རྡོ
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »རྡོ
རྡོ
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/10ལྟ་ཀློག (2036)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མགར་དམག 
   མུན་པ་ནི་རྣམ་ཤེས་ཀྱི་རུས་རྐང་ལས་འཕྱུར་བའི་དུ་བ་ནག་པོ་དེ་ཡིན་ན། ངས་དོ་དགོང་ཆོས་གསུམ་གྱི་མངལ་སྒོ་
ན་ལུད་པའི་ཁྲག་གི་གཙང་བོ་དང་།  རྡོ་བ་དག་ཡོངས་སུ་བཅགས་ཤིང་།   ཉལ་ཐའི་མེ་ཏོག་གི་ལྷག་བསམ་རུམ་དུ་
བཅུགས་རྗེས། ལམ་དུ་ཆས་ཆོག 
         ལམ་འགྲམ་དུ་མཚོ་མོ་སྒྱུད་ལུག་གིས་བཅངས་ཤིང་དེའི་ནང་གི་སྲིན་འབུའི་གཤོག་པ་དང་རྭ་ཅོ།   ད་དུང་དུག་གསུམ་
གྱིས་ཕྱུག་པའི་བདག་གི་མ་ཡུམ་དཀར་མོ་གཉིད་དུ་ཡུར་ཡོད་ཚེ། ཕོ་རོག་གི་ཏུག་པ།   ཁ་ཏའི་རྭ་མཆུ།  སེང་གེ་ཡི་མིག་ཆུ།  ཧ་
ཅང་མཁོས་ཆུང་ལ་ཉམས་ཞན་པའི་ཁ་ལུད་དག་ངར་ལྕགས་སུ་སྦྱོང་ནས་རལ་གྲི་ཅིག་བཟོ་ངེས།   རལ་གྲི་དལ་མོར་གཡུག་
བཞིན་གཙང་བོའི་སེམས་སྒྲར་ཉན་ངེས་ལ།  རལ་གྲི་ཤུགས་ཀྱིས་གཡུག་བཞིན་དཔའ་བོའི་ཁྲག་དྲིར་སྣུམ་ངེས།
          འགྲོ་ཡ་འགྲོ    ཟུང་ཟད་པའི་ཤིང་སྐམ་གྱི་ལག་པ་བདག་གི་སྡོངས་གྲོགས་ཡིན།    དུར་ཐང་གི་རུས་སྒྲོམ་རླུང་
གིས་སྒུལ་ཞིང་ཤེས་རབ་ཞ་འཐེང་དུ་གྱུར་བའི་སང་ཉིན་དང་ཞོགས་པ་དུས་ཚོད་ཀྱིས་སྲེགས་དུས།  འགྲོ་ཡ་འགྲོ།   དོ་དགོང་
ང་ཁོ་ན་རྒྱམ་མཚོ་སྐམ་བྱེད་པའི་མེ་ལྕེ་སྔོན་པོ་དེ་ཡིན།
          ངའི་གདོང་། ངའི་བྱིས་པ། ངའི་སྙན་ངག སྐྱེ་རབས་བཅོ་བརྒྱད་ཀྱི་ཡུགས་ས་མའི་རོལ་དབྱངས། ཐ་དག་གི་ཐ་དག་
དོ་དགོང་བདག་སྒུལ་ཞིང་འཕྱོ་བྱེད་ཀྱི་སྐུད་པ་རིང་མོ་དེ་ཡིན་ལ། དུག་འཐུང་པས་མ་ཡུམ་སྔ་མོ་ནས་འདས་ཀྱང་། ཐལ་བབས་
པས་གཤོག་པ་སྔ་མོ་ནས་རལ་ཡང་།  ངས་རང་ཉིད་གསོན་དུར་བྱེད་དོན་གཏན་ནས་མེད། ༼ང་མ་ཤི་གསོན་དུར་བྱས་པར་
གཏན་ནས་མི་འཐད༽།
         ལྟོས་དང་མུན་པའི་ཁ་དང་ལྕེ། སྦྲུལ་གྱི་མཆེ་བ་དང་སྤྱང་ཀིས་འདུར་རྒྱུགས། རི་བོ་གྱེན་དུ་འབར་ནས་ཤེས་རབ་
ཀྱི་སྒེའི་ཁུང་གནོན་གྱིན་འདུག   ཆུ་མོ་ཐུར་དུ་བཞུར་ནས་དམྱལ་ཁམས་ཀྱི་བརྩིགས་པ་ཞིག་གིན་འདུག ད་ནི་སྙན་
ངག་གི་མཆོད་པ་དང་པོ་ཕུལ་རན།  ད་ནི་སྒྱུ་རྩལ་གྱི་གཤོག་པ་ལྕགས་ཐུམ་ལས་གྱེས་རན།   
  རྡོ      རྡོ       རྡོ
རྡོ་ནག་པོ    རྡོ་དཀར་པོ     རྡོ་དམར་པོ
        འཁོར་བ་སྤྱི་འགྲོས་ཀྱིས་འཁོར་ཞིང་དུས་ཚོད་དུད་དྲག་གིས་འགག་གིན་འདུག འགྲོ་ཡ་འགྲོ། དུས་ཚོད་ཞི་དུལ་གྱིས་
བགྲོད་དུས་འཆི་བ་དངངས་འཚབ་ཀྱི་འོང་གིན་འདུག
       དུས་ཚོད་བདེན་ལུགས་ཀྱིས་བཞུར་དུས  འཇའ་མཚོན་ཁངས་སྐྱ་ཡིས་སུབ་ཀྱིན་འདུག  འགྲོ་ཡ་འགྲོ  ང་རང་
འདི་ལྟར་བུད་འགྲོ།    དུས་ཚོད་རྗེས་སུ་དྲུད་ནས་དམྱལ་ཁམས་སུ་ཆས་འགྲོ། འགྲོ་ཡ་འགྲོ  དུས་ཚོད་སྔོན་བཞག་སྟེ་
ལམ་བར་ནས་འཆི་ཆོག

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b81f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41560062
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1