མགར་གྱི་སྐོར་ནས་དྲི་བ་རེ་ཟུང་ལ་ལན་བཏབ་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 11 ཚེས 14 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ངེད་དྲ་བ། »མགར་གྱི་སྐོར་ནས་དྲི་བ་རེ་ཟུང་ལ་ལན་བཏབ་པ།
མགར་གྱི་སྐོར་ནས་དྲི་བ་རེ་ཟུང་ལ་ལན་བཏབ་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/11ལྟ་ཀློག (7829)རྩོམ་ཁུངས: པར་འདེབ།

 

དྲི་བ་འདོན་མཁན་དྲྭ་གྲོགས་འགའ།

ལན་འདེབས་མཁན་བཙན་པོའི་མགར་གྱི་དྲ་བ།


  དྲི་བ།   འོ་ན་བློན་ཆེན་མགར་དམ་པའི་མཛད་རྗེས་གླེང་ན་དགེ་བ་ཅི་ཡོད།

ལན།  དགེ་བ་གསུམ་ཡོད་ཀི།

1  མགར་སྟོང་བཙན་ཡུལ་བཟུང་ཡབ་སྲས་ལ་ཞིབ་འཇུག་ཕྲ་ཞིབ་བྱས་པ་བརྒྱུད་སྐབས་དེའི་བཙན་བློན་འབྲེལ་བ་དང་སྤྱི་ཚོགས་སྒྲིག་གཞི།  བློན་པོའི་ཐོབ་ཐང་དང་ལམ་ལུགས།  ཁྱིམ་མཚེ་རྒྱལ་ཁབ་བར་གྱི་འབྲེལ་བ།   བོད་ཀྱི་ལོ་རྒྱུས་རིག་པ་འཐུས་ཚང་དང་ཕུན་སུམ་ཚོགས་པར་གཏོང་བའི་རྒྱུ་བསྒྲུབ་རྒྱུ།

2  མགར་སྟོང་བཙན་ཡབ་སྲས་ལ་ལུགས་དང་མཐུན་པར་གདེང་འཇོག་དང་ལོ་རྒྱུས་ཀྱི་དངོས་ནས་ཐོབ་ཐང་སྤྲད་དེ་བོད་བཙན་པོའི་དུས་སྐབས་ལ་ཞིབ་འཇུག་ཆ་ཚང་མེད་པའི་སྟོང་ཆ་སྐོང་རྒྱུ།

3 དུས་རབས་བདུན་པ་ནས་བརྒྱད་པའི་སྐབས་ཀྱི་ལོ་རྒྱུས་སྣང་ཚུལ་ངོ་མ་དེ་གསལ་ལེ་བ་ཞིག་ཀློག་པ་པོ་རྣམས་ཀྱི་མིག་མདུན་དུ་བཞག་སྟེ་རུལ་སུངས་མ་དག་རྒྱུན་འབྱམས་ཀྱི་ནོར་འཁྲུལ་དག་སྔོག་འདོན་བྱས་ཏེ་ལོ་རྒྱུས་ལ་མོས་པ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཐུབ་པའི་དགེ་བ་ཡོད་ཀི་འདོད།  

༧  དྲི་བ།  ཕྱི་རྒྱལ་ན་བཙན་པོ་དང་མགར་གྱི་ཡིག་ཆ་ཡོད་དམ།

ལན། M.A.Stein.1862-1943དང་ཧྥ་རན་སའི་པའོ་ཞི་ཧུ་Paul Pelliot 1879 1945སོགས་ཀྱིས་བསྟུད་མར་ཏུན་ཧོང་ཡིག་ཚགས་འབོར་ཆེན་ཕྱི་རྒྱལ་ལ་འཁྱེར་བ་ནས་བཟུང་།  ཕྱི་རྒྱལ་དུང་ཧོང་བོད་ཀྱི་རིག་གནས་ལ་མཐོང་ཆེན་གྱིས་བོད་རིག་པ་ཞེས་རིག་ཚན་གསར་བ་ཞིག་ལ་ཞིབ་འཇུག་བྱེད་པའི་ཚ་རླབས་དགུང་དུ་འཕྱུར་བ་དང་།  བོད་ཀྱི་ལོ་རྒྱུས་ལ་མོས་ཤིང་ཞིབ་འཇུག་བྱེད་མཁན་ཡང་མང་དག་ཅིག་བྱུང་ཡོད་དེ།  དབྱིན་ཇིའི་ཐོ་མ་ཟི་F.W.Thomas,1867  1956དང་།  ཧྥ་རན་སའི་དེ་མེ་ཝེ་Paul Demeville,1894 1979དང་། ཧྲུ་ཐེ་ཨནRolf Alfred stein,1911 1999ཞོན་ཡ་ལའེ་ཡི་བི་རིསG.Uray,1921 1991འཇར་པན་གྱི་ཡ་མ་སྒོའུ་ཆིས་རྫི་ཡིས་ཧོ་﹙山口瑞凤1926་སོགས་ཀྱིས་མཚོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལ་ཞིབ་འཇུག་བྱེད་པའི་མཁན་པོ་མང་བོ་བྱུང་ནས་བརྩམས་ཆོས་སམ་དཔྱད་རྩོམ་གང་མང་སྤེལ་ཏེ་བོད་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ངོ་མ་གསལ་རྗེན་དང་སྤྱི་སྡོམ་བྱས་སམ་བྱེད་བཞིན་པས་བཀའ་དྲིན་རབ་ཏུ་ཆེ་བའི་ཡུལ་དུ་གནས་མོད། འོན་ཀྱང་།  བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཞར་མགར་ཚང་གི་ལོ་རྒྱུས་ཆ་ཙམ་གླེང་བ་ལས་ཆེད་བརྗོད་ཀྱི་བརྩམས་ཆོས་དཀོན་ཡང་བཙན་པོ་གླེང་ས་ནས་མགར་མི་གླེང་ཐབས་མེད་ཅིག་ཡིན་པ་གོར་མ་ཆག

༨   དྲི་བ།  རྒྱ་ནག་ཡིག་ཚང་དུ་བཙན་པོ་དང་མགར་གྱི་ཡིག་ཆ་ཡོད་དམ།

ལན།  བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ལས་རུན་ཆེ་ཆང་仁耐强དང་།  དབང་རྒྱལ王尧 བསོད་ནམས་སྐྱིད陈践 ཧོང་པུ་ཧྥན་黄布凡སོགས་ནས་བོད་ཀྱི་ལོ་རྒྱུས་དང་བརྡ་རྙིང་ཡིག་ཆར་ཞིབ་འཇུག་བྱེད་ཞར་མགར་སྟོང་བཙན་ཡབ་སྲས་ཀྱི་གནས་ཚུལ་མདོར་ཙམ་གླེང་ཡོད་པ་དང་།  ཁྱད་པར་དུ་སྐུ་ཞབས་སུའུ་ཅིན་རུན་苏晋仁གྱི་བོད་ཐང་དུས་སྐབས་ཀྱི་མགར་གྱི་ཁྱིམ་རྒྱུདཅེས་པ་དང་ཁྲིན་གོ་ཚན་陈国灿གྱི་ཐང་རྒྱལ་རབས་ཀྱི་རུས་བློན་མགརགྱི་ཁྱིམ་རྒྱུད་དང་དེའི་འབྱུང་ཁུངས་ཞེས་པ། ཐན་ལེ་རུན་谭立人གྱི་མགར་སྟོང་བཙན་གྱི་རྒྱུད་པས་ཐང་   ནས་དཔོན་འགན་འཁུར་ཚུལ་ཉུང་བཏུས་ཞེས་པ།  ཞའེ་ཙུང་ཀྲིན་薛宗正གྱི་ མགར་གྱི་ཁྱིམ་རྒྱུད་དང་བོད་གཏོགས་ནུབ་ཕྱོགས་གྲུ་གུའི་སྲིད་དོན་སྐོརཞེས་པ་སོགས་ཀྱིས་མཚོན་པའི་དཔྱད་རྩོམ་ཁག་ཅིག་གིས་ཐང་བོད་ལོ་རྒྱུས་དང་འབྲེལ་ནས་མགར་སྟོང་བཙན་གཙོ་བྱས་པའི་མགར་ཚང་གི་སྤྱི་ཚོགས་གོ་གནས་དང་།  གནས་བབ།  མི་རྒྱུད་ཐང་ལ་མཆེད་ཚུལ་སོགས་རྒྱ་ནག་ཡིག་ཚང་ལ་བརྟེན་ནས་ཞིབ་འཇུག་གང་ལེགས་བྱས་ཡོད་པས་མགར་ཞིབ་འཇུག་ལ་རྨང་གཞི་ལེགས་པོ་བཏིངས་ཡོད།   འོན་ཀྱང་ཁོང་ཚོས་རྒྱ་ནག་ཡིག་ཚགས་གཙོ་བོར་བཟུང་བ་དང་ཕལ་ཆེར་ནི་མགར་སྟོང་བཙན་གྱི་གོ་གནས་དང་མི་རྒྱུད་ངོ་སྤྲོད་ལ་ཡིག་ཚོགས་མང་དུ་སོང་བས་ད་དུང་ཞིབ་འཇུག་གཏིང་ཟབ་མོ་བྱེད་འོས་པར་སྙམ་པ་རེད།  ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་དོན་ཆེན་གནད་བསྡུས་སུ་སྤྱི་ལོ་650ནས་763བར་གྱི་བཙན་པོའི་གནས་ཚུལ་དང་བློན་མཐོ་རིམ་གྱི་མཛད་རྗེས་བཀོད་ཡོད་པ་སོགས་ལ་གཟིགས་ན་བློ་རྒྱ་སྐྱེད་ཐུབ།

དྲི་བ།   བོད་རང་ལ་མཚོན་ན་བཙན་པོ་དང་མགར་གྱི་ཡིག་ཆ་ག་ཙམ་ཡོད་དམ།

ལན། གནའ་ནས་ད་ལྟའི་བར་བྱོན་པའི་ལོ་རྒྱུས་མི་སྣ་གལ་ཆེན་ཞིག་ཡིན་གཤིས་རྒྱས་བསྡུས་ཅི་རིགས་སུ་གསུངས་འདུག་ལ། དེ་དག་ཏུ་ཁོང་དང་འབྲེལ་བའི་ངག་རྒྱུན་དང་གཏམ་རྒྱུད་ལོ་རྒྱུས་ལྟ་བུར་བྲིས་པའང་མང་ཞིང་རིགས་སྲས་རྣམས་ཀྱི་གནས་ཚུལ་ཞིབ་ཏུ་བཀོད་པ་ཤིན་ཏུ་དཀོན།  དེང་རབས་སུའང་བཙན་པོའི་ལོ་རྒྱུས་སྐབས་སུ་མགར་ཚང་མདོར་ཙམ་གླེང་བ་ཙམ་ལས་མགར་སྟོང་བཙན་ཡུལ་བཟུང་གི་མི་རྒྱུད་དང་བསམ་བློ། མཛད་རྗེས།  རིགས་སྲས་དང་ལས་མཐའ་བཅས་ཕྱོགས་ཡོངས་ལ་ཆེད་དུ་ཞིབ་འཇུག་བྱས་པའི་བརྩམས་ཆོས་མེད་ལ།  དཔྱད་རྩོམ་ཡོད་ཀྱང་གྲངས་ཤིན་ཏུ་ཉུང་སྟེ།  ཞིབ་འཇུག་པ་ཆབ་འགག་རྟ་མགྲིན་ལགས་ཀྱི་བློན་པོ་མགར་སྟོང་བཙན་གྱི་མཛད་རྗེས་སྐོར་ཅུང་ཟད་དཔྱད་པཞེས་པ་དང་།  བློན་ཕྲུག་གནམ་ལྷ་རྒྱལ་གྱི་བློན་ཆེན་མགར་དང་ཁོང་གི་བུ་རབས་ཚ་རྒྱུད་རྣམས་ཀྱི་མཛད་འཕྲིན་ཆེ་ལོང་ཙམ་བརྗོད་པཞེས་པ། བན་དེ་སྒོམ་གྱི་མགར་ཁྲི་འབྲིང་བཙན་བྲོད་ཅེས་པའི་མིང་ལ་རགས་ཙམ་དཔྱད་པཡང་ན་ཉེ་བའི་ལོ་འགའི་རིང་སྐུ་ཞབས་མཐའ་བ་བཀྲ་དོན་གྱིས་བརྩམས་པའི་མགར་དམ་པའི་མཛད་རྗེས་ལ་དཔྱད་པ་དངོས་གནས་ཡག་པོ་ཞིག་བྲིས་ཡོད།  གང་ལྟར་ལོ་རྒྱུས་ལ་དབྱེ་ཞིབ་བྱེད་ཀྱིན་བལྟས་ན་རྩོམ་ཡིག་ཁ་ཤས་ལས་མེད་པ་དང་། ཡོད་པ་རྣམས་ཀྱང་མཛད་རྗེས་གསལ་བཤད་བྱེད་རྒྱུ་གཙོ་བོར་བཟུང་བ་རེད།  མདོར་ན།  རྒྱལ་ཁབ་ཕྱི་ནང་དང་གནའ་དེང་གང་ནས་བལྟས་ཀྱང་མགར་སྟོང་བཙན་ཡབ་སྲས་ལ་ཞིབ་འཇུག་བྱས་པ་ནི་ཆ་ཙམ་དང་།  རགས་ཙམ།  མགོ་བརྩམས་པ་ཙམ་ཡིན་ཕྱིར།  དཔའ་ཞིང་མཛངས་པའི་བློན་ཆེན་པོ་མགར་སྟོང་བཙན་ཡབ་སྲས་ལ་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་བ་དང་ལུང་རྒྱབ་ལ་བརྟེན་ཞིང་རིགས་པ་རྒྱུ་མཚན་དུ་བཀོད་ནས་གསོང་བོར་ཞིབ་འཇུག་བྱེད་རྒྱུ་ནི།  རང་རེའི་ལོ་རྒྱུས་རིག་པ་དང་བརྡ་རྙིང་ཡིག་ཚགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་ཀུན་གྱིས་གཡོལ་ཐབས་མེད་པའི་འོས་འགན་དུ་གྱུར་ཡོད།  

 

                                                                                                            ༼  མུ་འགོད  ༽

མཆན།


དྲི་བ་འདོན་མཁན་དག་གིས་ཐུགས་ཉམས་མཞེས་དགོས་ས་ནི་མགར་གྱི་ཁྱིམ་རྒྱུད་འདིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་།   རུས་རྒྱུད།  མི་གཤིས།  བསམ་བློ། མཛད་འཕྲིན།  རིགས་སྲས་བཅས་ཕྱོགས་ཡོངས་ནས་ཞིབ་འཇུག་གཏིང་ཟབ་ཀྱིས་འཐུས་ཚང་ཞིང་གསོང་བོར་བརྗོད་རྒྱུ་ལས།  ལོ་རྒྱུས་འཁྱོག་བཤད་དང་མ་ཉེས་ཁ་ཡོག་མི་བྱེད་རྒྱུ་སྙིང་ནས་རེ་ཞུ་ཡིན། ང་ཚོས་མགར་ཚང་དང་འབྲེལ་ཡོད་ཀྱི་དྲི་བ་རྣམས་ལ་ལན་བསྐྱོན་འདོད་ཆེ་བས་ང་ཚོས་དཔེ་ཁུངས་བཙུན་པ་སོགས་ནས་བསྟན་དོན་ཇི་བཞིན་ལན་འདེབས་ངེས།


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oler བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
12595229
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号