ཁོར་ཡུག་སྲུང་སྐྱོབ་རྒྱུན་ཤེས། ༼ ཟུར་བཀོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »ཁོར་ཡུག་སྲུང་སྐྱོབ་རྒྱུན་ཤེས། ༼ ཟུར་བཀོད།
ཁོར་ཡུག་སྲུང་སྐྱོབ་རྒྱུན་ཤེས། ༼ ཟུར་བཀོད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/4ལྟ་ཀློག (5993)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

མཇུག་མཐའི་ཡུལ་ལྗོངས་གཙང་མའི་རེ་འབོད་སྐྱེ་བ་ལྔ་པའི་གཤོག་སྒྲ།

——ཁྲིམས་འགལ་གཏེར་སྔོག་ལ་གདོང་གཏད་ཀྱི་ཁྲིམས་ལུགས་ཤེས་བྱའི་ཀློག་དེབ། 

 

མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྷན་ཚོགས།

 



ཟུར་བཀོད།

ཟུར་བཀོད་དང་པོ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་བཏོན་དོན།

གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས།
དོན་ཚན་ལྔ་པ། གཏེར་རྫས་སྔོག་པ་ལ་ངེས་པར་དུ་རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་ཐོན་ཁུངས་དཔྱ་ཁྲལ་དང་ཐོན་ཁུངས་གྱོང་ཚབ་སྤྲད་དགོས།

དོན་ཚན་བཅུ་པ། མི་རིགས་རང་སྐྱོང་ས་ཁུལ་ནས་གཏེར་ཁ་སྔོག་འདོན་བྱེད་ཚེ། རང་སྐྱོང་ས་ཁུལ་གྱི་ཁེ་ཕན་ལ་ལྟ་རྟོག་དགོས་པ་དང་།
རང་སྐྱོང་ས་ཁུལ་དཔལ་འབྱོར་ལ་ཕན་ཐོགས་ཡོད་པའི་སྒྲིག་བཀོད་དགོས་ཤིང་། ས་གནས་དེའི་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལ་ལྟ་རྟོག་བྱ་དགོས།
དོན་ཚན་བཅུ་གཅིག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏེར་རྫས་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་གཏེར་ཁ་མྱུལ་ཞིབ་དང་སྔོག་འདོན་བྱ་བ་དོ་དམ་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་གཏེར་གཉེར་སྡེ་ཁག་ལ་རོགས་བྱས་ཏེ་གཏེར་ཁའི་མྱུལ་ཞིབ་དང་སྔོག་འདོན་ལ་ལྟ་སྐུལ་བྱ་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་སྲིད་གཞུང་གི་གཏེར་ཁ་དོ་དམ་སྡེ་ཁག་ནི་གང་དེའི་མངའ་ཁོངས་ཀྱི་གཏེར་ཁ་མྱུལ་ཞིབ་དང་སྔོག་འདོན་ལ་ལྟ་སྐུལ་བྱ་དགོས། དེ་དག་གི་འབྲེལ་ཡོད་སྡེ་ཁག་གིས་དེ་ལ་རོགས་དན་དང་ལྟ་སྐུལ་བྱ་དགོས།

དོན་ཚན་ཉི་ཤུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་མ་གནང་པར་གཤམ་གྱི་ས་ཁུལ་ནས་གཏེར་སྔོག་མི་ཆོག གཅིགགྲུ་ཁ་དང་གནམ་གྲུ་འབབ་ཐང་། རྒྱལ་སྲུང་ཨར་བཟོའི་སྒྲིག་ཆས་འཇོག་སའི་བསྐོར་རྟགས་བརྒྱབ་པའི་ས། གཉིས། གལ་ཆེའི་བཟོ་ལས་ས་ཁུལ་དང་། རྒྱ་ཆེའི་ཆུ་བེད་ཨར་བཟོའི་སྒྲིག་ཆས་དང་། གྲོང་ཁྱེར་ཨར་བཟོའི་སྒྲིག་ཆས་བཅས་དང་བར་ཐག་ཉེ་བའི་ངེས་ཅན་གྱི་ནང་རོལ། གསུམ ལྕགས་ལམ་དང་གལ་ཆེའི་གཞུང་ལམ་ཟུར་འགྲམ་གྱི་བར་ཐག་ངེས་ཅན་གྱི་ནང་རོལ། བཞི། གལ་ཆེན་གྱི་ཆུ་བོ་དང་ཆུ་རགས་ཟུར་འགྲམ་གྱི་བར་ཐག་ངེས་ཅན་གྱི་ནང་རོལ། ལྔ། རྒྱལ་ཁབ་ཀྱིས་དབྱེ་མཚམས་བཅད་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་དང་། གལ་ཆེའི་ཡུལ་བསྐོར་མཛེས་ལྗོངས་དང་། རྒྱལ་ཁབ་ཀྱིས་གནད་དུ་སྲུང་སྐྱོང་བྱས་པའི་སྤོ་འགུལ་མི་རུང་པའི་ལོ་རྒྱུས་རིག་དངོས་དང་གནའ་ཤུལ་གནས་རི་གྲགས་ཅན། དྲུག རྒྱལ་ཁབ་ཀྱིས་གཏེར་རྫས་སྔོག་མི་ཆོག་པར་བཀའ་རྒྱ་བཞག་པའི་ས་ཁུལ་གཞན།

དོན་ཚན་ཉེར་གཅིག་པ། གཏེར་ཚང་སྒོ་བརྒྱག་དགོས་ན་ངེས་པར་དུ་གཏེར་སྒོ་བརྒྱག་པའི་ཞུ་ཡིག་དང་སྔོག་འདོན་སྒྲིག་ཆས་དང་སྦས་པའི་ཉེན་ཁ་དང་ས་གཞི་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་དཔྱད་ཡིག་འཛིན་ཏེ་རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་ཆོག་མཆན་ཞུ་དགོས།

དོན་ཚན་སོ་གཉིས་པ། གཏེར་ཁ་སྔོག་འདོན་པས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་ཁྲིམས་ལུགས་བརྩི་སྲུང་བྱེད་དེ་ཁོར་ཡུག་མནོལ་བཙོག་བཀག་འགོག་བྱ་དགོས། གཏེར་སྔོག་པས་ས་གཞི་གྲོན་བསྲི་བྱ་དགོས་ཏེ། ཞིང་ས་དང་རྩྭ་ཐང་དང་ནགས་ཚལ་ལ་གཏོར་བཤིག་བྱུང་ན་ས་བབས་དང་བསྟུན་ཏེ་ཞིང་ས་སླར་གསོ་དང་རྩྭ་ཤིང་འཛུགས་དགོས། གཏེར་ཁ་སྔོག་པས་གཞན་གྱི་ཐོན་སྐྱེད་དང་འཚོ་བ་ལ་གྱོང་གུད་སོང་ན་གྱོང་ཚབ་སྤྲད་པ་མ་ཟད་དགོས་ངེས་ཀྱི་སླར་གསོ་བྱ་དགོས།

གཏེར་ཁ་སྔོག་འདོན་ཐོ་འགོད་དང་དོ་དམ་བྱ་ཐབས།
དོན་ཚན་གསུམ་པ། གཤམ་གྱི་གཏེར་ཁ་སྔོག་དགོས་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏེར་ཁ་དོ་དམ་སྡེ་ཁག་གིས་གནང་ཐོ་འགོད་པ་དང་ཆོག་ཡིག་སྤྲད་དགོས། གཅིག རྒྱལ་ཁབ་འཆར་འགོད་ནང་གི་གཏེར་ཁུལ་དང་རྒྱལ་དམངས་དཔལ་འབྱོར་ལ་གལ་ཆེའི་རིན་ཐང་ལྡན་པའི་གཏེར་ཁུལ་དང་གཏེར་རྫས། གཉིས། མངའ་ཁོངས་རྒྱ་མཚོ་དང་ཀྲུང་གོ་ལ་དབང་བའི་མངའ་མཚོ་གཞན་ནང་གི་གཏེར་རྫས།གསུམ། ཕྱིའི་ཚོང་པས་སྔོག་པའི་གཏེར་རྫས། བཞི བྱ་ཐབས་འདིའི་ཟུར་དུ་བཀོད་པའི་གཏེར་རྫས་དཀར་ཆགས་ནང་ཐེ་བའི་གཏེར་རྫས། གཤམ་གྱི་གཏེར་རྫས་སྔོག་དགོས་ན་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་གྱི་གཏེར་ཁ་དོ་དམ་སྡེ་ཁག་གིས་གནང་ཐོ་འགོད་པ་དང་ཆོག་ཡིག་སྤྲད་དགོས། གཅིག དོན་ཚན་འདིའི་ཚན་པ་དང་པོ་དང་གཉིས་པའི་ནང་བཏོན་པའི་གཏེར་རྫས་གཏོས་ཚད་འབྲིང་པོའི་གཏེར་ཁ། གཉིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཏེར་རྫས་དོ་དམ་སྡེ་ཁག་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་གཏེར་རྫས་དོ་དམ་སྡེ་ཁག་ལ་ཆོག་མཆན་གནང་བའི་དབང་ཆ་སྟེར་བའི་གཏེར་རྫས། གོང་གི་གཏན་འཁེལ་ལས་གཞན་གྱི་གཏེར་རྫས་རྣམས་རྫོང་རིམ་པའི་སྲིད་གཞུང་གི་གཏེར་ཁ་དོ་དམ་སྡེ་ཁག་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས་
དང་ཐད་གཏོགས་གྲོང་ཁྱེར་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱིས་བཏོན་པའི་དོ་དམ་བྱ་ཐབས་ལྟར་ཆོག་ཆེན་གནང་དགོས།

དོན་ཚན་བརྒྱད་པ། ཐོ་འགོད་དང་དོ་དམ་སྡེ་ཁག་གིས་ཆོག་མཆན་གནང་རྗེས་ངེས་པར་དུ་གཏེར་ཁུལ་ཁྱབ་ཁོངས་ཀྱི་འབྲེལ་ཡོད་རྫོང་སྲིད་གཞུང་ལ་གོ་བརྡ་དགོས་པ་དང་། འབྲེལ་ཡོད་རྫོང་སྲིད་གཞུང་གིས་བརྡ་ཡིག་འཕྲོད་ཉིན་ནས་ཉིན་༩་ནང་ནས་གཏེར་ཁུལ་ཁྱབ་ཁོངས་ཡོངས་ལ་སྤྱི་བསྒྲགས་བྱ་དགོས།

གཏེར་རྫས་བཅའ་ཁྲིམས་ལག་བསྟར་ཞིབ་ཕྲའི་སྲོལ་ཡིག །
དོན་ཚན་ཉེར་གཅིག་པ། གཏེར་མྱུལ་པས་ས་གཞི་གནས་སྐབས་སྤྱོད་པའི་དབང་ཆ་ཐོབ་རྗེས། མྱུལ་ཞིབ་བྱ་བས་གཞན་གྱི་རྒྱུ་ནོར་ལ་གྱོང་གུད་སོང་ན་གཤམ་ལྟར་གྱོང་ཚབ་སྤྲད་དགོས།

གཅིག །ཞིང་ས་ལ་གྱོང་གུད་བཟོས་ན་གྱོང་གུད་ཀྱི་རྒྱ་ཁྱོན་ལྟར་སྔོན་མའི་ལོ་གསུམ་གྱི་ཆ་སྙོམ་འབྲུ་འབབ་གཞིར་བྱས་ཏེ། ཚབ་པའི་སྐབས་ཀྱི་ས་དེའི་ཚོང་རའི་ཆ་སྙོམ་རིན་གོང་ལྟར་བརྩིས་ནས་ལོ་རེར་བཞིན་ཚབ་དགོས་ཞིང་། ཞིང་སའི་ཐོན་སྐྱེད་སླར་གསོ་བྱས་ཏེ་ས་ཞིང་དུས་སུ་ཕྱིར་སྤྲད་དགོས། གཉིས འབྲོག་ཁུལ་གྱི་རྩྭ་སར་གྱོང་གུད་བཟོས་ན་གོང་ལྟར་ལོ་རེ་བཞིན་གྱོང་ཚབ་སྤྲད་དགོས་པ་དང་ད་རུང་རྩྭ་སྤང་སླར་གསོ་བྱས་ཏེ་རྩྭ་ས་དུས་སུ་ཕྱིར་སྤྲད་དགོས། གསུམ། ཞིང་སའི་ལོ་ཏོག་སོགས་ལ་གྱོང་གུད་བཟོས་ན་གྱོང་གུད་གྱི་རྒྱ་ཁྱོན་ལྟར་སྔོན་མའི་ལོ་གསུམ་གྱི་ཆ་སྙོམ་འབྲུ་འབབ་གཞིར་བཟུང་ནས། ཚབ་པའི་སྐབས་ཀྱི་ས་དེའི་ཚོང་རའི་ཆ་སྙོམ་རིན་གོང་ལྟར་བརྩིས་ནས་ཚབ་དགོས། བཞི། ཤིང་སྡོང་ལ་གནོད་གྱོང་བཟོས་ན་གྱོང་གུད་ཐེབས་པའི་གྲངས་ཀ་གཞིར་བྱས་ཏེ་ཚབ་པའི་སྐབས་ཀྱི་ས་དེའི་ཚོང་རའི་ཆ་སྙོམ་རིན་གོང་ལྟར་བརྩིས་ནས་ཚབ་དགོས། ལྔ། ས་ཐོག་གི་དངོས་ཆས་ལ་གྱོང་གུད་ཐེབས་ན་གྱོང་གུད་ཐེབས་པའི་ཆུ་ཚད་དངོས་གཞིར་བྱས་ཏེ། ཚབ་པའི་སྐབས་ཀྱི་ས་དེའི་ཚོང་རའི་རིན་གོང་ལྟར་འོས་འཚམས་ཤིག་ཚབ་དགོས།

རྩྭ་སའི་བཅའ་ཁྲིམས།
དོན་ཚན་ལྔ་པ། ལས་ཁུངས་དང་མི་སྒེར་སུ་ཡིན་རུང་རྩྭ་སའི་བཅའ་ཁྲིམས་ལ་བརྩི་སྲུང་དང་རྩྭ་ས་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་ལ།    རྩ་ཁྲིམས་དང་འགལ་ཏེ་རྩྭ་ས་ལ་གཏོར་བཤིག་བྱེད་པའི་བྱ་སྤྱོད་ལ་ལྟ་སྐུལ་དང་ཐེར་འདོན་ཞུ་སྦྱོར་བྱེད་པའི་དབང་ཆའང་ཡོད།

དོན་ཚན་སོར་བརྒྱད་པ། གཏེར་སྔོག་པ་དང་འཛུགས་སྐྲུན་བྱེད་ཚེ་ངེས་པར་དུ་རྩྭ་ས་མི་བཟུང་པའམ་བཟུང་ཉུང་དགོས། རྩྭ་ས་བེད་མི་སྤྱོད་པའི་ཐབས་མེད་ན། ངེས་པར་དུ་ཞིང་ཆེན་རིམ་པའི་སྲིད་གཞུང་གི་རྩྭ་ས་དོ་དམ་སྡེ་ཁག་གིས་བློར་འབབ་དགོས་པ་དང་། ས་གཞི་དོ་དམ་བཅའ་ཁྲིམས་དང་འབྲེལ་ཡོད་སྲིད་ཁྲིམས་ལྟར་ཆོག་མཆན་འཐོབ་དགོས།

དོན་ཚན་སོར་དགུ་པ། འཛུགས་སྐྲུན་ལ་ཐུན་མོང་གི་རྩྭ་ས་མཁོ་སྤྱད་དགོས་ན། ས་གཞི་དོ་དམ་བཅའ་ཁྲིམས་ལྟར་གྱོང་ཚབ་སྤྲད་དགོས།འཛུགས་སྐྲུན་ལ་སྤྱི་དམངས་ཀྱི་རྩྭ་ས་མཁོ་སྤྲད་དགོས་ན། ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཏན་འཁེལ་ལྟར་རྩྭ་ས་གན་དབང་མཁན་ལ་གྱོང་ཚབ་སྤྲད་དགོས། འཛུགས་སྐྲུན་ཕྱིར་དུ་རྩྭ་ས་ལེན་པའམ་མཁོ་སྤྲད་དགོས་ན། ངེས་པར་དུ་རྩྭ་སའི་སྤང་ཤུན་སླར་གསོའི་གྲོན་དངུལ་སྤྲད་དགོས། གྲོན་དངུལ་དེ་རྩྭ་སའི་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་སྤང་ཤུན་སླར་གསོ་ཁོ་ནར་མཁོ་སྤྱོད་པ་ལས། ལས་ཁུངས་དང་མི་སྒེར་སུ་ཡིན་རུང་བར་ལེན་དང་གཞན་དུ་སྤྱོད་མི་ཆོག སླར་གསོའི་གྲོན་དངུལ་བསྡུ་རུག་གི་ཚད་གཞི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་དགོས།

དོན་ཚན་བཞི་བཅུ་པ། གནས་སྐབས་སུ་རྩྭ་ས་མཁོ་སྤྱོད་དགོས་ན་རྫོང་རིམ་པའི་སྲིད་གཞུང་རྩྭ་ས་དོ་དམ་སྡེ་ཁག་ནས་ཆོག་མཆན་ཐོབ་དགོས་ལ། གནས་སྐབས་མཁོ་སྤྱོད་ཀྱི་དུས་ཚད་ལོ་གཉིས་ལས་བརྒལ་མི་ཆོག་ཅིང་། རྩྭ་ཐང་དུ་བརྟན་ཆགས་ཀྱི་ཨར་དངོས་བསྐྲུན་མི་ཆོག དུས་ཚད་ཁ་གང་རྗེས་མཁོ་སྤྱོད་མཁན་གྱིས་རྩྭ་སྤང་སླར་གསོ་བྱས་ཏེ་དུས་ལྟར་ཕྱིར་སྤྲད་དགོས།

དོན་ཚན་ལྔ་བཅུ་པ། རྩྭ་ཐང་ནས་ས་བྱེ་རྡོ་གསུམ་ལེན་པ་ལ་ངེས་པར་དུ་རྫོང་རིམ་པའི་རྩྭ་སའི་དོ་དམ་སྡེ་ཁག་གིས་གནང་དགོས།གཏེར་ཁ་སྔོག་ན་ངེས་པར་དུ་ཁྲིམས་ལྟར་འགྲོ་ལུགས་བརྒྱུད་དགོས། གཞན་གྱིས་མཁོ་སྤྱད་པའི་རྩྭ་ས་ནས་ས་རྡོ་བྱེ་མ་ལེན་པ་དང་གཏེར་ཁ་སྔོག་ན། སྔོན་ནས་ངེས་པར་དུ་རྩྭ་ས་གན་དབང་མཁན་གྱིས་བློར་འབབ་དགོས།

དོན་ཚན་ང་གཉིས་པ། རྩྭ་ཐང་ནས་ཁེ་གཉེར་གྱི་ཡུལ་བསྐོར་དང་སྤྲོ་སངས་བྱ་བ་ལ་ངེས་པར་དུ་རྫོང་རིམ་པའི་སྲིད་གཞུང་རྩྭ་སའི་དོ་དམ་སྡེ་ཁག་གིས་གནང་དགོས་ཤིང་འགྲོ་ལུགས་བརྒྱུད་དགོས། རྩྭ་ཐང་ནས་ཁེ་གཉེར་གྱི་ཡུལ་བསྐོར་སྤྲོ་སངས་བྱ་བས་རྩྭ་སའི་བདག་པོ་དང་མཁོ་སྤྱོད་པའམ་གན་དབང་མཁན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག་ཅིང་། རྩྭ་སྤང་སོགས་ལ་གཏོར་བརླག་བྱེད་མི་ཆོག །

དོན་ཚན་རེ་བརྒྱད་པ། ཆོག་མཆན་མ་ཐོབ་པའམ་ཐོབ་ཀྱང་གཏན་འཁེལ་བྱས་པའི་དུས་ཚོད་དང་ས་ཆ་དང་ལེན་ལུགས་ལྟར་མ་བྱས་པར་ས་བྱེ་རྡོ་སོགས་རྐོ་བའི་བྱ་བ་བྱུང་ན། རྫོང་རིམ་པའི་རྩྭ་ས་དོ་དམ་སྡེ་ཁག་གིས་བཀག་དགོས་པ་དང་དུས་བཅད་དེ་རྩྭ་སྤང་སླར་གསོ་བྱེད་བཅུག་དགོས། ཁྲིམས་འགལ་གྱི་རྒྱུ་ནོར་དང་ཡོང་སྒོ་གཞུང་བཞེས་བྱེད་པ་དང་ཡོང་སྒོའི་སྡེབ་གཅིག་ནས་གཉིས་བར་གྱི་དངུལ་ཆད་དང་། ཡོང་སྒོ་མེད་པ་ལ་སྒོར་ཉིས་ཁྲི་མན་གྱི་ཆད་པ་གཅོད་དགོས། རྩྭ་སའི་བདག་པོ་དང་མཁོ་སྤྱོད་མཁན་ལ་གྱོང་གུད་བཟོས་ན་ཁྲིམས་ལྟར་ཚབ་འགན་ཁུར་དགོས།

དོན་ཚན་རེ་དགུ་པ། ཁྲིམས་འདིའི་དོན་ཚན་ང་གཉིས་པ་དང་འགལ་ནས་རང་ཕོད་ཀྱིས་རྩྭ་ཐང་ནས་ཁེ་གཉེར་གྱི་ཡུལ་བསྐོར་དང་སྤྲོ་སངས་བྱ་བ་བསྒྲུབས་ཏེ་རྩྭ་སྤང་ལ་གཏོར་བརླག་བྱུང་ན། རྫོང་རིམ་པའི་རྩྭ་སའི་དོ་དམ་སྡེ་ཁག་གིས་འགན་དབང་ལྟར་ཁྲིམས་འགལ་བྱ་སྤྱོད་ལ་བཀག་འགོག་དང་། དུས་བཅད་དེ་རྩྭ་ས་སླར་གསོ་བྱེད་བཅུག་པ་དང་། ཁྲིམས་འགལ་ཡོང་སྒོ་གཞུང་བཞེས་བྱེད་པ་དང་ཡོང་སྒོའི་ལྡབ་གཅིག་ནས་གཉིས་བར་དངུལ་ཆད་གཅོད་ཆོག ཁྲིམས་འགལ་ཡོང་སྒོ་མེད་པ་ལ་རྩྭ་སར་གཏོར་བརླག་མ་བྱས་གོང་ཆ་སྙོམས་ལོ་གསུམ་གྱི་ཡོང་སྒོའི་སྡེབ་དྲུག་ནས་བཅུ་གཉིས་བར་གྱི་དངུལ་ཆད་གཅོད་ཆོག རྩྭ་སའི་བདག་པོ་དང་མཁོ་སྤྱོད་མཁན་ལ་གྱོང་གུད་བཟོས་ན་གྱོང་ཚབ་སྤྲད་དགོས།

དོན་ཚན་བདུན་ཅུ་པ། ཉེན་འགོག་གནོད་སྐྱོབ་དང་འབྲོག་དུད་གནས་སྤོའི་འཕྲུལ་བགྲོད་རིགས་མ་གཏོགས་གཞུང་ལམ་འབྲལ་ཏེ་རྩྭ་ཐང་ནས་བགྲོད་པ་དང་། ཡང་ན་ས་གཤིས་ཉུལ་དཔྱད་དང་ཚན་རིག་ཞིབ་འཇུག་པས་གཏན་འཁེལ་བྱས་པའི་ས་ཆ་དང་ལམ་ཐིག་ལྟར་མ་བགྲོད་ནས། རྩྭ་སྤང་ལ་གཏོར་བརླག་བྱས་ན་རྫོང་རིམ་པའི་རྩྭ་སའི་དོ་དམ་སྡེ་ཁག་གིས་བཀག་འགོག་དང་། དུས་བཅད་དེ་རྩྭ་སྤང་སླར་གསོར་བྱེད་བཅུག་པ་དང་རྩྭ་ས་གཏོར་བརླག་མ་བྱུང་གོང་ཆ་སྙོམས་ལོ་གསུམ་གྱི་ཡོང་སྒོའི་ལྡབ་གསུམ་ནས་དགུ་བར་གྱི་དངུལ་ཆད་གཅོད་ཆོག རྩྭ་སའི་བདག་པོ་དང་མཁོ་སྤྱོད་མཁན་ལ་གྱོང་གུད་བཟོས་ན་གྱོང་ཚབ་སྤྲད་དགོས།

མཚོ་སྔོན་ཞིང་ཆེན་གྱི་རྩྭ་སའི་བཅའ་ཁྲིམས་ལག་བསྟར་བྱ་ཐབས།
དོན་ཚན་སོ་བདུན་པ། རྩྭ་ཐང་དུ་ལམ་ལས་པ་དང་སའི་སྟེང་འོག་གང་རུང་དུ་ཨར་ལས་བཅའ་བ་དང་གཏེར་ཉུལ་བ་དང་ཁྲོན་པ་འདྲུ་བ་དང་ཡུལ་བསྐོར་བཅས་ཀྱིས་རྩྭ་ས་གནས་སྐབས་བེད་སྤྱོད་དགོས་ན། གཤམ་གསལ་ལྟར་གནང་བ་འཐོབ་དགོས་པ་དང་། དུས་ཚོད་དང་ས་མཚམས་དང་ལས་ལུགས་བཅས་གཏན་འཁེལ་ལྟར་བྱ་དགོས། གཅིག རྩྭ་ས་སྤྱི་ཆིངས་སུམ་ཅུ་ཡན་ཞིང་ཆེན་སྲིད་གཞུང་གིས་གནང་དགོས་པ་དང་། གཉིས། རྩྭ་ས་སྤྱི་ཆིངས་བཅུ་ནས་སུམ་ཅུ་བར་ཁུལ་སྲིད་གཞུང་གིས་གནང་དགོས་པ་དང་། གསུམ། རྩྭ་ས་སྤྱི་ཆིང་བཅུ་ལ་མ་ཟིན་པ་རྫོང་སྲིད་གཞུང་གིས་གནང་དགོས། རྩྭ་ས་གནས་སྐབས་བེད་སྤྱོད་པའི་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩྭ་ས་གན་དབང་པ་དང་མཁོ་སྤྱོད་མཁན་ལ་གྱོང་ཚབ་ཡོད་ཚད་ཐེངས་གཅིག་གིས་སྤྲད་དགོས་པ་དང་། རྩྭ་སའི་དོ་དམ་སྡེ་ཁག་ལ་རྩྭ་སྤང་སླར་གསོ་བྱེད་པའི་གྲོན་དངུལ་སྤྲད་དགོས།


དོན་ཚན་རེ་དྲུག་པ། རྩྭ་སའི་དོ་དམ་སྡེ་ཁག་དང་གཞན་རྒྱལ་ཁབ་ཀྱི་ལས་སྣེ་ལ་གཤམ་གསལ་གྱི་སྣེ་གཅིག་བྱུང་ན། ཐད་ཀར་གཙོ་འགན་མཁན་དང་གཞན་ཐད་ཀར་ལན་པ་ཡོད་པའི་མི་ལ་ཁྲིམས་ལྟར་སྲིད་དོན་གྱི་ཆད་པ་གཅོད་པའམ། ཉེས་ཁྲིམས་དང་འགལ་ན་ཉེས་ཆད་གཅོད་དགོས། གཅིག རྩྭ་ས་འཛུགས་སྐྲུན་དང་སྲུང་སྐྱོང་གི་མ་དངུལ་དང་རྩྭ་སྤང་སླར་གསོའི་གྲོན་དངུལ་བར་ལེན་དང་གཞན་དུ་སྤྱད་པ། གཉིས། དབང་འཆོལ་ཏེ་རྩྭ་ས་བསྡུ་བའམ་སྤྱོད་པའི་ཆོག་མཆན་གནང་བ། གསུམ། རང་ཕོད་ཀྱིས་གན་དབང་དུས་ཚད་ནང་གི་རྩྭ་ས་སླར་བཀོད་བྱེད་པ། བཞི། རྩྭ་སའི་ཐོན་སྐྱེད་དང་སྐྱེ་ཁམས་ཚད་བརྟག་སྔོན་ཉེན་གནས་ཚུལ་དུས་ལྟར་འདོན་མ་ཐུབ་པ་དང་། ཡང་ན་སྔོན་ཉེན་གནས་ཚུལ་འཕྲོད་ཀྱང་དེར་བསྟུན་འགོག་བྱེད་པའི་ཐབས་ཚུལ་མ་བཙལ་བ། ལྔ། རྒྱལ་ཁབ་ཀྱིས་མ་དངུལ་ཕུད་པའི་རྩྭ་ས་སྲུང་སྐྱོང་དང་འཛུགས་སྐྲུན་དང་སྐྱེ་ཁམས་ལེགས་སྐྱོང་ཁྲོད་ནས་སྤུས་མ་དག་པའི་རྩྭ་སོན་མཁོ་སྤྱད་པ། དྲུག གཞན་དག་ཁྲིམས་འགལ་གྱི་བྱ་སྤྱོད།

ས་ཞིང་དོ་དམ་བཅའ་ཁྲིམས།
དོན་ཚན་བཞི་པ། འཛུགས་བསྐྲུན་ས་གཞི་ཟེར་བ་ནི་ཨར་ལས་བཟོ་སྐྲུན་བྱེད་ས་སྟེ། གྲོང་སྡེའི་འདུག་ཁང་དང་སྤྱི་ཕན་སྒྲིག་ཆས་དང་བཟོ་གྲྭ་འཛུགས་ས་དང་། འགྲིམ་འགྲུལ་དང་ཆུ་བེད་དང་ཡུལ་བསྐོར་དང་དམག་དོན་གྱི་སྒྲིག་ཆས་འཛུགས་སའི་སའོ། །

དོན་ཚན་ཞེ་གསུམ་པ། ལས་ཁུངས་དང་མི་སུ་ཡིན་ཡང་འཛུགས་བསྐྲུན་ཕྱིར་དུ་ས་གཞི་མཁོ་སྤྱོད་དགོས་ཚེ། ངེས་པར་དུ་ཁྲིམས་ལྟར་སྤྱིར་དབང་ས་གཞི་མཁོ་སྤྱོད་རེ་བ་འཇོག་དགོས། འོན་ཏེ་ཐུན་མོང་གི་ས་གཞི་སྟེང་དུ་ཞང་གི་ཁེ་ལས་འཛུགས་པ་དང་སྡེ་དམངས་འདུག་ཁང་དང་སྡེ་བའི་སྤྱི་ཕན་འཛུགས་སྐྲུན་བཅས་ཁྲིམས་ལྟར་གནང་བ་ཕུད།

དོན་ཚན་ང་གསུམ་པ། འཛུགས་བསྐྲུན་ཕྱིར་དུ་ས་ཆ་དགོས་ཚེ་འཛུགས་བསྐྲུན་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་པའི་འཛུགས་བསྐྲུན་ཡིག་ཆ་དང་བཅས། ཁུལ་དང་རྫོང་སྲིད་གཞུང་གི་ས་གཞི་དོ་དམ་སྡེ་ཁག་ལ་ཞུས་ཏེ་ས་ཆའི་མཁོ་སྤྱོད་འགྲོ་ལུགས་སྒྲུབ་དགོས།

མཚོ་སྔོན་ཞིང་ཆེན་གྱི་ས་གཞི་དོ་དམ་བཅའ་ཁྲིམས་ལག་བསྟར་བྱ་ཐབས།
དོན་ཚན་བཅོ་བརྒྱད་པ། ཆོག་མཆན་མ་འཐོབ་པར་སྒེར་ཐབ་ཀྱི་ས་ཞིང་དང་རི་བོ་དང་གན་དབང་ཡོད་པའི་ས་ཞིང་བཅས་ལ་ཁང་པ་བཅའ་བ་དང་ས་བྱེ་ལེན་པ་དང་བཟོ་གྲྭ་འཛུགས་པ་དང་ཇོ་ཕག་སྲེག་པ་སྤུར་ཁང་བཅའ་བ་སོགས་མི་ཆོག

རང་བྱུང་སྲུང་ས་ཁུལ་སྲོལ་ཡིག །
དོན་ཚན་བདུན་པ། ལས་ཁུངས་དང་མི་སྒེར་ཡོངས་ལ་སྲུང་སྐྱོང་ས་ཁུལ་ནང་གི་རང་བྱུང་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་ལ། སྲུང་སྐྱོང་ས་ཁུལ་གཏོར་བཤིག་དང་བཙན་བཟུང་བྱེད་པའི་ལས་ཁུངས་དང་མི་སྒེར་ཐེར་འདོན་དང་ཞུ་སྦྱོར་བྱེད་པའི་དབང་ཆ་ཡོད།

དོན་ཚན་བཅུ་གཅིག་པ། རང་བྱུང་སྲུང་སྐྱོང་ས་ཁུལ་ལ་རྒྱལ་ཁབ་དང་ས་གནས་རིམ་པ་གཉིས་ཡོད། རྒྱལ་ཕྱི་ནང་ནས་དཔེ་མཚོན་གྱི་དོན་སྙིང་ལྡན་ཞིང་ཚན་རིག་ཐོག་ནས་རྒྱལ་སྤྱིར་ཤུགས་རྐྱེན་གལ་ཆེན་ལྡན་པ། ཡང་ན་དམིགས་བསལ་གྱི་ཚན་རིག་ཞིབ་འཇུག་རིན་ཐང་ཡོད་པ་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ཡིན།

ཆུའི་མནོལ་བཙོག་འགོག་པའི་བཅའ་ཁྲིམས།
དོན་ཚན་ལྔ་པ། ཡུལ་སྡེ་དང་མི་སྒེར་ཡོངས་ལ་ཆུའི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འགན་ཁུར་ཡོད་པ་དང་། ཆུའི་ཁོར་ཡུག་ལ་མནོར་བཙོག་གཏོང་བའི་བྱ་སྤྱོད་ལ་ལྟ་སྐུལ་དང་ཐེར་འདོན་བྱེད་པའི་དབང་ཆ་ཡོད། ཆུ་ལ་མནོལ་བཙོག་བཏང་སྟེ་ཡུལ་སྡེ་དང་མི་སྒེར་ལ་གྱོང་གུད་བཟོས་ན། མནོལ་གཙོག་གཏོང་མཁན་ལ་གནོད་འཚེ་བསལ་བ་དང་གྱོང་ཚབ་སློང་བའི་དབང་ཆ་ཡོད།

དོན་ཚན་སོ་དྲུག་པ། ས་འོག་ལ་ཨར་ལས་སྒྲིག་ཆས་འཛུགས་པའམ་ས་འོག་ནས་གཏེར་ཁ་ཉུལ་བ་དང་སྔོག་འདོན་སོགས་བྱེད་ཚེ་ངེས་པར་དུ་སྲུང་འགོག་བྱ་ཐབས་བཀོལ་ཏེ། ས་འོག་གི་ཆུ་ལ་མནོལ་བཙོག་མི་འགྲོ་བར་བྱ་དགོས།

དོན་ཚན་ང་ལྔ་པ། ཆུ་ལ་མནོལ་བཙོག་གཏོང་མཁན་གྱི་ལས་ཁུངས་ལ་གནོད་འཚེ་བསལ་བ་དང་གྱོང་གུད་ཐེབས་མི་ལ་གྱོང་ཚབ་སྤྲོད་པའི་འགན་ཁུར་ཡོད།

ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས།
དོན་ཚན་གཉིས་པ། ཁྲིམས་འདིས་བཏོན་པའི་ཁོར་ཡུག་ནི་མིའི་རིགས་འཚོ་སྡོད་དང་འཕེལ་རྒྱས་ལ་ཕན་གནོད་ལྡན་པའི་གདོད་གྲུབ་དང་མིས་བཟོའི་རང་བྱུང་གྲུབ་ཆ་ཅན་སྤྱི་ལ་གོ་སྟེ། ཁ་དབུགས་དང་ཆུ་དང་མཚོ་མཚེའུ་དང་ས་གཞི་དང་གཏེར་ཁ་དང་ནགས་ཤིང་དང་རྩྭ་ཐང་དང་རི་སྐྱེས་སྲོག་ཆགས་དང་རང་བྱུང་རྗེས་ཤུལ་དང་མི་བཟོས་རྗེས་ཤུལ་དང་རང་བྱུང་སྲུང་སྐྱོང་ས་ཆ་དང་མཛེས་ལྗོངས་གནས་མཆོག་དང་གྲོང་ཁྲེར་གྲོང་བརྡལ་བཅས་སོ། །

དོན་ཚན་དྲུག་པ། ལས་ཁུངས་དང་མི་སྒེར་ཡོངས་ལ་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་ལ། ཁོར་ཡུག་ལ་གཏོར་བཤིག་དང་མནོལ་བཙོག་བྱེད་པའི་ལས་ཁུངས་དང་མི་སྒེར་ཐེར་འདོན་དང་ཞུ་སྦྱོར་བྱེད་པའི་དབང་ཆ་ཡོད།

དོན་ཚན་ཉེར་དྲུག་པ། འཛུགས་སྐྲུན་ལས་བྱ་ནང་གི་མནོལ་བཙོག་འགོག་པའི་སྒྲིག་ཆས་རྣམས་། ངེས་པར་དུ་འཛུགས་སྐྲུན་དང་མཉམ་པར་འཆར་འགོད་བཟོ་སྐྲུན་དང་མཁོ་ཆོད་ཡོང་དགོས། མནོལ་འགོག་སྒྲིག་ཆས་རྣམས་ངེས་པར་དུ་སྔོན་གྱི་ཁོར་ཡུག་འགལ་རྐྱེན་ཚད་འཇོག་དཔྱད་ཡིག་ཆོག་མཆན་གནང་བའི་ལས་ཁུངས་ཀྱིས་རྩིས་བླངས་རྗེས་འཛུགས་སྐྲུན་ལས་བྱ་དེ་གཞི་ནས་མཁོ་སྤྲོད་ཆོག

དོན་ཚན་བཅུ་བདུན་པ། རིམ་པ་སོ་སོའི་སྲིད་གཞུང་གིས་དཔེ་མཚོན་ལྡན་པའི་རང་བྱུང་སྐྱེ་ཁམས་ས་ཁུལ་དང་། འགངས་ཆེ་ཞིང་ཟད་ཉེན་པའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཁྱབ་ཁོངས་དང་། ཆུ་མགོ་སོས་འཕེལ་ཡོང་བའི་ས་ཁུལ་གལ་ཆེན་དང་། ཚན་རིག་རིག་གནས་ཀྱི་རིན་ཐང་གལ་ཆེན་ཡོད་པའི་ས་གཤིས་གྲུབ་ཚུལ་དང་། གྲགས་ཅན་གྱི་བྲག་དོང་དང་འགྱུར་རྡོ་ཡོད་ས། འཁྱགས་གཞུང་དང་མེ་རི་དང་ཆུ་ཁོལ་བཅས་རང་བྱུང་རྗེས་ཤུལ་དང་མིས་བཟོའི་རྗེས་ཤུལ་དང་། གནའ་ཤིང་དང་གནས་སྡོང་བཅས་ལ་ཐབས་ཕུད་དེ་སྲུང་སྐྱོང་བྱེད་པ་ལས་གཏོར་བཤིག་བྱེད་པ་རྩ་བ་ནས་འགོག་དགོས།

དོན་ཚན་བཞི་བཅུ་པ། དོ་བདག་པས་སྲིད་འཛིན་ཆད་པའི་ཆོད་དོན་ལ་བློ་མ་བབས་ན། ཆོད་ཡིག་ལག་ཏུ་འབྱོར་བའི་ཉིན་༡༥་ནང་ནས་གོང་གི་ལས་ཁུངས་ལ་སྐྱར་གྲོས་ཞུ་ཆོག་ལ། སྐྱར་གྲོས་ཆོད་དོན་ལའང་བློ་མ་བབས་ན་ཆོད་ཡིག་ལག་ཏུ་འབྱོར་བའི་ཉིན་༡༥ནང་ནས་ཁྲིམས་ཁང་ལ་གཏུག་ཆོག མིན་ན་དོ་བདག་པས་ཐོག་མའི་ཆོད་ཡིག་ལག་ཏུ་འབྱོར་བའི་ཉིན་༡༥་ནས་ཐད་ཀར་ཁྲིམས་ཁང་ལ་གཏུག་ཆོག སྐྱར་གྲོས་དང་གཏུག་བཤེར་གང་ཡང་མ་བྱས་པར་དུས་ཡོལ་ཀྱང་ཆོད་དོན་ལག་བསྟར་མ་བྱས་ན། ཆོད་དོན་ཕབ་པའི་ལས་ཁུངས་ཀྱིས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་རེ་བ་འཇོག་ཆོག

དོན་ཚན་ཞེ་གཅིག་པ། ཁོར་ཡུག་ལ་མནོལ་གནོད་བཟོས་ན། དེ་ལ་མནོལ་གནོད་བསལ་བའི་འགན་ཁུར་ཡོད་པ་མ་ཟད། གྱོང་གུད་ཕོག་པའི་ཡུལ་སྡེ་དང་མི་སྒེར་ལ་གྱོང་ཚབ་སྤྲད་དགོས། གྱོང་ཚབ་སྤྲད་པར་རྩོད་པ་བྱུང་ན་སྲིད་གཞུང་ཁོར་ཡུག་སྲུང་སྐྱོང་དང་ལྟ་སྐུལ་སྡེ་ཁག་ལ་ཞུ་ཆོག་ལ། ཡང་ན་ཐད་ཀར་ཁྲིམས་ཁང་ལ་གཏུག་ཆོག

དོན་ཚན་ཞེ་གཉིས་པ། ཁོར་ཡུག་མནོལ་གནོད་གྱོང་ཚབ་རྩོད་གླེང་ཁྲིམས་ཁང་ལ་གཏུག་པའི་དུས་ཚད་ནི་ལོ་༣་ཡིན་ཏེ། མནོལ་གནོད་བྱུང་བར་ཤེས་པ་ནས་བཟུང་བརྩི་དགོས།

གཏེར་སྔོག་བདེ་ཐང་བཅའ་ཁྲིམས།
དོན་ཚན་བཅོ་བརྒྱད་པ། གཏེར་སྔོག་ཁེ་ལས་ཀྱིས་ངེས་པར་དུ་འོག་གི་བདེ་ཐང་ལ་གནོད་པའི་དོན་འཕྲིན་སྔོན་འགོག་བྱ་དགོས། ་་་་་་
༦ ཐལ་རྡུལ་དང་། དུག་དང་གནོད་བྱེད་ཀྱི་དྲི་རླུང་དང་། འཕྲོ་དུག་ཅན་གྱི་དངོས་རྫས་དང་གཞན་གནོད་བྱེད་ཀྱི་དངོས་རྫས་ཀྱིས་བཟོས་པའི་གནོད་འཚེ།

དོན་ཚན་བཅུ་དགུ་པ། གཏེར་སྔོག་ཁེ་ལས་ཀྱིས་མཁོ་སྤྱད་པའི་འཕྲུལ་ཆ་དང་གློག་རླུང་སྒྲིག་ཆས་ས་རོ་རྡོ་སྙིགས་དང་གཏེར་སྙིགས་ཀྱིས་གནོད་དོགས་ཡོད་པར་ངེས་པར་དུ་སྔོན་འགོག་གི་ཐབས་ཚུལ་ཕུད་དགོས།

སྐམ་གཟུགས་སྙིགས་རོས་ཁོར་ཡུག་མནོལ་བཙོག་འགོག་སྲུང་བཅའ་ཁྲིམས།
དོན་ཚན་སོ་དྲུག་པ། གཏེར་སྔོག་ཁེ་ལས་ཀྱིས་ངེས་པར་དུ་ཚན་རིག་གི་བྱ་ཐབས་བཀོལ་ཏེ་གཏེར་སྙིགས་དང་སོལ་རྡོ་དང་རྡོ་སྙིགས་བཅས་སྲ་གཟུགས་སྙིགས་རོ་ཉུང་དུ་གཏོང་དགོས། གཏེར་སྙིགས་དང་སོལ་རྡོ་དང་རྡོ་སྙིགས་བཅས་ཉར་ཚགས་བྱེད་པའི་སྒྲིག་ཆས་མཁོ་སྤྱད་རྗེས། གཏེར་དཔོན་གྱིས་ངེས་པར་དུ་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་གི་གཏན་འཁེལ་ལྟར་གཏེར་སྒོ་རྒྱག་སྟེ། ཁོར་ཡུག་ལ་མནོལ་བཙོག་དང་སྐྱེ་ཁམས་གཏོར་བཤིག་འགྲོ་བར་འགོག་དགོས།

དོན་ཚན་དོན་གསུམ་པ། གཏེར་སྙིགས་དང་སོལ་རྡོ་དང་རྡོ་སྙིགས་བཅས་ཉར་ཚགས་བྱེད་པའི་སྒྲིག་ཆས་མཁོ་སྤྱད་རྗེས། ཁོར་ཡུག་སྲུང་སྐྱོང་གི་དགོས་མཁོ་ལྟར་གཏེར་ཚང་སྒོ་མ་རྒྱབ་ན། རྫོང་ཡན་གྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གིས་ཡོ་སྲང་གི་བཀའ་ཕབ་པ་དང་སྒོར་ཁྲི་ལྔ་ནས་ཉི་ཤུ་བར་གྱི་ཆད་པ་གཅོད་ཆོག །

མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྐྱོང་བཅའ་ཁྲིམས་ལག་ལེན་བྱེད་ཐབས།
དོན་ཚན་ལྔ་པ། ཡུལ་སྡེ་དང་མི་སྒེར་ཡོངས་ལ་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་ལ། ཁོར་ཡུག་དང་ཐོན་རྫས་ལ་མནོལ་བཙོག་དང་གཏོར་བཤིག་བྱེད་མཁན་ལ་ལྟ་སྐུལ་དང་བཀག་འགོག་དང་ཐེར་འདོན་དང་ཞུ་སྦྱོར་བྱེད་པའི་དབང་ཆ་ཡོད་པ་དང་།ཁོར་ཡུག་ལ་གཅེས་སྐྱོང་དང་ལེགས་བཅོས་བྱས་ནས་གྲུབ་འབྲས་ཡོད་པ་ལ་རིམ་པ་སོ་སོའི་སྲིད་གཞུང་གིས་གཟེངས་བསྟོད་དང་བྱ་དགའ་སྤྲད་དགོས།

དོན་ཚན་བཅོ་ལྔ་པ། ས་གཞི་དང་གཏེར་རྫས་དང་ཤིང་ནགས་དང་རྩྭ་ཐང་དང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཆུ་བོ་སོགས་གསར་འབྱེད་དང་མཁོ་སྤྱོད་བྱེད་ཚེ། ངེས་པར་དུ་ཁྲིམས་ལྟར་ཁོར་ཡུག་འགལ་རྐྱེན་ཚད་འཇོག་དགོས་པ་མ་ཟད། ཐབས་ཤེས་ཕུད་དེ་ཁོར་ཡུག་མནོལ་བཙོག་དང་སྐྱེ་ཁམས་གནོད་འཚེ་བཀག་འགོག་བྱེད་དེ་སྐྱེ་ཁམས་ཁོར་ཡུག་བདེ་ཐང་ངང་འཁོར་ཐུབ་པར་འགན་སྲུང་དགོས།

དོན་ཚན་སོར་ལྔ་པ། ཡུལ་སྡེ་དང་མི་སྒེར་གྱི་ཁོར་ཡུག་ཁྲིམས་འགལ་བྱ་སྤྱོད་དེ་སྲིད་འཛིན་ལས་ཁུངས་དང་དེའི་ལས་བྱེད་པའི་ནོར་འཁྲུལ་ཆོད་དོན་གྱིན་རྐྱེན་ཡིན་ན། ཆད་པ་ཕོག་པའི་ཡུལ་སྡེ་དང་མི་སྒེར་གྱིས་ཆོད་དོན་བྱེད་པའི་སྲིད་འཛིན་ལས་ཁུངས་ལ་གྱོང་ཚབ་སློང་བའི་དབང་ཆ་ཡོད།

དོན་ཚན་སོར་དྲུག་པར། དོ་བདག་པས་སྲིད་འཛིན་ཆོད་དོན་ལ་བློར་མ་བབས་ན། ཆོད་ཡིག་ལག་ཏུ་ཐོན་པའི་ཉིན་༡༥་ནང་ནས་གོང་གི་སྲིད་འཛིན་ལ་སྐྱར་གྲོས་ཞུ་བའམ་ཐད་ཀར་ཁྲིམས་ཁང་ལ་གཏུག་ཆོག དུས་ཆད་ལས་ཡོལ་ཏེ་སྐྱར་གྲོས་དང་གཏུག་བཤེར་གང་ཡང་མ་བྱས་ན་ཆོད་དོན་ཕབ་པའི་སྡེ་ཁག་གིས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་རེ་བ་འཇོག་ཆོག

མཚོ་སྔོན་ཞིང་ཆེན་ཁོར་ཡུག་མནོལ་བཙོག་གྱོང་ཚབ་རྩོད་གླེང་ཐག་གཅོད་བྱེད་ཐབས།
དོན་ཚན་གསུམ་པ། བྱ་ཐབས་འདིས་བཏོན་པའི་ཁོར་ཡུག་མནོལ་བཙོག་གྱོང་ཚབ་རྩོད་གླེང་ཟེར་བ་ནི། ཁེ་ལས་སྡེ་ཁག་སོགས་ཀྱིས་བཙོག་ལུད་ཕོས་ཏེ་ཁོར་ཡུག་ལ་མནོལ་བཙོག་ཕོག་ནས་མི་ལུས་ལ་གནོད་པ་དང་སྤྱི་སྒེར་རྒྱུ་ནོར་ལ་གྱོང་གུད་སོང་བར། གྱོང་ཚབ་འགན་ཁུར་དང་ཚད་གཞི་ཐད་བྱུང་བའི་རྩོད་གླེང་།

དོན་ཚན་བཞི་པ། གནོད་རྐྱེན་གྱོང་ཚབ་ཐད་རྩོད་གླེང་བྱུང་བའི་དོ་བདག་པས་བྱ་ཐབས་འདིས་བཏོན་པ་ལྟར་ས་གནས་དེའི་ཁོར་ཡུག་ལྟ་སྲུང་སྡེ་ཁག་ལ་ཐག་གཅོད་ཞུ་བའམ་ཁྲིམས་ཁང་ལ་གཏུག་ཆོག

དོན་ཚན་ང་ལྔ་པ། ཆུ་ལ་བཙོག་གཏོང་བའི་ལས་ཁུངས་ལ་གནོད་འཚེ་སེལ་བའི་འགན་ཁུར་ཡོད་པ་མ་ཟད། གྱོང་གུད་ཕོག་པའི་ཡུལ་སྡེ་དང་མི་སྒེར་ལ་གྱོང་ཚབ་སྤྲད་དགོས། དེ་ལ་རྩོད་པ་བྱུང་ན་ཁོར་ཡུག་དང་འགྲིམ་འགྲུལ་ལས་ཁུངས་ལ་ཐག་གཅོད་ཞུ་བ་དང་། ཆོད་དོན་བློར་མ་བབས་ན་ཁྲིམས་ཁང་ལ་གཏུག་པའམ་ཡང་ན་ཐོག་མ་ནས་ཐད་ཀར་ཁྲིམས་ཁང་ལ་གཏུག་ཆོག

ཆུའི་བཅའ་ཁྲིམས།
དོན་ཚན་ཞེ་ལྔ་པ། རྫོང་རིམ་པ་ཡན་གྱི་སྲིད་གཞུང་ཆུ་དོ་དམ་སྡེ་ཁག་གིས་ཆུའི་གྱོད་དོན་ཐེར་འདོན་དང་ཐག་གཅོད་ཀྱི་སྒྲིག་ལམ་འཇོག་ནས། ཐེར་འདོན་བྱེད་སའི་ཁ་པར་དང་འདུག་གནས་ཁྱབ་བསྒྲགས་བྱེད་དེ། ཐེར་འདོན་བྱས་པར་ཐག་གཅོད་དགོས།

མཚོ་སྔོན་ཞིང་ཆེན་གྱི་ཆུའི་བཅའ་ཁྲིམས་ལག་བསྟར་བྱ་ཐབས།
དོན་ཚན་ཉེར་ལྔ་པ། སྡེ་ཁག་དང་མི་སྒེར་གང་ཡིན་རུང་ཆུའི་ཐོན་རྫས་དང་ཨར་བཟོ་ལ་སྲུང་སྐྱོང་དང་ཆུ་ལ་གྲོན་ཆུང་བྱེད་པའི་འོས་འགན་དང་ཆུའི་བཅའ་ཁྲིམས་དང་འགལ་བའི་བྱ་བ་ལ་བཀག་འགོག་དང་ཐེར་འདོན་གྱི་དབང་ཆ་ཡོད།

དོན་ཚན་ཉེར་བདུན་པ། འཐུང་ཆུའི་མགོ་བརྒྱུད་ནས་འོག་གི་བྱ་སྤྱོད་བཀག་དགོས། སྤུར་ཁང་བཅའ་བ་དང་ས་བྱེ་ལེན་པ་དང་གཏེར་ཁ་སྔོག་པ་དང་ནགས་ཤིང་གཅོད་པའི་བྱ་སྤྱོད།

མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་བཅའ་ཁྲིམས་ལག་བསྟར་བྱ་ཐབས།
དོན་ཚན་བཅུ་དྲུག་པ། ས་ཞིང་གསར་ཕེད་དང་ས་བྱེ་རྐོ་བ་དང་རྡོ་དང་གསེར་སོགས་སྔོག་ནས་ནགས་ཚལ་མེད་བརླག་གི་བྱ་སྤྱོད་བཀག་དགོས།

དོན་ཚན་སོར་ལྔ་པ། འོག་གི་བྱ་སྤྱོད་སྣེ་གཅིག་བྱུང་ན་རྫོང་རིམ་པའི་ནགས་ལས་སྡེ་ཁག་གིས་གཤམ་ལྟར་ཆད་པ་གཅོད་དགོས། ས་ཞིང་གསར་ཕེད་དང་ས་བྱེ་རྐོ་བ་དང་རྡོ་དང་གསེར་སོགས་གཏེར་ཁ་ལེན་པ་དང་འབུད་ཤིང་འཐུ་བ་བཅས་ཀྱིས་ནགས་ཚལ་མེད་པར་བཟོས་ན། གྱོང་ཚབ་སྤྲོད་པ་དང་མེད་པར་བྱས་པའི་ཤིང་སྡོང་ལས་སུམ་འགྱུར་གྱིས་གསར་འཛུགས་བྱ་དགོས།

རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས།
དོན་ཚན་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀི་སྤྱི་དམངས་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་པ་དང་། རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་བཙན་བཟུང་དང་གཏོར་བཤིག་གི་བྱ་བ་ལ་ཐེར་འདོན་ཞུ་སྦྱོར་བྱེད་པའི་དབང་ཆ་ཡོད།

རང་བྱུང་སྐྱེ་དངོས་སྲུང་སྐྱོང་སྲོལ་ཡིག །
དོན་ཚན་བདུན་པ། སྡེ་ཁག་དང་མི་སྒེར་གང་ཡིན་རུང་བྱུང་སྐྱེ་དངོས་ཐོན་ཁུངས་ལ་སྲུང་སྐྱོང་གི་འོས་འགན་ཡོད་ལ། རང་བྱུང་སྐྱེ་དངོས་དང་དེའི་ཁོར་ཡུག་བཙན་བཟུང་དང་གཏོར་བཤིག་བྱ་བ་ལ་ཐེར་འདོན་དང་ཞུ་སྦྱོར་གྱི་དབང་ཆ་ཡོད།

ས་ཆུ་རྒྱུན་སྡོད་བཅའ་ཁྲིམས།
དོན་ཚན་བཅོ་བརྒྱད་པ། གཏེར་སྔོག་ཁེ་ལས་དང་གློག་ནུས་ཁེ་ལས་དང་གཞན་ཡང་ཆེ་འབྲིང་གི་བཟོ་ལས་ཁེ་ལས་བཅས་འཛུགས་ན།ས་ཤུན་དང་སོལ་རྡོ་དང་གཏེར་སྙིགས་སོགས་ངེས་པར་དུ་གཏན་འཁེལ་བྱས་པའི་ས་ལ་ཉར་འགེབས་དགོས་པ་ལས་འབབ་ཆུ་དང་མཚོ་མཚེའུ་དང་ཆུ་མཛོད་དང་གཞན་གཏན་འཁེལ་མ་བྱས་པའི་ས་གཤོང་ལ་འཕོ་མི་ཆོག གཏེར་སྔོག་དང་འཛུགས་སྐྲུན་རྐྱེན་གྱིས་སྤང་ཤུན་ལ་གཏོར་བཤིག་སོང་ན་ངེས་པར་བློ་ཐབས་ཕུད་དེ་ས་ཤུན་དང་སྤང་ཤུན་སླར་གསོ་བྱེད་ནས་ཆུ་བཤར་ས་འདེད་འགོག་དགོས།

དོན་ཚན་ཉི་ཤུ་པ། རིམ་པ་སོ་སོའི་སྲིད་གཞུང་གིས་ངེས་པར་དུ་ཐབས་ཚུལ་སྣ་ཚོགས་ཕུད་དེ་གཏེར་སྔོག་པ་དང་རྡོ་གཏོར་བ་དང་ས་དང་བྱེ་མ་རྐོ་བ་སོགས་ལ་དོ་དམ་བྱེད་དེ་ཆུ་གཤར་ས་འདེད་དུ་འགྲོ་བར་འགོག་དགོས། གས་རྡིབ་དང་འདམ་འབབ་ཡོང་ཉེན་པའི་ས་ཆ་ནས་ས་བྱེ་རྡོ་གསུམ་ལེན་པ་བཀག་པ་དང་ཉེན་ཁ་ཡོད་པའི་ས་ཆ་དེ་རིགས་རྫོང་རིམ་པ་ཡན་གྱི་སྲིད་གཞུང་གིས་ས་མཚམས་ཕྱེ་སྟེ་ཁྱབ་བསྒྲག་བྱེད་དགོས།

མཚོ་སྔོན་ཞིང་ཆེན་གྱི་ཆུའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས།
དོན་ཚན་བཅུ་གཉིས་པ། ལྕགས་ལམ་དང་གཞུང་ལམ་དང་ཆུའི་ཨར་ལས་བཅས་བྱེད་པ་དང་། གཏེར་རྫས་དང་ནུས་ཁུངས་ཨར་ཆས་བཅས་ཀྱི་ཆེ་འབྲིང་ཁེ་ལས་འཛུགས་ཚེ། འཛུགས་སྐྲུན་ལས་བྱའི་ཁོར་ཡུག་འགལ་རྐྱེན་དཔྱད་ཡིག་ནང་དུ། ངེས་པར་དུ་རྫོང་རིམ་པ་ཡན་གྱི་ཆུའི་དོ་དམ་སྡེ་ཁག་གིས་གནང་བའི་ས་ཆུ་རྒྱུན་སྡོད་འཆར་འགོད་ཡོད་དགོས། གྲོང་དང་ཡུལ་སྡེའི་ཐུན་མོང་ཡང་ན་མི་སྒེར་གྱིས་གཏེར་ཁ་སྔོག་དགོས་ན། ས་གནས་དེའི་རྫོང་གི་ཆུའི་དོ་དམ་སྡེ་ཁག་ནས་འགྲོ་ལུགས་བརྒྱུད་དེ་ཆོག་གནང་ཐོབ་དགོས།

དམངས་ཁྲིམས་སྤྱི་སྲོལ།
དོན་ཚན་གྱ་དགུ་པ། རྒྱལ་ཁབ་ལ་དབང་བའི་གཏེར་ཁ་དང་འབབ་ཆུ་རྣམས་ཁྲིམས་ལྟར་སྤྱི་དང་ཐུན་མོང་གི་སྡེ་ཁག་གང་རུང་དང་མི་སྒེར་བཅས་ཀྱིས་སྔོག་འདོན་བྱེད་ཆོག །

རྒྱལ་ཁབ་ལ་དབང་བའི་གཏེར་ཁ་དང་འབབ་ཆུ་དང་། རྒྱལ་ཁབ་ལ་དབང་བའམ་ཁྲིམས་ལྟར་ཐུན་མོང་ལ་ཐོབ་པའི་ནགས་ས་རི་བརྒྱུད་རྩྭ་ཐང་ས་རྒོད་གྲམ་ཐང་བཅས་ཁྲིམས་དང་འགལ་ཏེ་ཉོ་ཚོང་དང་བོགས་མ་དང་གཏའ་མ་འཇོག་སོགས་ཀྱིས་གཞན་ལ་བཤུག་མི་ཆོག

རྒྱུ་དབང་བཅའ་ཁྲིམས།
དོན་ཚན་ཞེ་དྲུག་པ། གཏེར་ཁ་དང་འབབ་ཆུ་དང་མཚོ་ངོགས་བཅས་རྒྱལ་ཁབ་ལ་དབང་།

དོན་ཚན་བརྒྱ་དང་ཉེར་གསུམ་པ། ཁྲིམས་ལྟར་ཐོབ་པའི་གཏེར་ཁ་ཉུལ་སྔོག་དང་ཆུ་ལེན་པ་དང་ཆུ་རྒྱུད་གྲམ་ཐང་ནས་ཉ་སོགས་གསོ་འཛིན་བྱེད་པའི་དབང་ཆ་ཁྲིམས་ཀྱི་འགན་སྲུང་ཡོད།



ཉེས་དོན་བཅའ་ཁྲིམས།
དོན་ཚན་སུམ་བརྒྱ་ཞེ་གསུམ་པ། གཏེར་ཁ་ཐོན་རྫས་བཅའ་ཁྲིམས་དང་འགལ་ཏེ་གནང་བ་མེད་པར་གཏེར་སྔོག་པ་དང་། རང་ཕོད་ཀྱིས་རྒྱལ་ཁབ་འཆར་འགོད་གཏེར་ཁུལ་དུ་འཛུལ་བ་དང་། རྒྱལ་དམངས་དཔལ་འབྱོར་ལ་འགངས་གལ་ཆེ་བའི་དང་གཞན་མིའི་གཏེར་ཚང་ནས་གཏེར་སྔོག་པ་དང་། རང་ཕོད་ཀྱིས་རྒྱལ་ཁབ་སྲུང་སྐྱོང་བྱས་པའི་དམིགས་བསལ་གྱི་གཏེར་ཁའི་རིགས་སྔོག་པ་ལ།བཀག་འགོག་བྱས་ཀྱང་མ་ཕན་པར་གཏེར་ཁའི་ཐོན་ཁུངས་ལ་གཏོར་བཤིག་བྱས་ན། ལོ་གསུམ་མན་གྱི་བཙོན་འཇུག་དང་བཙན་ཉར་དང་མཉམ་དུ་དངུལ་ཆད་གཅོད་རྒྱུ་དང་། གཏེར་རྫས་ལ་གཏོར་བཤིག་ཚབ་ཆེན་བཟོས་ན་ལོ་གསུམ་ནས་བདུན་བར་བཙོན་འཇུག་དང་། མཉམ་དུ་དངུལ་ཆད་གཅོད་དགོས། ཁྲིམས་དང་འགལ་ཏེ་གཏོར་བཤིག་ཅན་གྱི་གཏེར་སྔོག་བྱ་ཐབས་ཀྱིས་གཏར་རྫས་ལ་གཏོར་བཤིག་ཚབ་ཆེན་བཟོས་ན་ལོ་ལྔ་མན་གྱི་བཙོན་འཇུག་དང་བཙན་ཉར་མཉམ་དུ་དངུལ་ཆད་གཅོད་དགོས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག །
དོན་ཚན་ཉེར་བདུན་པ། རང་སྐྱོང་ཁུལ་གྱི་སྲིད་འཛིན་སྡེ་ཁག་གིས་ཁྲིམས་ལྟར་རྒྱུན་མཐུད་འཕེལ་རྒྱས་དང་རྒྱུན་ལྡན་མཁོ་སྤྱོད་ཀྱི་ལམ་ལུགས་ལྟར། ཁུལ་ནང་གི་གཏེར་ཁ་དང་འབབ་ཆུ་དང་ནགས་ཚལ་དང་རྩྭ་ཐང་དང་ས་གཞི་དང་། གཞན་ཡང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སོགས་ཐོན་ཁུངས་ལ་དོ་དམ་དང་སྲུང་སྐྱོང་བྱ་རྒྱུ་དང་། རྩ་འཛུགས་དང་མི་སྒེར་སུ་ཡིན་ཡང་གཏོར་བཤིག་བྱེད་པར་བཀག་དགོས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བྱེ་སའི་སྐྱེ་དངོས་སྲུང་སྐྱོང་སྲོལ་ཡིག །
དོན་ཚན་བཅུ་གཉིས་པ། བྱེ་ཐང་ས་ཆ་ནས་གཏེར་ཁ་ཉུལ་སྔོག་དང་གཞན་གྱི་ཨར་འཛུགས་བྱེད་ཚེ། ངེས་པར་དུ་ལས་བྱ་དེས་ས་གནས་དེར་དང་ཁོར་ཡུག་ལ་འགལ་རྐྱེན་ཆེ་ཆུང་དཔྱད་འཇོག་བྱས་རྗེས་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་ལ་ཞུ་སྟེ་གནང་དགོས་པ་དང་། ས་མཚམས་དང་རྒྱ་ཁྱོན་གསལ་བོར་ཕྱེ་དགོས་པ་མ་ཟད་སྐྱེ་ཁམས་སྲུང་སྐྱོང་ཐབས་ཚུལ་ཕུད་དགོས།



ཟུར་བཀོད་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏེར་རྫས་ཐོན་ཁུངས་དོ་དམ་སྡེ་ཁག་སྡེ་ཁག་གིས་ཆོག་མཆན་གནང་དགོས་བའི་གཏེར་རྫས་རིགས་ཀྱི་དཀར་ཆག །
༡རྡོ་སོལ། ༢རྡོ་སྣུམ། ༣སྦུམ་ལྡན་རྡོ་གཡམ། ༤ཆན་རིགས་རང་བྱུང་འབར་རླངས། ༥རང་བྱུང་སོལ་རླངས། ༦སྦུམ་གྱུར་རླངས། ༧ས་འོག་ཚ་ནུས། ༨འཕྲོ་དུག་ཅན་གཏེར་རྫས། ༩གསེར། ༡༠དངུལ། ༡༡ཕེད། ༡༢མཱན། ༡༣ཁིར། ༡༤ཁོབ། ༡༥ལྕགས། ༡༦ཟངས། ༡༧ཞ་ནེ། ༡༨ཏི་ཚ། ༡༩ཧ་ཡང་། ༢༠ནིག ། ༢༡ཝུ། ༢༢གཤའ། ༢༣འཐི། ༢༤མོལ། ༢༥ཞི་ཐུའུ། ༢༦ལིན། ༢༧ཅཱ། ༢༨མུ་སི། ༢༩སི། ༣༠རྡོ་རྗེ་ཕ་ལམ། ༣༡ནི་བ། ༣༢ཐེན། ༣༣རྡོ་རྒྱུས། ༣༤གཏེར་ཆུ། (མི་དམངས་ཉིན་རེའི་ཚགས་པར། 19980223པར་ངོས་གཉིས་པ།)



ཟུར་བཀོད་གསུམ་པ། འབྲེལ་ཡོད་སྡེ་ཁག་འབྲེལ་གཏུག་བྱེད་ལུགས།
མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྷན་ཚོགས།
ཁ་པར། ༠༩༧༡-༤༣༢༥༤༤༤
བརྙན་སྐྱེལ། ༠༩༧༡-༤༣༢༥༤༤༤
སྡོད་གནས། མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཤམྦྷ་ལའི་ལམ་ཆན་ཡོན་ཁང་བརྩེགས་གཉིས་པའི་སྒོ་དང་པོའི་ཁང་མིག་༡༡༢པ།
སྦྲག་ཨང་། ༨༡༠༠༡༢
གློག་དྲྭའི་ཡིག་སྒམ། uyohata@126.com
དྲྭ་ཚིགས། http://www.snowland-great-rivers.org



ཀྲུང་གོ་ཁྲིམས་སྲིད་སློབ་གྲྭ་ཆེན་མོ་བཙོག་གནོད་བྱུང་བར་ཁྲིམས་ལུགས་རོགས་རམ་ལྟེ་གནས་ཀྱི་རིན་མེད་རེ་སྐྱོབ་སྦྲེལ་ལམ།
ཁ་པར། ༠༡༠-༦༢༢༦༧༤༥༩
བརྙན་སྐྱེལ། ༠༡༠-༦༢༢༢༡༢༩༡
འདི་ནི་ཁོར་ཡུག་ཐོན་ཁུངས་བཅའ་ཁྲིམས་ལ་སློབ་ཁྲིད་དང་ཞིབ་འཇུག་བྱས་པའམ། ད་དུང་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཕན་སྒྲུབ་པའི་མཐོ་རིམ་སློབ་གྲྭའི་དགེ་རྒན་དང་སློབ་མ། དག་འདོན་པ། ཆེད་མཁས་པ་སོགས་ཀྱིས་གྲུབ་ཅིང་སྦག་གཙོག་གིས་གནོད་འཚེ་བྱུང་བར་ཁྲིམས་ལུགས་ཀྱི་རོགས་རམ་དང་ཁོར་ཡུག་ཐོན་ཁུངས་བཅའ་ཁྲིམས་ཞིབ་འཇུག་བྱེད་པའི་དམངས་ཁྲོད་ཀྱི་ཁོར་སྲུང་རྩ་འཛུགས་ཞིག་ཡིན། སྦྲེལ་ལམ་ཕྱེ་བའི་དུས་ཚོད་ནི། གཟའ་ཟླ་བ་ནས་གཟའ་པ་སངས་ཀྱི་སྔ་དྲོ། ༨:༣༠-༡༡:༣༠ ཕྱི་དྲོ། ༢:༠༠-༤:༣༠
སྡོད་གནས། པེ་ཅིང་གྲོང་ཁྱེར་ཧེ་ཏན་ཁུལ་ཤིས་ཐོན་གྲོང་ལམ་ཨང་༢༥།
སྦྲག་ཨང་། ༡༠༠༠༨༨
གློག་དྲྭའི་ཡིག་སྒམ། clapv@9577.com/wcanfa@clapv.org
དྲྭ་ཚིགས། http://www.clapv.org



ཝུས་ཧན་སློབ་གྲྭ་ཆེན་མོ་ཉམ་ཐག་པའི་ཁེ་དབང་སྲུང་སྐྱོབ་ལྟེ་གནས།
ཁ་པར། ༠༢༧-༦༨༧༥༤༥༦༦
འབྲེལ་གཏུག་མི་སྣ། ཀྲོ་ཞཱོ་ཟོང་།
གློག་དྲྭའི་ཡིག་སྒམ། whuzxsong@yahoo.com.cn


ཀྲུང་ཧྭ་ཁོར་སྲུང་མཉམ་འབྲེལ་ཚོགས་པའི་ཁོར་ཡུག་ཁྲིམས་ལུགས་ཞབས་ཞུ་ལྟེ་གནས་ཀྱི་ཁོར་སྲུང་ཞུ་གཏུག་བྱེད་ས།
ཁ་པར། ༠༡༠-༥༡༢༣༠༠༡༢
བརྙན་སྐྱེལ། ༠༡༠-༥༡༢༣༠༠༠༦
འདིས་མང་ཚོགས་ཀྱི་ཁོར་ཡུག་དབང་ཆ་སྲུང་བར་ཐབས་ཤེས་མང་པོས་རོགས་སྐྱོར་འདོན་པ་དང་། ཁོར་ཡུག་དབང་ཆ་ལ་གནོད་འཚེ་
ཐེབས་པའི་སྤྱི་དམངས་དང་ཁྲིམས་མིའམ་རྩ་འཛུགས་གཞན་པ་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་། ཁྱད་པར་དུ་ཉམ་
ཐག་ཅན་ལ་རོགས་སྐྱོར་ཏེ་རྩད་ཞིབ་དང་དཔང་རྟགས་ལེན་པ་དང་བར་འདུམ་སོགས།
སྡོད་གནས། པེ་ཅིང་གྲོང་ཁྱེར་ཁྲོ་ཡམ་ཁུལ་ཧུ་ཕན་ལེས་ཆུས་༡༤པ།
སྦྲག་ཨང་། ༡༠༠༠༡༣
དྲྭ་ཚིགས། http://www.acef.com.cn
གློག་དྲྭའི་ཡིག་སྒམ། zhengqingbao@acef.com.cn



པེ་ཅིང་སློབ་གྲྭ་ཆེན་མོའི་མང་ཚོགས་ལས་ཞུགས་ཞིབ་འཇུག་དང་རྒྱབ་སྐྱོར་ལྟེ་གནས།
བློ་འདྲིའི་ཁ་པར། (༠༡༠)༦༢༧༥༧༢༨༦
ཞབས་ཞུའི་དུས་ཚོད། གཟའ་ཟླ་བ་ནས་པ་སངས་བར་གྱི་སྔ་དྲོ། ༨:༣༠-༡༡:༣༠ ཕྱི་དྲོ། ༢:༠༠-༥:༠༠ དུས་གཞན་དུ་ཁ་པར་གྱི་སྒྲ་སྡུད་ཡོད།



རྒྱལ་ཡོངས་ནས་བཀོལ་ཆོག་པའི་འཁོར་སྲུང་ཞུ་གཏུག་དང་ཐེར་འདོན་གྱི་གཅིག་འགྱུར་ཁ་པར་ནི་༡༢༣༦༩ཡིན། དེས་མང་ཚོགས་ཀྱིས་ཁོར་སྲུང་ཐད་ཞུ་གཏུག་དང་ཐེར་འདོན་བྱས་པར་ཐག་གཅོད་བྱེད།



རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་སྤྱིའི་ལས་ཁུངས་ཁོར་ཡུག་ལྟ་ཞིབ་སྡེ་ཁག་(ཁོར་ཡུག་ཚབས་དོན་ཐད་རྒོལ་དང་དོན་འཕྲིན་ཞིབ་བཤེར་ལྟེ་གནས།)དྲྭ་ཐོག་ཐེར་འདོན་ཀྲུང་ཧྭ་ཁོར་སྲུང་སྦྲེལ་ལམ། http://www.12369.gov.cn



རྒྱལ་ཡོངས་གཅིག་འགྱུར་ཁྲིམས་ལུགས་ཀྱི་དམིགས་བཙུགས་ཞབས་ཞུའི་ཁ་པར་༡༢༣༤༨ཡིན་ལ། དེས་གཙོ་བོར་སྤྱི་དམངས་དང་རྩ་འཛུགས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཀྱི་དངོས་གཞི་དང་གོ་རིམ་གྱི་དོགས་གནད་དྲི་བ་སེལ་ཞིང་། འབྲེལ་ཡོད་སྡེ་ཁག་མཉམ་འབྲེལ་གྱིས་ཁྲིམས་ལུགས་ཀྱི་ཞབས་ཞུ་འདོན་པ།



ཟུར་བཀོད་བཞི་པ།
སྲིད་གཞུང་དོན་འཕྲིན་གསལ་བསྒྲགས་གོ་རིམ་དཔེ་རིས།





ཟུར་བཀོད་ལྔ་པ།
གཏུག་བཤེར་བཅའ་ཁྲིམས་གསུམ་གྱི་འབྲེལ་ཡོད་གཏན་འབེབས།

ཉེས་དོན། དམངས་དོན། སྲིད་འཛིན།
ཐོག་མའི་
འདྲི་གཅོད་
སྤྱི་བཏང་
གོ་རིམ་
དུས་ཆད།
ཞིབ་དཔྱོད་ཁང་ལ་གྱོད་གཞི་འབྱོར་རྗེས་
ཟླ་༡ནང་ནས་ཐག་ཆོད་དགོས། གྱོད་ཆེན་
རྙོག་འཛིང་ཅན་ལ་ཟླ་ཕྱེད་འགྱང་ཆོག །
ཁྲིམས་ཁང་ལ་འབྱོར་རྗེས་ཟླ་ཕྱེད་གཉིས་
ནང་རྫོགས་དགོས། གྱོད་ཆེན་རྙོག་འཛིང་
ཅན་ལ་མཐོ་རིམ་ཁྲིམས་ཁང་ལ་ཞུས་ཏེ་
ཟླ་༡འགྱང་ཆོག །
སྤྱི་བཏང་གོ་རིམ་ལ་ཟླ་༣་ཡིན། དམིགས་
གསལ་ལ་ཁྲིམས་དཔོན་གྱིས་གནང་རྗེས་
ཟླ་༦་ལ་འགྱང་ཆོག །ད་དུང་འགྱང་
དགོས་ན་གོང་རིམ་ཁྲིམས་ཁང་གིས་
གནང་བ་དགོས། ལས་སླའི་འདྲི་གཅོད་
གོ་རིམ་ལ་ཟླ་༣་གྱིས་རྫོགས་དགོས།
ཐོག་མའི་འདྲི་གཅོད་ཟླ་༣གྱིས་རྫོགས་
དགོས། ཕྱིར་འགྱང་དགོས་ན་མཐོ་རིམ་
མི་དམངས་སྲིད་གཞུང་ལ་ཞུ་དགོས།
འདྲི་གཅོད་
རྗེས་མའི་སྤྱི་
བཏང་གོ་རིམ་
གྱི་དུས་ཆད།
ཁྲིམས་ཁང་གིས་གོང་གཏུག་དང་རྒོལ་
གཏུག་བྱས་པའི་གྱོད་གཞི་ཟླ་ཕྱེད་གཉིས་
ལས་འགོར་མི་ཆོག དམིཊ་བསལ་ལ་མཐོ་
རིམ་ཁྲིམས་ཁང་ལ་ཞུས་ནས་ཟླ་༡
འགྱང་ཆོག །
ཟླ་༣ནང་ནས་རྫོགས་དགོས། དམིགས་བསལ་
ལ་ཁྲིམས་དཔོན་གྱིས་གནང་བ་དགོས། གོ་
རིམ་ཐད་ཀྱི་གོང་གཏུག་གྱོད་གཞི་ཉིན་༣༠
ཡིས་རྫོགས་དགོས།
གྱོད་གཞི་གོང་གཏུག་བྱས་པར་ཟླ་༢
ཀྱིས་རྫོགས་དགོས།
སྐྱར་འདྲིའི་
དུས་ཆད།
ཟླ་བ་༣གྱིས་རྫོགས་དགོས། འགྱངས་ན་
ཟླ་༦ལས་ཡོལ་མི་ཆོག །
ཟླ་གསུམ།  
ཁྱབ་བསྒྲཌ་
དུས་ཆད།
ཉིན་དྲུག་ཅུ། ཉིན་དྲུག་ཅུ།  
གོང་གཏུག་
དུས་ཆད།
ཉིན་བཅུ། ཉིན་བཅོ་ལྔ། ཉིན་བཅོ་ལྔ།
འདེད་གཏུག་
གོ་ཆོད་
དུས་ཆད།
ཉེས་དོན་ལ་སྤྱིར་བཏང་ལོ་༢༠ཡིན། དམངས་དོན་ལ་སྤྱིར་བཏང་ལོ་༢ཡིན། དམིགས་གསལ་ལ་ལོ་༡ཡིན་ཏེ། ༡ལུས་ཕུང་ལ་གནོད་འཚེ་བྱུང་ནས་གྱོང་
ཚབ་སློང་པ། ༢རྒྱུ་སྤུས་ཞན་པའི་ཚོང་ཆས་བཙོང་བར་གསལ་བཤད་མ་ བྱས་པ། ༣བོགས་དངུལ་དུས་འགྱངས་ནས་སྤྲད་པའམ་ཡང་ན་མི་སྤྲོད་པ།
༤བཅོལ་ནོར་མེད་དུ་བཅུག་པའམ་ཆག་གྲུམ་ཤོར་བ།

 

 སྲིད་འཛིན་སྐྱར་གྲོས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་བཏོན་དོན།

སྐྱར་གྲོས་ཞུ་ཐབས། སྲིད་འཛིན་བསྐྱར་གྲོས་ཞུ་བ་ལ། ཡིག་ཐོག་ནས་ཞུ་ཆོག་ལ་ཁ་ནས་ཞུས་ནའང་ཆོག ཁ་ནས་ཞུས་པ་ལ་སྲིད་འཛིན་སྐྱར་གྲོས་ལས་ཁུངས་ཀྱིས་རེ་ཞུ་མཁན་གྱི་ཕལ་ཆེར་གནས་ཚུལ་དང་སྲིད་འཛིན་སྐྱར་གྲོས་རེ་ཞུ། སྲིད་འཛིན་སྐྱར་གྲོས་ཞུ་དོན་དང་གནས་ལུགས། དུས་ཚོད་བཅས་ཟིན་བྲིས་བཀོད་དགོས།

སྐྱར་གྲོས་ཞུ་བའི་དུས་ཆད། སྤྱི་དམངས་དང་ཁྲིམས་མི། དེ་མིན་རྩ་འཛུགས་ཀྱིས་སྲིད་འཛིན་བྱ་སྤྱོད་ཀྱིས་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བྱུང་སྙམ་ན། གནོད་པ་བཟོས་པ་ཤེས་པ་ནས་ཉིན་༦༠ནང་ནས་སྲིད་འཛིན་སྐྱར་གྲོས་ཞུ་དགོས།

སྐྱར་གྲོས་རེ་བ་ཞུ་ཡུལ། རྫོང་རིམ་པའི་ས་གནས་སྲིད་གཞུང་འོག་གི་ལས་སྒྲུབ་ཁང་གིས་སྲིད་འཛིན་བྱ་སྤྱོད་ལ་ཁས་མ་བླངས་ན། རིམ་པ་དེའི་སྲིད་གཞུང་ལ་སྲིད་འཛིན་སྐྱར་གྲོས་ཞུའམ་ཡང་ན་རིམ་པ་གོང་གི་གཙོ་གཉེར་སྡེ་ཁག་ལ་ཞུ་ཆོག །

སྲིད་འཛིན་ཞིབ་བཤེར་དུས་ཆད། སྲིད་འཛིན་སྐྱར་གྲོས་ལས་ཁུངས་ཀྱིས་སྐྱར་གྲོས་ཞུ་ཡིག་འབྱོར་རྗེས། ཉིན་ལྔའི་ནང་ཞིབ་བཤེར་བྱེད་དེ། སྲིད་འཛིན་བཅའ་ཁྲིམས་དང་མི་མཐུན་པ་ལ་ཡིག་ཐོག་ནས་རེ་ཞུ་མི་བསྡུ་བའི་ལན་སྤྲད་དགོས། རེ་ཞུ་ཁྲིམས་དང་མཐུན་ཡང་ལས་ཁུང་རང་གི་སྐྱར་གྲོས་བྱེད་པའི་ནང་དོན་མིན་ན། རེ་ཞུ་མཁན་ལ་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་ལ་ཞུ་དགོས་པའི་ལན་འདེབས་དགོས།སྲིད་འཛིན་ཞུས་ལན་དུས་ཆད། སྲིད་གཞུང་སྐྱར་གྲོས་ལས་ཁུངས་ཀྱིས་སྐྱར་གྲོས་རེ་ཞུ་འཕྲོད་དེ་་ཉིན་༦༠ནང་ནས་སྐྱར་གྲོས་བྱེད་ཐུབ་དགོས། གནས་ཚུལ་རྙོག་འཛིང་རྐྱེན་གྱིས་སྐྱར་གྲོས་མ་ཐུབ་ན་ལས་ཁུངས་འགོ་ཁྲིད་ལ་ཞུས་ཏེ་འོས་འཚམས་ཀྱིས་ཕྱི་འགྱངས་བྱེད་ཆོགའོན་ཀྱང་ཉིན་སུམ་ཅུ་ལས་འགྱངས།

གཏུག་བཤེར་དུས་ཆད། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཐོག་མར་སྲིད་འཛིན་སྐྱར་གྲོས་ཞུས་རྗེས་སྐྱར་གྲོས་ཆོད་དོན་ལ་བློར་མ་འབབ་ན། མི་དམངས་ཁྲིམས་ཁང་ལ་སྲིད་འཛུན་གཏུག་བཤེར་བྱེད་ཆོག་པ་ལ། སྲིད་འཛིན་སྐྱར་གྲོས་ལས་ཁུངས་ཀྱིས་རེ་ཞུས་བསྡུ་རུག་མི་བྱེད་པའམ་བྱས་ཀྱང་དུས་ཆད་ནང་ལྟར་སྐྱར་གྲོས་མ་བྱས་ན། བསྡུ་རུག་མི་བྱེད་པའི་ཆོད་ཡིག་ལག་ཏུ་འབྱོར་ཉིན་ནམ་ཡང་ན་སྐྱར་གྲོས་དུས་ཆད་ཐུག་ཉིན་ནས་བཟུང་ཉིན་བོ་ལྔ་ནང་ནས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱེད་ཆོག །


ཟུར་བཀོད་དྲུག་པ། གཏུག་བཤེར་ཡི་གེའི་མ་དཔེ་འདྲ་མིན།

དམངས་དོན་གཏུག་བཤེར་གྱོད་ཡིག །
གཏུག་མཁན། མིང་།                          འདུག་གནས།
ཁ་པར།
མངགས་བཅོལ་ཚབ་མི། མིང་།                        ཕོ་མོ།                  ལོ།
མི་རིགས།        གོ་གནས།                    ལས་ཁུངས།                     འདུག་གནས།
ཁ་པར།
གྱོད་ཡ། མིང་།                      འདུག་གནས།
ཁ་པར།
ཞུ་གཏུག་རེ་འདུན།



དོན་འཕྲིན་དང་གནས་ལུགས་



དཔང་རྟགས་དང་དེའི་ཐོན་ཁུངས། དཔང་མིའི་རུས་མིང་དང་འདུག་གནས།

  གུས་ཞུ།

            མི་དམངས་ཁྲིམས་ཁང་།



 ཞུ་གཏུག་མཁན།(རུས་མིང་།)
              ལོ་ཟླ་      ཚེས་      ཉིན།



ཉེས་དོན་ཞོར་འབྲེལ་དམངས་དོན་གཏུག་བཤེར་གྱོད་ཡིག །
གཏུག་མཁན།
གྱོད་ཡ།
  གྱོད་གཞི་འབྱུང་རྐྱེན།



གཏུག་བཤེར་རེ་འདུན།
༡ ཉེས་འགན་བདའ་འདེད།
༢ དམངས་དོན་གྱོང་ཚབ་རེ་འདུན།


དོན་འཕྲིན་དང་གནས་ལུགས།



དཔང་རྟགས་དང་དེའི་འབྱུང་ཁུངས། དཔང་མིའི་རུས་མིང་དང་འདུག་གནས།

གུས་ཞུ།

   མི་དམངས་ཁྲིམས་ཁང་།
གཏུག་མཁན།
       ལོ་ཟླ་     ཚེས་      ཉིན།

ཟུར་བཀོད། གཏུག་ཤོག  །ཡོད།


སྲིད་འཛིན་གཏུག་བཤེར་གྱོད་ཡིག །

〖HG240X〗

གཏུག་མཁན། རུས་མིང་།             ཕོ་མོ།                   སྐྱེས་པའི་ལོ་ཟླ།             མི་རིགས།
ལས་ཁུངས།               གོ་གནས།                   འདུག་གནས།

འབྲེལ་གཏུག་བྱ་ཐབས། (གཏུག་མཁན་ལས་ཁུངས་ཡིན་ན། མིང་དང་ཆགས་གནས།  འབྲེལ་གཏུགས་བྱ་ཐབས་སོགས།)

མངགས་བཅོལ་ཚབ་མི། རུས་མིང་།          ཕོ་མོ།           ལོ་གྲངས།           མི་རིགས།
 གོ་གནས།                      ལས་ཁུངས།
འདུག་གནས།                        འབྲེལ་གཏུག་བྱ་ཐབས།
གྱོད་ཡ། མིང་།               འདུག་གནས།                       འབྲེལ་གཏུག་བྱ་གནས།
ཁྲིམས་གཏན་ཚབ་མི། མིང་།                    གོ་གནས།
ཞུ་གཏུག་རེ་འདུན།

དོན་འཕྲིན་དང་གནས་ལུགས།

   གུས་ཞུ།
གཏུགམཁན། རུས་མིང་།
             ལོ་ཟླ་      ཚེས་        ཉིན།




གང་ན་རྒྱུ་འབྲས་མི་བསྣོལ་ཞིང་། །
སྤྱི་ལ་སྙོམས་པའི་སེམས་ཡོད་པ། །
དེ་འདྲ་དཔོན་དུ་བསྐོས་གྱུར་ན། །
གྲོང་ངམ་གྲོང་ཁྱེར་དག་ཏུ་བདེ། །
ཁྲིམས་དཔོན་གྱི་ཡོན་ཏན།
གལ་ཏེ་ཕའམ་མས་ཀྱང་རུང་། །
མི་འོས་པ་ཡི་ཞུ་སྦྱོར་ན། །
རྒྱལ་པོས་དེ་ལ་གནད་དཀྲོལ་ཏེ། །
ཁྲིམས་འགལ་བྱ་བ་སྐབས་མི་དབྱེ། །
མི་ལ་བཟང་ངན་སྣ་ཚོགས་ཀྱི། །
སྐྱོན་ཡོན་ཁོང་ན་གནས་གྱུར་པ། །
ཁ་ནས་བཤད་པ་ཅི་འདྲ་ཡང་། །
ལག་གི་བྱ་བས་ངེས་པར་རྟོགས། །



  མཇུག་བྱང་།
ཕ་ཡུལ་གྱི་ཡུལ་ལྗོངས་གཙང་མ་འདི་དང་དེར་བརྟེན་གྱི་མི་སེམས་དྭངས་མ་དེ་གཉིས་སྲུང་བྱེད་ཀྱི་རིག་གནས་འགངས་ཆེན་འདིའི་ཕྱིར་དུ། ངས་རང་གི་འཇོན་ཐང་ལ་མ་ལྟོས་པར་རྨ་འབྲི་རྫ་གསུམ་ཁོར་ཡུག་སྲུང་སྐྱོང་ལྷན་ཚོགས་ཀྱིས་རེ་བསྐུལ་བཞིན་དེབ་ཆུང་འདིའི་རྩོམ་སྒྲིག་བྱེད་པའི་དམ་བཅས། ཟླ་འགའ་ཤས་རིང་འབད་འབུངས་བརྒྱུད་དེ་ད་ལམ་གཟིགས་པ་པོའི་སྤྱན་སྔར་ཕུལ་བའི་དེབ་ཆུང་འདི་གྲུབ། དེབ་ཆུང་འདི་ཁོར་ཡུག་དང་ཁེ་དབང་འགན་སྲུང་གི་ཁྲིམས་ལུགས་ཁྱབ་སྤེལ་ཀློག་དེབ་ཅིག་སྟེ་ཀློག་པ་པོ་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་པ་ཡིན་ལ། ཀློག་པ་པོ་གཞན་དག་གི་དགོས་མཁོ་ལའང་གཞིགས་ནས་གོ་བདེའི་ཆེད་དུ་བོད་རྒྱ་སྐད་ཡིག་གཉིས་ཀྱིས་རྩོམ་སྒྲིག་བྱས། འོན་ཀྱང་རྩོམ་སྒྲིག་པའི་འཇོན་ཐང་དང་དུས་ཡུན་ཐུང་བའི་དབང་གིས་རྒྱ་ཡིག་ལ་དེ་ཙམ་གོ་མི་སླ་བའི་སྐྱོན་སྣང་བས་བོད་ཡིག་རྩོམ་སྒྲིག་སྐབས་སུ་གང་ཕེར་གྱིས་ཀློག་པ་པོ་བྱིངས་ཀྱི་རིག་གནས་ཆུ་ཚད་དང་འཚམས་པར་བྱས།དེབ་ཆུང་འདིའི་ནང་མཁོ་སྤྱད་པའི་གྱོད་དཔེ་སོགས་ཀྱི་རྒྱུ་ཆ་ཚང་མ་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་ཀྱི་ཚགས་པར་དང་དུས་དེབ།དྲྭ་ཚིགས་ལ་བཀོད་པ་ཤ་སྟག་ཡིན། དེ་དག་འབྱུང་ཁུངས་བསྟན་པ་ཙམ་ལས་རྩོམ་པ་པོ་དངོས་ལས་བསམ་འཆར་བསྡུ་ལེན་མ་ཐུབ།གཞན་ཡང་བོད་ཡིག་ནང་དུ་བོད་ཀྱི་མཁས་དབང་དམ་པའི་ལེགས་བཤད་འགའ་རེ་བདམས་ཏེ་དགེ་སྐུལ་གྱི་ཚུལ་དུ་བཀོད་པར་ཀློག་པ་པོས་བསམ་གཞིག་ཞིབ་ཏུ་ཐུབ་ན་རྨོངས་མུན་བསལ་བའི་སྒྲོན་མེ་རུ་འགྱུར་ངེས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96yc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41352860
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1