འགྲན་རྩོམ་བསྡུ་བའི་བརྡ་ཡིག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 23 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ངེད་དྲ་བ། »འགྲན་རྩོམ་བསྡུ་བའི་བརྡ་ཡིག
འགྲན་རྩོམ་བསྡུ་བའི་བརྡ་ཡིག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/16ལྟ་ཀློག (45979)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་རིགས་ཤེས་ཡོན་པ་སྤྱི་དང་ཡང་སྒོས་བོད་ཀྱི་སློབ་འབྲིང་ཁག་གི་དགེ་རྒན་རྣམ་པར་ཞུ་དོན། 

 ཉེ་ལམ་འདིར་ང་ཚོའི་བོད་མི་རིགས་ཀྱིས་གླུ་གར་འགྲན་བསྡུར་དང་རྟ་རྒྱུག་འགྲན་བསྡུར་སོགས་འགྲན་བསྡུར་སྣ་ཚོགས་ཤིག་བྱས་དང་བྱེད་བཞིན་པ་ནི་དོན་དངོས་ཡིན་མོད།  འོན་ཀྱང་ང་ཚོས་རང་གི་མི་རབས་གསར་བའི་བློ་གྲོས་འཕེལ་རྒྱས་ལ་དམིགས་ཏེ་འགྲན་བསྡུར་བྱས་པ་ཧ་ཅང་ཉུང་བས། ཞིབ་ཏུ་བསམ་ན་ང་ཚོས་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་ལ་འགན་མ་འཁུར་བའི་ཆ་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད། དེ་བས་ད་རེས་ངེད་བཙན་པོ་མགར་གྱི་དྲ་བས་ཆེད་དུ་དོན་འདི་ལ་དམིགས་ཏེ་བོད་ཁུལ་གྱི་སློབ་འབྲིང་སློབ་མར་རྩོམ་ཡིག་འགྲན་བསྡུར་གྱི་ཁོར་ཡུག་ཅིག་བསྐྲུན་རྩིས་ཡོད་པས་རྒྱ་ཆེའི་དགེ་སློབ་ལྷན་རྒྱས་ཀྱིས་ཐུགས་ལ་འཛིན་པར་ཞུ། 

རྩོམ་ལུས་དང་རེ་བ། 

འགྲན་སྐོར་དང་བོ་འདིར་ཚིགས་བཅད་ཁོ་ན་བསྡུ་འཆར་ཡོད་ལ། ཚིག་སྦྱོར་དང་ཐ་སྙད་སོགས་གང་ཅིའི་ཐད་ནས་བོད་ཀྱི་བྲོ་བ་མ་ཡལ་བ་དང་། སྒོས་སུ་སློབ་འབྲིང་སློབ་མ་རང་ཉིད་ཀྱི་འཚོ་བ་དང་ཕུགས་འདུན།  དགའ་མོས་སོགས་མཚོན་པ་ལས་གསར་བཤད་དང་ཆེ་བཤད་སོགས་མ་འདྲེས་པ་གལ་ཆེ།  

འགྲན་རྩོམ་བསྡུ་བའི་དུས་ཡུན།

༢༠༡༣ལོའི་སྤྱི་ཟླ ༧ ནས་ སྤྱི་ཟླ་༡༠ བའི་བར་ཡིན།

བྱ་དགའ་ལ།

 ཨང་དང་བོ་གཅིག་དང་གཉིས་པ་གཉིས། གསུམ་པ་གསུམ། ཕུལ་བྱུང་བཞི་བཅས་གདམས་ཏེ་དང་བོ་འཐོབ་མཁན་ལ་བྱ་དགའ་དམངས་སྒོར་༣༠༠༠དང་།  གཉིས་པ་ལ་དམངས་སྒོར་༢༠༠༠། གསུམ་པ་ལ་དམངས་སྒོར་༡༠༠༠། ཕུལ་བྱུང་རེར་དམངས་སྒོར་༣༠༠བཅས་ཕུལ་ཏེ་བོད་ཀྱི་སློབ་འབྲིང་སློབ་མའི་རྩོམ་རྩལ་ཇེ་མཐོར་འགྲོ་བར་སྨོན་ལམ་ཐེངས་ཤིག་འདེབས་རྩིས་ཡོད་པས་དེ་དོན་ཐུགས་འཇགས་འཚལ།



རྩོམ་ཡིག་གི་མཇུག་ཏུ་༼ འགྲན་རྩོམ་ ༽ཞེས་གསལ་བོར་འགོད་དགོས།

རྩོམ་བསྐུར་ཡུལ།

བཙན་པོའི་མགར་གྱི་དྲ་བའི་ཡིག་ཟམ་གང་རུང་དུ་བསྐུར་ཆོག

Emial:tbmgar@163.com QQ:516617821QQ:409970381


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 10 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qnft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/10/2
མུ་མཐུད་དུ་འདི་ལྟ་བུའི་སློབ་བུ་རྣམས་ལ་གསར་རྩོམ་འགྲན་པའི་ཁོར་ཡུག་ཅིག་སྐྲུན་ན་ཕན་པ་ཆེ་བར་སྙམ། བཀའ་དྲིན་ཆེ།
 སྤེལ་མཁན:  སྤེལ་དུས:2013/10/2
བདེན་ཀི། ངོ་མ་བདེན་ཀི
 སྤེལ་མཁན:  སྤེལ་དུས:2013/10/2
བདེན་ཀི། ངོ་མ་བདེན་ཀི
 སྤེལ་མཁན:  སྤེལ་དུས:2013/10/2
བདེན་ཀི། ངོ་མ་བདེན་ཀི
 སྤེལ་མཁན:  སྤེལ་དུས:2013/10/2
འདི་ཡང་ལབ་ཙམ་དུ་སྣང་། དོན་ཅི་ཡིན་ཡང་སྒྲིག་ལམ་ཡོད་ན་འགྲིག་པར་སེམས། ལྷག་བསམ་རྟོགས་ཡོད། འོན་ཀྱང་ཁྱབ་བསྒྲགས་བྱས་པའི་དུས་ལ་ཐོན་དུས་བསྡུ་མཚམས་བཞག་ན་འགྲིག་ནི་རེད། དྲ་གནས་འདི་ཡང་ཀློག་གྲངས་སླད་དུ་ཤི་ཡི་འདུག
 སྤེལ་མཁན:  སྤེལ་དུས:2013/8/19
ཁྱེད་དྲ་བས་སློབ་འབྲིང་སློབ་མའི་རྩོམ་རིག་འགྲན་བསྡུར་བྱས་པར་དགའ་སྤྲོ་ཡོད།
 སྤེལ་མཁན:  སྤེལ་དུས:2013/8/12
བཀུར་འོས་པའི་གྲྭ་བདག་ལགས། འགྲན་བསྡུར་འདི་ལ་གྲྭ་བ་དང་བཙུན་མ་ད་དུང་སློབ་མ་མ་ཡིན་པའི་བོད་ཀྱིོ་ཤེས་ཡོན་པ་དག་ཞུགས་ཆོག་གམ མི་ཆོག་ན་བོད་ཀྱི་ཤེས་ཡོན་པ་སྤྱི་ཞེས་བཤད་པ་ནོར་འདུག་གི་སེམས ལན་་་་་་་་་་་་་་་་་་
 སྤེལ་མཁན:  སྤེལ་དུས:2013/8/8
སློབ་འབྲིང་སློབ་མ་མིན་པའི་རྩོམ་གཉེར་བ་གཞན་དག་ཞུགས་ཆོག་གམ།ལན་ཞིག་་་་་་
 ལན།   སྤེལ་དུས: 2013/8/10
 གྲོགས་པོ་ལགས་ཐེངས་འདིར་ང་ཚོས་སློབ་འབྲིང་སློབ་མའི་སྙན་རྩོམ་འགྲན་པའི་ཁོར་ཡུག་ཅིག་བསྐྲུན་པ་ཡིན་ན་སློབ་འབྲིང་སློབ་མ་ཤ་སྟག་ཞུགས་པར་རེ་བ་རྒྱག་གི་ཡོད། རྩོམ་གཉེར་བ་གཞན་དག་དྲྭ་ངོས་ཀྱི་སྙན་རྩོམ་ལེ་ཚན་དུ་ཞུགས་ན་ལོ་མཇུག་ཀློག་པ་པོའི་དགའ་བསུ་ཐོབ་སའི་རྩོམ་ཡིག་ལ་བྱ་དགའ་རེ་ཕུལ་རྩིས་ཡོད་ལགས།
 སྤེལ་མཁན:  སྤེལ་དུས:2013/7/24
བྱ་དགའ་ཅི་ཡོད་དམ།
 ལན།   སྤེལ་དུས: 2013/8/10
 ཨང་དང་བོ་གཅིག་དང་གཉིས་པ་གཉིས། གསུམ་པ་གསུམ། ཕུལ་བྱུང་བཞི་བཅས་གདམས་ཏེ་དང་བོ་འཐོབ་མཁན་ལ་བྱ་དགའ་དམངས་སྒོར་༣༠༠༠དང་། གཉིས་པ་ལ་དམངས་སྒོར་༢༠༠༠། གསུམ་པ་ལ་དམངས་སྒོར་༡༠༠༠། ཕུལ་བྱུང་རེར་དམངས་སྒོར་༣༠༠བཅས་ཡོད།
 སྤེལ་མཁན:  སྤེལ་དུས:2013/7/22
good
 ལན།   སྤེལ་དུས: 2013/8/10
 ཐུགས་རྗེ་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
45593245
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1