁུངས་དོ་དམ་སྡེ་ཁག་གིས་གཏེར་རྐོ་ཆོག་པའི་དཔང་ཡིག་སྤྲད་པའི་བྱ་སྤྱོད་དེས་ཐུན་མོང་
གི་ས་ཞིང་དང་ནགས་ས། རྩྭ་ཐང་བདག་དབང་དང་གན་རྒྱའི་དབང་ཆ་ལ་འགལ་རྐྱེན་བཟོས་བྱུང་སྙམ་ན། སྲིད་འཛིན་བསྐྱར་གྲོས་
བྱས་རྗེས། དེའི་མཇུག་འབྲས་བློ་མ་བབས་ན་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱེད་ཆོག །
སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གཏེར་རྐོ་མཁན་གྱིས་གནོད་འཚེ་བཏང་པའི་བྱ་སྤྱོད་ལ་བཀག་འགོག་དགོས་ཀྱང་མ་བཀག་པའི་
སྤྱོད་སྟངས་ལ་སྲིད་འཛིན་གཏུག་བཤེར་བྱེད་ཆོག(ཞིབ་ཕྲའི་ནང་དོན་གོང་གི་འབྲེལ་ཡོད་ཁག་ལ་གཟིགས།)

(དྲུག)སྤྱི་བདེ་ལས་ཁུངས་ལ་ཞུ་གཏུག་བྱེད་པ།
གལ་སྲིད་ཡུལ་སྡེ་དང་མང་ཚོགས་ཀྱིས་གཏེར་རྐོ་མཁན་གྱི་བྱ་སྤྱོད་དེས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་དང་འགལ་
བའམ་ཉེས་དོན་བཅའ་ཁྲིམས་དང་འགལ་འདུག་སྙམ་ན། ཁྲིམས་ལྟར་ནག་ཉེས་ཀྱི་འགན་ཁུར་དགོས་མཁན་དེ་སྤྱི་བདེ་ལས་ཁུངས་ལ་
ཞུ་གཏུག་བྱ་དགོས་པ་རེད།

(བདུན།)ཉེས་དོན་སྒེར་གཏུག་བྱེད་པ།
གལ་ཏེ་ཡུལ་སྡེ་མང་ཚོགས་ཀྱིས་གཏེར་སྔོག་མཁན་གྱིས་རང་གི་མི་ལུས་དང་རྒྱུ་ནོར་གྱི་དབང་ཆ་ལ་གནོད་འཚེ་བཏང་ཞིང་ཉེས་
ཁྲིམས་དང་འགལ་ཏེ་ཉེས་དོན་གྱི་གྱོད་གཞི་ཆུང་ཆུང་གྲུབ་འདུག་སྙམ་པའམ་ངེས་པར་དུ་ཉེས་དོན་འགན་འཁྲིའི་རྩེད་གཅོད་དགོས་
པ་ལ། སྤྱི་བདེ་ལས་ཁུངས་དང་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་ཡའི་ཉེས་འགན་རྩད་གཅོད་མ་བྱས་ན། ཁྲིམས་ཁང་ལ་ཉེས་དོན་
སྒེར་གཏུག་བྱེད་ཆོག །

ཤེས་བྱའི་སྒྲོམ་བུ།
གཏེར་སྔོག་པས་ཡུལ་སྡེའི་ཁོར་ཡུག མི་ལུས་རྒྱུ་ནོར་བཅས་ལ་གནོད་འཚེ་བཟོས་ན་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོབ་བྱེད་དགོས།

(༡)ཁྱོད་ཀྱིས་གཏེར་སྔོག་མཁན་དང་གྲོས་བྱེད་ནས་ཁོ་ལ་གནོད་འཚེ་བཟོ་བཞིན་པ་མཚམས་འཇོག་པ་དང་གྱོང་ཚབ་སྤྲད་དགོས་པའི་
རེ་བ་འདོན་དགོས། ཡང་ན་སྲིད་གཞུང་གཙོ་གཉེར་སྡེ་ཁག་གིས་བར་འདུམ་བྱེད་པའི་རེ་བ་འཇོག་ཆོག །
(༢)གལ་ཏེ་ནང་གྲོས་དང་སྲིད་འཛིན་བར་འདུམ་བྱས་ཀྱང་ད་དུང་ཁྱོད་ཀྱི་ཁེ་ཕན་མངོན་འགྱུར་མ་བྱུང་ན་ཁྱོད་ཀྱིས་སྲིད་འཛིན་ལས་
ཁུངས་ལ་ཞུ་གཏུག་བྱེད་ནས་ཁྲིམས་འགལ་གྱི་གནོད་འཚེ་གཏོང་མཁན་ལ་ཐག་གཅོད་པའི་རེ་བ་འདོན་ཆོག །ཞུ་གཏུག་བྱས་རྗེས་སྲིད་
འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་དགོས་པ་དང་། གལ་ཏེ་ཐག་མ་བཅད་ན་ཁྱོད་ཀྱིས་ཁྲིམས་གཏན་གྱི་འགན་འཁྲི་དེ་
ལག་ལེན་བྱེད་མི་འདུག་ཅེས་ལས་ཁུངས་དེའི་གོང་རིམ་སྲིད་འཛིན་ལས་ཁུངས་ལ་སྲིད་འཛིན་སྐྱར་གྲོས་ཞུ་བའམ་ཡང་ན་ཁྲིམས་ཁང་
ལ་ཐད་ཀར་དུ་སྲིད་འཛིན་གཏུག་བཤེར་བྱེད་ཆོག །
(༣)ཁྱོད་ཀྱིས་གཏུག་བཤེར་བརྒྱུད་ནས་རང་དང་ཡུལ་སྡེའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆོག གཅིག་ནི་དམངས་དོན་གཏུག་བཤེར་བྱ་
དགོས། དཔེར་ན། ༢༠༠༨ལོའི་ཟླ་༧པའི་ཚེས༡ཉིན་རྨ་འབྲི་རྫ་གསུམ་ས་ཁུལ་གྱི་རྫོང་ཞིག་ནས་གཏེར་ཁ་རྐོ་མཁན་གྱིས་གཏེར་སྦྱང་བའི་
སྐབས་སུ་བཙོག་ཆུ་འབབ་ཆུ་ནང་དུ་མངགས་པས་མི་ཕྱུགས་ཁོག་པ་དུག་ནས་ཤི་བའི་གནས་ཚུལ་བྱུང་། དེའི་སྐབས་སུ་ཁྱོད་ཀྱིས་
གཏེར་ཁ་རྐོ་མཁན་དེ་གྱོད་ཡར་འཛིན་ཏེ་དམངས་དོན་གཏུག་བཤེར་བྱེད་ནས་གྱོང་ཚབ་སྤྲོད་པའི་རེ་བ་འདོན་ཆོག གཏུག་བཤེར་
བྱེད་པའི་སྐབས་སུ་ཁྱོད་ཀྱིས་འོག་གི་དོན་ཚན་སྐོར་ལ་ཡིད་འཇོག་བྱ་དགོས། ཀ༽ཁྲིམས་གཏུག་ཡི་གེའི་ནང་དུ་གྱོད་ཡའི་གཙོ་བོའི་
གནས་ཚུལ་གསལ་པོར་འབྲི་དགོས། དཔེར་ན། གཏེར་ཁ་རྐོ་མཁན་གྱི་མིང་དང་འདུག་གནས། ཁྲིམས་མིའི་འཐུས་ཚབ་སོགས། ཁ༽དོན་
དག་བྱུང་ཚུལ་དང་འབྱུང་རྐྱེན་གསལ་པོར་འབྲི་དགོས། དཔེར་ན། གྱོད་ཡས་དུས་ནམ་ཞིག་ལ་ཆུ་ནང་དུ་བཙོག་ཆུ་མངགས་པ་དང་
ཕྱུགས་ཟོག་ཀྱི་རིན་གོང་བཅས་ཚོད་རྩིས་བྱས་ཏེ་གྱོང་ཚབ་ཀྱི་དངུལ་གྲངས་འབྲི་དགོས། ག༽ཁྱོད་ཀྱིས་ཁྲིམས་གཏན་དུས་ཆད་ནང་
ནས་གཏུག་བཤེར་མ་བྱས་ན། དུས་ལས་འགོར་རྗེས་གྱོད་ཁེ་ཐབས་མེད་པར་འགྱུར། དཔེར་ན། ཁྱོད་ཀྱི་ཟོག་ནི་༢༠༠༨ལོའི་ཟླ་༧པའི་
ཚེས་༡ཉིན་ཤི་སོང་བ་དང་ཁྱོད་ཀྱིས་༢༠༠༨ལོའི་ཟླ་༧པའི་ཚེས་༥ཉིན་ཤེས་ན། བཅའ་ཁྲིམས་སུ་ཁོར་ཡུག་མནོལ་བཙོག་དབང་གིས་
གནོད་བྱུང་གྱོང་ཚབ་ཀྱི་གཏུག་བཤེར་དུས་ཆད་ནི་ལོ་གསུམ་ཡིན་ལ། དོ་བདག་པས་གནོད་གྱོང་ཐེབས་པ་ཤེས་པའམ་ཤེས་འོས་པའི་
ཉིན་ནས་རྩི་དགོས་པའི་གཏན་འབེབས་ལྟར། ཁྱོད་ཀྱིས་ཁྲིམས་གཏུག་གོ་ཆོད་དུས་ཆད་ནི་༢༠༠༨ལོའི་ཟླ་༧པའི་ཚེས་༥ནས་
༢༠༡༡ལོའི་ཟླ་༧པའི་ཚེས་༥བར་ཡིན། གལ་ཏེ་དུས་ཡུན་འདི་ལས་འགོར་སོང་ན་ཁྲིམས་གཏུག་བྱས་ཀྱང་ཁྲིམས་ལུགས་ཀྱིས་ཁྱོད་རང་
གི་ཁེ་ཕན་ལ་སྲུང་སྐྱོབ་མི་བྱ་བ་རེད། གཉིས་ནི་སྲིད་འཛིན་གཏུག་བཤེར་བྱ་དགོས། གོང་གསལ་གྱི་གྱོད་དཔེའི་ནང་ཁྱོད་ཀྱིས་འབྲེལ་
ཡོད་སྲིད་འཛིན་ལས་ཁུངས་ལ་གཏེར་རྐོ་མཁན་གྱི་ཁྲིམས་འགལ་ངང་བཙོག་ཆུ་མངགས་པའི་བྱ་སྤྱོད་ལ་བཀག་འགོག་དགོས་པའི་རེ་
བ་བཏོན་ཀྱང་སྲིད་འཛིན་ལས་ཁུངས་ཀྱིས་འོས་འགན་མི་སྒྲུབ་པ་དང་ཡང་ན་ཁྲིམས་ལྟར་གནོད་གཏོང་བྱ་སྤྱོད་ལ་བཀག་འགོག་མ་
བྱས་ན་ཁྱོད་ཀྱིས་ཁྲིམས་ཁང་ལ་སྲིད་འཛིན་ལས་ཁུངས་ཀྱིས་རང་འགན་བསྒྲུབ་འཇུག་པའི་ཁྲིམས་གཏུག་བྱེད་ཆོག སྲིད་འཛིན་གཏུག་
བཤེར་བྱེད་པའི་སྐབས་སུ་ཡིད་འཇོག་བྱ་དགོས་པ་ནི། ཁྱོད་ཀྱིས་ཁྲིམས་གཏུག་བྱས་པའི་སྲིད་འཛིན་ལས་ཁུངས་དང་ལས་སྒྲུབ་མི་སྣ་
གང་ཡིན་པ་གསལ་གཏན་ཡིན་དགོས། གཏུག་བཤེར་བྱེད་པའི་རེ་འདུན་དང་རྒྱུ་རྐྱེན་བཤད་ཐུབ་དགོས་ལ། གཏུག་བཤེར་དུས་ཆད་
ལས་མ་འགོར་བ་ཡིན་དགོས། སྲིད་འཛིན་གཏུག་བཤེར་ལ་གོ་ཆོད་དུས་ཆད་ལ་རིགས་གཉིས་ཡོད་དེ་ཐད་ཀར་དུ་ཁྲིམས་ཁང་ལ་
གཏུག་བཤེར་བྱེད་པའི་གོ་ཆོད་དུས་ཆད་ནི་ཟླ་བ་༣ཡིན།(དམིགས་བསལ་ལ་སྲིད་འཛིན་ཆད་གཅོད་ནི་ཉིན་༡༥ཡིན།) སྲིད་འཛིན་སྐྱར་
གྲོས་བློར་བབ་མ་བྱས་པ་ནི་ཉིན་༡༥ཡིན།(དམིགས་བསལ་ལ་རྩྭ་སའི་བཅའ་ཁྲིམས་དང་ནགས་ཚལ་བཅའ་ཁྲིམས། ཉ་ལས་བཅའ་
ཁྲིམས་ལ་ནི་ཉིན་༣༠ཡིན།) གསུམ་ནི་ཉེས་དོན་ཁྲིམས་གཏུག་བྱ་དགོས། ཁྱོད་ལ་བདེན་དཔང་ཡང་དག་ཡོད་པ་དང་མི་ལུས་ལ་གནོད་
པ་ཅུང་ཟད་ཐེབས་པ་ཡིན་ན་ཐད་ཀར་དུ་ཁྲིམས་ཁང་ལ་ཉེས་དོན་གཏུག་བཤེར་བྱ་ཆོག་པ་མ་ཟད་གནོད་གྱོང་ཕོག་པ་ལ་གྱོང་ཚབ་
དགོས་པའི་རེ་བ་འདོན་ཆོག གཏེར་ཁ་རྐོ་མཁན་གྱིས་གཏེར་བརྐོས་པས་མི་ཤི་བ་དང་ལུས་ཕུང་ལ་གནོད་སྐྱོན་བཟོས་པ་དང་ཡང་ན་
ཁོར་ཡུག་མནོལ་བཙོག་ཚབས་ཆེན་བཟོས་པའམ་རྒྱལ་ཁབ་ཀྱི་ལས་སྒྲུབ་མི་སྣས་རང་འགན་སྣང་མེད་དང་འགན་འཛོལ་ལས་འཆོལ་
བྱས་པ་ལ་ཁྱོད་ཀྱིས་སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ཁང་ལ་ཞུ་གཏུག་དང་ཐེར་འདོན་བྱེད་ནས་རྒྱལ་ཁབ་ཀྱི་གཏུག་བཤེར་བརྒྱུད་
དེ་འགན་འཁྲི་རྩད་གཅོད་དང་གྱོང་ཁ་ཚབ་ཏུ་འཇུག་དགོས།
(༥)ཁྱོད་ཀྱིས་སྲིད་གཞུང་དང་སྲིད་གཞུང་མིན་པའི་ཁྲིམས་ལུགས་རོགས་སྐྱོར་ལས་ཁུངས་ཉུག་ཏེ་རོགས་རོམ་ཞུ་ཆོག། རྫོང་རིམ་པ་
ཡན་གྱི་སྲིད་གཞུང་གི་ཁྲིམས་འཛིན་སྡེ་ཁག་དང་བཟོ་ཚོགས། གུང་གཞོན་ཚོགས་པ། བུད་མེད་ལྷན་ཚོགས་སོགས་ལ་ཁྲིམས་ལུགས་
རོགས་སྐྱོར་གྱི་ལས་ཁུངས་བཙུགས་ཡོད། གལ་ཏེ་ཁྱོད་ལ་དཔལ་འབྱོར་དཀའ་ངལ་དབང་གིས་གྱོད་བཤད་མཁན་གདན་གླ་སྤྲོད་རྒྱུ་
མེད་ན་ཁོང་ཚོ་ལ་རོགས་པ་ཞུ་ཆོག་པ་དང་གཞན་ཡང་དམངས་ཁྲོད་ཀྱི་ཁྲིམས་ལུགས་རོགས་སྐྱོར་ཚོགས་པ་ལའང་རོགས་པ་ཞུ་
ཆོག(ཟུར་བཀོད་གསུམ་པར་གསལ) ཐབས་ཤེས་འདི་དག་དང་རོགས་སྐྱོར་བྱེད་ཐབས་འདི་དག་ལས་ད་དུང་གོང་ནས་བཤད་པ་
བཞིན་དམངས་འཐུས་དང་གསར་འགོད་པ་བརྒྱུད་ནས་ཁྲིམས་འགལ་ངང་གཏེར་ཁ་རྐོ་བའི་བྱ་སྤྱོད་ལ་བཀག་འགོག་དང་རྩ་མེད་
གཏོང་དགོས། ཁྲིམས་མཐུན་ངང་གཏེར་ཁ་རྐོ་བའི་བྱ་སྤྱོད་ལའང་ལྟ་སྐུལ་དང་བཀག་སྡོམ་ནན་མོ་བྱེད་དེ། གཞི་ནས་ཁོར་ཡུག་སྲུང་
སྐྱོབ་དང་སྡེ་བའམ་སྤྱི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་འགྲུབ་པར་བྱ་དགོས།



ལ་ལ་ཅི་བྱེད་རང་དབང་ཅན། །
ཁ་གཅིག་གཞན་དབང་རྟག་ཏུ་མནར།།
འདྲ་དང་མི་འདྲ་མང་བ་ཡི། །
ཡུལ་དེས་སྐྱེ་རྒུ་མཁོས་མི་ཕེབ། །

ལྔ་པ། ཐབས་ཚུལ་གཞན་པ།
༡གྲོང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས།
གྲོང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱུང་ན་ཁྲིམས་འགལ་གྱིས་གཏེར་ཁ་རྐོ་བའི་བྱ་སྤྱོད་ལ་ཐད་རྒོལ་བྱེད་ཚེ་ཞང་དང་གྲོང་སྡེ། སྡེ་
དམངས་ཕན་ཚུན་མཐུན་སྒྲིལ་མཉམ་ལས་ཐུབ་ངེས་ཡིན། ཁྲིམས་འགལ་གཏེར་སྔོག་མཁན་གྱིས་རྒྱུན་དུ་སྡེ་དམངས་རེ་རེ་བཞིན་ངོ་
སྲུང་བྱེད་པའི་ཐབས་ཤེས་བཀོལ་བཞིན་ཡོད་པས། གལ་ཏེ་སྡེ་དམངས་རང་རང་གི་འདོད་བློ་ལྟར་སྒྲུབ་ན་ཁྲིམས་འགལ་གཏེར་སྔོག་
མཁན་ལ་འགྲན་རྒོལ་ཐུབ་དཀའ། གྱོང་ཚབ་སློང་བའི་ཐད་གཏེར་སྔོག་མཁན་ལ་སྡེ་དམངས་རྣམ་པས་ཐུན་མོང་གིས་གྱོད་གྲོས་བྱས་ན་
གྱོད་ཁ་བཙན་ལ། གལ་ཏེ་དེ་ལས་ལྡོག་ན་གྲོས་བྱེད་ཤེས་མཁན་གྱིས་གྱོང་ཚབ་མང་ཙམ་ཐོབ་པ་དང་མི་ཤེས་པས་ཉུང་ཙམ་ལས་མི་
ཐོབ། མཐའ་འབྲས་སྤྱིར་ནས་གྱོང་གུད་ཐེབས་མཁན་ནི་ཡུལ་མི་རྣམས་ཡིན་པར་གདོན་མི་ཟ།

༢ཁྲིམས་འགལ་གཏེར་སྔོག་འགོག་པ་ལ་ཁྲིམས་འགལ་གཏེར་མྱུལ་ནས་བརྩོམ་དགོས།
གཏེར་ཆེན་པོ་སྔོག་པ་ལ་མ་དངུལ་གྱི་འགྲོ་སོང་འབོར་ཆེན་དགོས་པས་དེར་བརྟེན་གཏེར་སྔོག་གྱོང་ཁ་མི་འབྱུང་བའི་ཕྱིར་གཏེར་སྔོག་
མཁན་གྱིས་ཐོག་མར་གཏེར་ཁ་འཚོལ་ཞིབ་ནན་གྱིས་བྱེད་ངེས་རེད། གལ་ཏེ་གཏེར་ལམ་འཚོལ་ཐུབ་པར་བྱུང་ན་ཁོ་ཚོས་ནོར་བུ་རིན་
པོ་ཆེ་ཞིག་རྙེད་པ་དང་འདྲ་བས་བཀག་ཀྱང་མི་ཁོག་པས། ཁྲིམས་འགལ་གཏེར་སྔོག་གིས་གནོད་འཚེ་བཟོ་བར་དོགས་པའི་ཡུལ་
དམངས་ཀྱིས་ཐོག་མར་གཏེར་ཁ་འཚོལ་ཞིབ་བྱེད་པ་ལ་བཀག་འགོག་ནན་གྱིས་བྱེད་དགོས་པ་དང་བཀག་འགོག་ཀྱང་བྱེད་སླ་བ་རེད།
གཏེར་ཁ་འཚོལ་མྱུལ་བྱེད་པར་དབྱེ་ན། དངོས་མྱུལ་དང་གཤོང་མྱུལ། འབིགས་མྱུལ་སོགས་ཡོད། གཤོང་མྱུལ་དང་འབིགས་མྱུལ་ནི་ལས་
གྲྭ་ཆེ་མོ་ཞིག་ཡིན་པས་འཕྲུལ་ཆ་དང་མི་སྣ་གྲངས་མང་ཞིག་བཀོལ་སྤྱོད་དགོས་པ་རེད། དེར་བརྟེན་གཏེར་རྐོ་འཚོལ་ཞིབ་བྱེད་པའི་
ཐོག་མར་དངོས་མྱུལ་ཏེ་ས་ངོས་ནས་གློག་ཆས་སོགས་ཀྱིས་འཚོལ་ཞིབ་བྱེད་དགོས། གལ་ཏེ་གཤོང་མྱུལ་དང་འབིགས་མྱུལ་དུས་སུ་ད་
གཟོད་བཀག་འགོག་བྱས་ན་ཕྱི་དྲག་པས་ངེས་པར་དུ་དངོས་མྱུལ་སྐབས་སུ་བཀག་འགོག་བྱ་ཐུབ་དགོས། གཏེར་ཁ་ནི་རྒྱལ་ཁབ་ལ་
དབང་བ་དང་རྒྱལ་ཁབ་ཀྱིས་གནང་བ་མེད་ན་གཏེར་ཁ་འཚོལ་ཞིབ་ཀྱང་བྱེད་མི་ཆོག གཏེར་ཁ་འཚོལ་ཞིབ་བྱེད་མཁན་མཐོང་ན་མགོ་
འཕང་མཐོ་པོས་ཁོ་ཚོ་ལ་འདི་ནི་རང་རེའི་སྡེ་བའི་ཐུན་མོང་གི་ས་ཆ་ཡིན་པས་ཁྱོད་ཚོས་གནས་འདི་ནས་གཏེར་ཁ་འཚོལ་ཞིབ་བྱེད་
པར་ཞིང་ཆེན་རིམ་པ་ཡན་གྱི་རྒྱལ་ས་ཐོན་ཁུངས་དོ་དམ་སྡེ་ཁག་གིས་གནང་པའི་གཏེར་ཁ་འཚོལ་ཞིབ་ཆོག་པའི་དཔང་ཡིག་དང་ས་
རྒྱུས་བརྟག་དཔྱད་བྱེད་པའི་དཔང་ཡིག་ཡོད་དགོས་པས་དེ་དག་ཆ་ཚང་ང་ཚོ་ལ་སྟོན་ཤོག ང་ཚོ་ལ་ད་དུང་དཔང་ཡིག་དེ་དག་གི་སྐྱར་
དཔར་རེ་གཏད་དགོས། གལ་ཏེ་དཔང་ཡིག་མེད་པའམ་དཔང་ཡིག་སྤྲད་མཁན་གྱི་ལས་ཁུངས་རིམ་པ་དམའ་བ་ཡིན་ན་ཁྱོད་ཚོ་ཐུགས་
དགོངས་མ་བཞེས། གནས་འདི་ནས་བུད་འགྲོ་རོགས་ཞུ་ཞེས་བཤད་དགོས། ཡུལ་སྡེས་ད་དུང་ལྟ་སྐོར་ཚོ་ཆུང་འཛུགས་དགོས་པ་དང་
ཡང་ན་ཕྱུགས་རྫི་རེས་སྐོར་བྱེད་དེ་ཁྲིམས་འགལ་གཏེར་རྐོ་འཚོལ་ཞིབ་མཁན་ལ་ལྟ་སྐུལ་བྱ་དགོས།

༣ཕྱི་རོལ་གྱི་རོགས་སྐྱོར་དང་འཕྲིན་ཟམ་གྱི་སྟོབས་ཤུགས་བེད་སྤྱོད་བྱ་དགོས།
ཕྱི་རོལ་རོགས་སྐྱོར་གྱིས་ཡུལ་སྡེས་ཁྲིམས་འགལ་གཏེར་སྔོག་མཁན་ལ་འགྲན་རྒོལ་བྱེད་པའི་སྡོང་གྲོགས་ཐུབ། ཁྲིམས་འགལ་གྱི་བྱ་སྤྱོད་
ངན་པ་ནི་ཀུན་གྱི་ཤེས་པར་ཤིན་ཏུ་འཇིགས། རྒྱལ་ཁབ་ཀྱི་གཏེར་ཁ་རྐུ་སྔོག་བྱེད་པ་དང་ང་ཚོའི་ཕ་གཞིས་གཏོར་བརླག་བྱེད་ཕོད་
མཁན་སུ་ཡིན་པ་ཞེས་འདྲི་བ་འདིས་ནམ་ཡང་གསར་འགོད་པ་རྣམས་ཡིད་འགུག་ཐུབ་པའི་ཁ་བྱང་ཞིག་ཡིན། སྐབས་འགར་གསར་
འགོད་པའི་སྙན་ཞུ་གཅིག་གིས་སྲིད་གཞུང་ནང་ཁུལ་དུ་དོན་སྟོན་ཐུབ་པ་དང་རྒྱལ་ཁབ་ཀྱི་ཙུའུ་ལིས་ཀྱིས་ཀྱང་མཐོང་ཐུབ། ཀྲུང་
དབྱང་འཕྲིན་ཟམ་གྱི་གསར་འཕྲིན་གཅིག་གིས་སྐབས་འགར་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་རང་མངའ་འོག་ཏུ་གནས་པའི་གནད་
དོན་མཐོང་ཐུབ་ལ་ཐག་གཅོད་ལེགས་པོ་ཐུབ་པ་རེད། ཁྲིམས་ལུགས་རོགས་སྐྱོར་ལས་ཁུངས་ཀྱིས་ཀྱང་ཡུལ་སྡེ་ལ་རོགས་པ་བྱེད་ནས་
ཁྲིམས་ལུགས་ཀྱི་བྱ་ཐབས་སྤྱད་དེ་ཡུལ་སྡེའི་ཁེ་ཕན་སྲུང་ཐུབ།

༤སྲིད་གཞུང་གི་འབྲེལ་བ་བཀོལ་དགོས།
ཡུལ་སྡེས་ངེས་པར་དུ་སྲིད་གཞུང་དང་འབྲེལ་བའི་བྱ་བ་ལ་མཐོང་ཆེན་ལེགས་པོ་བྱ་དགོས། བསམ་ཚོད་ལྟར་ན་ཞང་དང་རྫོང་། ཁུལ།
ཞིང་ཆེན་བཅས་སུ་ཡུལ་སྡེའི་གྲོགས་ཚབ་ཀྱི་གཏམ་བཤད་མཁན་རེ་ཡོད་དགོས། འབྲེལ་བ་ཆེ་ཆུང་དང་གོ་གནས་མཐོ་དམན(གལ་ཏེ་
འགོ་ཁྲིད་པ་ཡིན་ན་ཤིན་ཏུ་བཟང་།)མེད་ལ། ཁོ་ཚོ་ནི་ཡུལ་སྡེའི་བདེ་སྡུག་ལ་སེམས་ཁུར་དང་ཡུལ་སྡེར་གནོད་འཚེ་བྱུང་བར་ཤ་ཚ་
མཁན་ཞིག་ཡིན་དགོས་པ་དང་གནས་ཚུལ་ཚབས་ཆེན་སྐབས་སུ་དེ་ཡིས་ནུས་པ་བཏོན་ཏེ་གཞུང་དྲང་བདེན་གཏམ་བཤད་པའམ་
གསར་འཕྲིན་འདོན་པ་དང་གོང་ལ་གནས་ཚུལ་ཞུ་འབུལ་ཐུབ་པ་བྱ་དགོས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd5j བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41325608
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1