༄༅། །ནང་བསྟན་ཁྱད་འཕགས་སྒྲུབ་ཚུལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »༄༅། །ནང་བསྟན་ཁྱད་འཕགས་སྒྲུབ་ཚུལ།
༄༅། །ནང་བསྟན་ཁྱད་འཕགས་སྒྲུབ་ཚུལ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/14ལྟ་ཀློག (4091)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ངེས་དོན་མཁས་པའི་དབང་ཕྱུག་དགེ་བཤེས་འཇམ་དཔལ་བློ་ཤེས་མཆོག་གིས་གངས་ལྗོངས་མཁས་པའི་ལྷན་ཚོགས་སྟེང་དུ་ཚད་གཞི་རྣམ་གྲངས་བརྒྱད་ཀྱི་ཐོག་ནས་ནང་བསྟན་ཁྱད་འཕགས་སུ་སྒྲུབ་ཚུལ་ཉུང་ངུར་བསྡུས་པ།
 

  ལྟ་བའི་སྒོ་ནས་ཁྱད་དུ་འཕགས་ཚུལ།  སྤྱིར་ལྟ་བ་རྟེན་འབྱུང་ཞེས་པ་དེ་ནི་གོ་དོན་རགས་པ་འཇིག་རྟེན་པའི་ལྟོས་གྲུབ་རིག་པར་གོ་ན་ལེགས་པ་དང་།  རྟེན་འབྲེལ་གྱི་དོན་མཐོང་ན་རྩ་བའི་མ་རིག་པ་ལྡོག་པ་དང་། དེ་ལ་བརྟེན་པའི་ཆགས་སྡང་དག་ཀྱང་ཤུགས་ཀྱིས་ལྡོག་འགྲོ་ངེས།  ལྟོས་བཅས་ཀྱི་བསམ་བློ་ལ་བརྟེན་ནས་ཆགས་སྡང་ལྡོག་པ་ན་དོན་དམ་པའི་མཐུན་སྒྲིལ་གྱི་ལམ་སྒོ་ཕྱེས་པ་དང་། སྤྱོད་པ་འཚེ་མེད་ཀྱང་ངང་གི་འབྱུང་བས་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་འཆམ་མཐུན།  ཐ་ན་སྒེར་གྱི་རང་དབང་གི་བདེ་སྐྱིད་སོགས་ཀྱི་གཞི་རྩར་གྱུར་ཡོད་གསུངས།

  རིན་ཐང་གི་ཚད་གཞི་ལྡན་ཚུལ།  རིན་ཐང་གི་ངོས་ནས་བཤད་ན་རིགས་རུས་ཁྱད་པར་དང་མཐོ་དམན་གྱི་དབྱེ་འབྱེད་མེད་པར།  སུ་ཡིས་འབད་བརྩོན་བྱས་ན་གནས་སྐབས་ཀྱི་ཕན་པ་འདྲ་ལ། མཐར་ཐུག་གི་རྒྱལ་ཁའང་འདྲ་ལ། འདི་ལ་ལོ་ངོ་ཉི་ཤུ་སུམ་ཅུ་ཙམ་སྦྱངས་རུང་ད་དུང་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེ་རུ་ཕྱིན་རྒྱུ་ཡོད། གཙོ་བོར་དངོས་པོའི་གནས་ལུགས་ངོ་ཤེས་པའི་ཐོག་ནས་ཤེས་རབ་ཀྱིས་ཐག་གཅོད་དགོས་པ་སོགས་ཀྱི་ཁྱད་པར་ཡོད་ཚུལ་གསུངས།

   ལོ་རྒྱུས་ཀྱི་ཚད་གཞི་ལས་ཁྱད་འཕགས་སུ་གྲུབ་ཚུལ།  ནང་བསྟན་འདི་ཚན་རིག་དར་ཁྱབ་ཤིན་ཏུ་ཆེ་བའི་དུས་སུའང་།  ཤར་ཕྱོགས་ཨེ་ཤ་ཡེའི་གླིང་ནས་ནུབ་ཕྱོགས་ཡོ་རོབ་གླིང་དུ་མེ་ལྕེ་བཞིན་དུ་མཆེད་ཀྱིན་ཡོད།  དེ་དག་ཀྱང་གཙོ་བོ་དད་པའི་དབང་གིས་མིན་པར་རྣམ་དཔྱོད་ཤེས་རབ་ཀྱི་སྟོབས་ཤུགས་ལས་གཞན་ཡིད་འཕྲོག་པས་ཡིན།  ལྷག་པར་དུ་ས་སྒང་འདིའི་ཐོག་ཏུ་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་རིང་དུ་གནས་ཐུབ་པ་འདི་ཡང་གཙོ་བོ་དོན་ཟབ་དང་ཕན་འབྲས་ཆེ་བས་ལོས་ཡིན་གསུངས།

  དྲང་བདེན་གྱི་ཚད་གཞི་ལྡན་ཚུལ།  རྩ་བའི་ཆ་ནས་ནང་ཆོས་ནི་བློ་དྲང་ཞིང་ཡིད་བདེན་པའི་མི་བུ་ཞིག་གི་དུས་གསུམ་སྐྱོང་བའི་གོ་རིམ་ཞིག་དང་།  དེ་འདྲའི་རྒྱུ་འབྲས་བློ་མིག་མངའ་བའི་སྐྱེ་བོ་ཞིག་སྐྱེད་སྲིང་བྱེད་པའི་ཐབས་ལམ་ཤིག་ཡིན།  དྲང་བདེན་མ་ཡིན་པའི་ཆབ་སྲིད་པ་སོགས་ལ་མགོ་སྐོར་དང་གཡོ་ཧམ་སོགས་ཀྱི་བསམ་བློ་འཁོར་བ་དག་ཀྱང་ཆོས་མ་ཤེས་པས་ཡིན། དེའི་ཕྱིར།  དྲང་བདེན་ནི་གུ་ཡངས་སོགས་ཀྱི་འབྱུང་ཁུངས་ཆགས་ཡོད་ལ། དྲང་བདེན་ནི་ངེས་འབྱུང་དང་བྱང་ཆུབ་སེམས་སོགས་ཀྱི་རྩ་བའང་ཡིན། ང་ཚོ་དྲང་བདེན་དགོས་ཞེས་ཁ་ནས་བཤད་པ་དག་ལ་དྲང་བདེན་དེ་ཙམ་མེད་ལ། གུ་ཡངས་དགོས་ཞེས་འུར་སྒྲོག་བྱེད་མཁན་དག་ནི་གུ་དོག་པའི་ལམ་དུ་ཞུགས་པ་མང་གསུངས།

  དུས་རབས་དང་མཐུན་པའི་ཚད་གཞི།  རྩ་བའི་བླ་མས་དུས་རྒྱུན་དུ་གསུངས་པ་བཞིན་དུ།  ཆོས་ལུགས་ཀྱི་ཉམས་ལེན་གཞིར་བཞག་གི་ཐོག་ནས་དེང་རབས་དང་མཐུན་པའི་བསམ་བློ་དང་ཀུན་སྤྱོད་སློབ་གསོ་བརྩིས་སུ་བཟུང་བ།  ཁྱད་པར་དུ་དེང་དུས་ཀྱི་ཤེས་ཡོན་དང་གཤིབ་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་དག་ནི་དེང་རབས་དང་མཐུན་པའི་ནང་ཆོས་ཉམས་ལེན་པ་ཞེས་བརྗོད་པ་ཡིན་གསུངས།   དེའི་ཕྱིར། ཚན་རིག་ཇི་ཙམ་དར་ཡང་ནང་ཆོས་ཀྱི་གྲོགས་སུ་འགྲོ་བ་འདི།  ནང་ཆོས་ཡང་དག་ཡིན་པའི་བདེན་དཔང་ཡིན་གསུངས།

  འཆད་རྩོད་རྩོམ་གསུམ་གྱི་ཚད་གཞི་ལས་གཞན་ལས་ཁྱད་དུ་འཕགས་ཚུལ།    འཆད་རྩོད་རྩོམ་གསུམ་པོ་གང་བྱས་ཀྱང་གཙོ་བོར་གཞན་དོན་འབའ་ཞིག་གིས་བསྒྲུབ་དགོས་པ་དང་།  སྒྲུབ་བཞིན་ཡོད་པས་ཁྱད་པར་ཡོད་པ་ཡིན།  ཕྱི་གླིང་བ་ཕལ་ཆེ་བས་གཞུང་བརྩམས་པ་སོགས་ཀྱི་ལས་རིགས་གང་ལ་ཞུགས་ཀྱང་། གཙོ་བོར་སྒོར་མོ་དང་རང་དོན་ཤ་སྟག་ཡིན་པ།  གནའ་རབས་བོད་ཀྱི་རྩོམ་པ་པོ་མཁས་དབང་སོ་སོའི་རྣམ་དཔྱོད་ནི་རྒྱ་གར་པཎ་གྲུབ་ལས་ཀྱང་རྒོད་པར་ནུབ་ཕྱོགས་པས་གསུང་གིན་འདུག    མ་ཟད་ཀུན་སློང་བཟང་པོའི་མ་ལག་ཚང་བ་དང་། རྙེད་བཀུར་སྙན་གྲགས་གཙོ་བོར་མི་འཛིན་པ་སོགས་ཀྱི་ཁྱད་ཆོས་བླ་ན་མེད་པ་ཞིག་ལྡན་ཡོད་གསུངས།

   ཐོས་བསམ་སྒོམ་གསུམ་གྱི་ཚད་གཞི་ལས་ཁྱད་དུ་འཕགས་ཚུལ།    སྤྱིར་སློབ་གཉེར་བྱེད་སྟངས་ལ་ནང་བསམ་བློ་དང་།  དང་པོའི་ཀུན་སློང་གི་ཐོག་ནས་ཚད་གཞི་ལྡན་དགོས་པ་ནི། ནང་བསྟན་རིག་པའི་ཚེ་སྲོག་དང་འབྲེལ་བ་དམ་ཟབ་ཏུ་ཡོད་པའི་འདུ་ཤེས་ཤིག་ཡིན།   གང་ཡིན་ཟེར་ན་སྒྱུ་རྩལ་དང་རྒྱལ་རབས་སྦྱོང་བ་ལྟ་བུ་མ་ཡིན་པར། ནང་སེམས་དང་འདྲེས་ནས་ཡོད་པ་དང་།  སློབ་གཉེར་དེས་སེམས་ཁམས་ལ་བདེ་སྐྱིད་མཐར་ཐུག་བསྐྲུན་པ་སོགས་ཀྱི་ཁྱད་ཆོས་དམིགས་བསལ་བ་ཡང་ཡོད།  དེས་ན་ནང་ཆོས་འདི་སློབ་སྦྱོང་བྱས་ཏེ་ཤེས་ནས་ཉམས་ལེན་དགོས་པ་གནད་ཀྱི་དོན་པོ་ཡིན་གསུངས།

   ཀུན་སྤྱོད་ཀྱི་ཚད་གཞིའི་ཐོག་ནས་ཁྱད་དུ་འཕགས་ཚུལ།  སྤྱོད་པའི་སྒོ་ནས་ཁྱད་དུ་འཕགས་ཏེ་ཁོང་ཁྲོ་ཅན་ལ་བཟོད་པའི་འཛུམ་གྱིས་བསུ་བ།   ནོར་མེད་པ་ལ་སྦྱིན་པས་ལུས་སེམས་གསོ་བ།  འགྲོ་བ་ཡོངས་ལ་འཚེ་མེད་ཀྱི་ཁོར་ཡུག་བསྐྲུན་པ། མ་མཐའ་ཡང་ནང་པ་ཞིག་གི་བསྲུང་བྱ་ལ་གཞན་ལ་ཕན་མ་ཐོགས་ནའང་གནོད་མ་བསྐྱེལ་ཞེས་པའི་བསླབ་བྱ་དེས་ཀྱང་།  འཛམ་གླིང་ཞི་བདེ་དང་བདེ་སྐྱིད་ཀྱི་རྩ་བ་ཚུགས་པ་སོགས་ཤིན་ཏུ་མང་ངོ་ཞེས་གསུངས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqjw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41550490
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1