སྤྱི་ལོ་༢༠༡༠ལོའི་ཟླ་༡༠་བའི་ཚེས་༧ཉིན་མགར་ཚང་གི་བྱམས་དང་སྙིང་རྗེའི་རོགས་སྐྱོར་བྱ་འགུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་དུ་སྤེལ་ཞིང་ཕུལ་བྱུང་སློབ་མ་བྱམས་པ་ཐར་ལ་གློག་ཀླད་དང་སློབ་གྲོགས་གཞན་འགའ་ལ་སྒོར་དང་དངོས་ཟོག་གིས་བྱ་དགའ་སྤྲད།
ཁཱ་ཤེས་རབ་རྒྱ་མཚོས་སྣེ་ཁྲིད་དེ་མགར་དོན་གྲུབ་དང་མགར་ཕུན་ཚོགས་སོགས་མགར་ཚང་གི་བྱམས་དང་སྙིང་རྗེའི་རོགས་སྐྱོར་བྱ་འགུལ་དུ་ཞུགས།
སློབ་གསོ་བ་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་རོགས་སྐྱོར་བྱ་འགུལ་ལ་སློབ་གཙོ་འཇིགས་མེད་རྒྱལ་མཚན་དང་སློབ་གཙོ་གཞོན་པ་བཛྲ་ཚུལ་ཁྲིམས་སོགས་དགེ་སློབ་ཡོངས་ཀྱི་ཚབ་མཛད་དེ་བཀའ་དྲིན་ཆེ་བའི་གསུང་བཤད་གནངས།
གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་ཟུར་ངོས་ཤིག
|