དུང་དཀར་ཚང་གིས་མགར་ཁྲི་འབྲིང་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 6 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་གྱི་བྱུང་བ་སྣ་ཚོགས། »དུང་དཀར་ཚང་གིས་མགར་ཁྲི་འབྲིང་གླེང་བ།
དུང་དཀར་ཚང་གིས་མགར་ཁྲི་འབྲིང་གླེང་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/11ལྟ་ཀློག (3293)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༼དུང་དཀར་ཚིག་མཛོད་དུ།༽
མགར་ཁྲི་འབྲིང་།  


     ཡོངས་གྲགས་སུ་བློན་པོ་མགར་གྱི་བུ་འབྲིང་བ།  མང་སྲོང་དང་འདུས་སྲོང་ཡབ་སྲས་གཉིས་ཀྱི་བློན་པོ།  འདིས་མང་སྲོང་གི་སྐུ་དུས་སུ་རང་གི་གཅེན་པོ་མགར་བཙན་སྙ་ལྡོམ་བུར་གཞོགས་འདེགས་བྱས་ནས་དམག་དོན་དང་།  ཆབ་སྲིད།  དཔལ་འབྱོར་བཅས་ཀྱི་འགན་ཆེན་པོ་ཁུར་བ་མ་ཟད།  རང་གི་གཅེན་པོ་འདས་རྗེས་བཙན་པོའི་བཀའ་བཞིན་བློན་ཆེན་གྱི་འགན་ཁུར་ནས་བཙན་པོར་ཆབ་སྲིད་བསྐྱངས་རོགས་ཞུས།  འདིས་བློན་ཆེན་གྱི་འགན་བླངས་རྗེས་འ་ཞའི་ཡུལ་དུ་དམག་དྲངས་ཤིང། རྒྱའི་དམག་དཔོན་འོ་ཞང་ཤོ(ཝང་ཞོའོ་ཅེ)དང་གཡུལ་སྤྲད་དེ་ཕམ་པར་བྱས་ནས་ཤར་ཕྱོགས་སུ་རྒྱལ་ཁམས་རྒྱ་བསྐྱེད་པ་སོགས་བྱས་པར་གྲགས་ན་ཡང་།  《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་མགར་ཁྲི་འབྲིང་གིས་རྒྱལ་བོ་ཁྲི་གཉན་གཟུངས་བཙན་གྱི་བློན་པོར་བྱས་པར་གསུངས་པ་དང་།  ཏུན་ཧོང་ནས་ཐོན་པའི་རྒྱལ་རབས་ལོ་ཚིགས་ནང་བོད་ས་ཁྱི་(༦༩༨)ལོར་བཙན་པོ་འདུས་སྲོང་དབྱར་དུས་བྱང་ཕྱོགས་སུ་ཕེབས་པ་དང་།   དགུན་དུས་བློན་ཆེན་པོ་མགར་ཁྲི་འབྲིང་  བཙན་བྲོད་ཀྱིས་མདོ་སྨད་ཙོང་ཁ་ཆེ་ཆུང་དུ་དམག་དྲངས།  དགུན་དུས་དེ་རང་ལ་བཙན་པོས་མགར་ལ་བཀྱོན་ཕབ་ཅེས་གསལ་བ་དང་།  ཁྲི་འབྲིང་གནས་དབྱུང་བཏང་བའི་ཕྱི་ལོར་རང་ཤི་བརྒྱབ་ཅེས་རྒྱའི་ཡིག་ཚང་དུ་གསལ་ཞེས་པ་སོགས་མདོར་ན།   


     ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཡིག་ཆའི་ནང་མགར་ཁྲི་འབྲིང་ནི་བློན་པོ་མགར་གྱི་བུ་འབྲིང་བ་ཡིན་པ་དང་རྒྱལ་བོ་སྲོང་བཙན་སྒམ་པོ་འདས་རྗེས་བློན་པོ་མགར་སྟོང་བཙན་གྱིས་མང་སྲོང་མང་བཙན་ལ་རོགས་རམ་བྱས་ནས་སྲིད་དབང་ལོ་བཅོ་ལྔའི་རིང་བསྐྱངས་ཏེ་འདས།  དེ་ནས་ལོ་མང་སོང་མཚམས་བཙན་པོ་འདུས་སྲོང་མང་བོ་རྗེ་སྐུ་ན་གཞོན་དུས་མགར་ཁྲི་འབྲིང་གིས་བློན་ཆེན་བྱས་ཏེ་དུས་སྐབས་དེར་མགར་གྱི་མི་རྒྱུད་རྣམས་རྒྱལ་བོ་ལས་ལྷག་པའི་དབང་ཆ་ཡོད་པ་ལྟ་བུར་གྱུར་རྐྱེན་བཙན་པོ་དགུང་ལོ་ནར་སོན་མཚམས་རི་དྭགས་རྔོན་པར་ཁ་གཡར་ནས་མགར་ཁྲི་འབྲིང་ལ་དམག་དྲངས་ཤིང་།  མགར་ཁྲི་འབྲིང་རང་ཉིད་རང་ཤི་བརྒྱབ་པ་སོགས་ཀྱི་གནས་ཚུལ་མང་བོ་འདུག་པས།   མགར་གྱི་མི་རྒྱུད་ལ་ཁྲི་འབྲིང་སྔ་རྗེས་གཉིས་བྱུང་བ་ཡིན་ནམ་བརྟག
མགར་གྱིས་རྒྱ་ཡུལ་ཕུང་བར་བྱས།
  《རྒྱལ་རབས་གསལ་བའི་མེ་ལོང་》སོགས་བོད་ཡིག་གི་ལོ་རྒྱུས་མང་བོ་ཞིག་གི་ནང་།  རྒྱ་བཟའ་འུན་ཁྲེན་ཀོང་ཇོ་བོད་ལ་ཐོན་གྲུབ་རྗེས་བློན་པོ་མགར་སྟོང་བཙན་གྱིས་ནད་བརྫུ་བཏབ་ནས་རྒྱ་ནག་གི་ཡུལ་དུ་བསམ་ངན་གྱིས་གནོད་འཚེ་མང་བོ་བྱས་ཚུལ་འཁོད་འདུག་པ་དེ་ལ་ཟེར། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd6j བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41679824
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1