རྨ་ཆུ་རྫོང་ཀུན་ཕན་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ངོ་སྤྲོད་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »རྨ་ཆུ་རྫོང་ཀུན་ཕན་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ངོ་སྤྲོད་མདོར
རྨ་ཆུ་རྫོང་ཀུན་ཕན་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/7/20ལྟ་ཀློག (13125)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     གད་སྙིགས་ཀྱིས་ཁོར་ཡུག་ལ་གཏོར་བཅོམ་བྱས་པ་ཚད་མེད།


     རྨ་ཆུ་རྫོང་ཀུན་ཕན་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ནི་༢༠༠༩ལོའི་ཟླ་༦པར་གསར་དུ་བཙུགས་ཤིང༌།ཁ་སེམས་གཉིས་མེད་ཀྱིས་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ལ་བརྩོན་པའི་ཆེད་ལས་མི་སྣ་དང༌།སློབ་མ།མང་ཚོགས་སོགས་ལས་རིགས་སོ་སོའི་མི་སྣས་གྲུབ་པའི་ཚོགས་པ་ཞིག་ཡིན།  

   སྤྱི་ལོ༢༠༡༢ལོའི་ཟླ་༩པའི་ཚེས་༡ཉིན་ཀན་ལྷོ་ཁུལ་དམངས་སྲིད་ཅུས་ཀྱིས་དངོས་སུ་ཐོ་འགོད་བྱས་ཤིང༌། ཀན་ལྷོ་རྩྭ་ཐང་ནས་བཙུགས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་ཨང་དང་བོ་ཡིན། ཀུན་ཕན་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ལ་ད་ལྟ་མི་སྣ་༨༠ལྷག་ཡོད། དེའི་ནང་དུ་རྒྱུན་ལས་ཚོགས་གཙོ༡དང༌། ཚོགས་གཙོ་གཞོན་པ་༢། དྲུང་ཡིག་པ༡། རྩིས་གཉེར་བ༢བཅས་ཡོད།

   ཀུན་ཕན་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱིས་ད་ལྟའི་བར་སྔ་གཞུག་ཏུ་བྱ་འགུལ་ཆེ་མ་ཆུང་གསུམ་༢༠༠ལྷག་སྤེལ་ཞིང༌།  དེ་དག་གཙོ་བོ་ལབ་ཙེ་དང༌།  ཡུལ་སྐོར་དུས་ཆེན། རྟ་རྒྱུགས་འགྲན་ཚོགས་སོགས་ཀྱི་སྐབས་སུ་ཚོགས་མི་ཡོངས་ཀྱིས་མཉམ་དུ་གད་སྙིགས་འཐུ་བ་དང༌།  རྩི་ཤིང་འདེབས་པ།   ཁོར་ཡུག་སྲུང་སྐྱོབ་ཁྱབ་བསྒྲགས་ཀྱི་སློབ་གསོ་སྤེལ་པ་བཅས་ཡིན།

    ཁོ་ཚོའི་རིན་ཐང་གི་ལྟ་བ་དང༌།  ཁོར་སྲུང་གི་འདུ་ཤེས༌། དཀའ་ཚེགས་ཀྱི་ལས་ལ་ཞིང་ཆེན་དང་ཁུལ།  ས་གནས་སྲིད་གཞུང༌།  རྒྱ་ཆེའི་མང་ཚོགས་བཅས་ཀྱིས་གདེངས་འཇོག་དང་བསྔགས་བརྗོད་ཆེན་པོ་ཐོབ་སྟེ། ༢༠༡༡ལོའི་ཟླ་༡༠བར་ཀྲུང་གུང་རྨ་ཆུ་རྫོང་ཨུ་དང་སྲིད་གཞུང་གིས་ཀྲུང་གོའི་ལྟ་ན་སྡུག་པའི་ཀན་ལྷོ་ཤམ་བྷ་ལ་རྨ་ཆུ་རྫོང་སྐབས་ལྔ་བའི་གེ་སར་རྟ་རྒྱུགས་ཆེན་མོའི་སྐབས་སྔོན་ཐོན་མི་སྣའི་བྱ་དགའ་གནང༌།

  ༢༠༡༢ལོའི་ཟླ༨པར་ཐེ་ཝན་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ནས་ཀུན་ཕན་མཐུན་ཚོགས་ལ་བཀའ་དྲིན་ཞུ་ཡིག་གི་བྱ་དགའ་གནང༌།

   ༡༠༡༢ལོར་གུང་གཞོན་ཚོགས་པ་དང་རྨ་ཆུ་རྫོང་ཨུས་ཕུལ་བྱུང་དང་བླངས་པའི་བྱ་དགའ་གནང༌།

   ༢༠༡༣ལོའི་ཟླ་༣པའི་ཚེས༢༤ལ་ཀན་སུའུ་ཞིང་ཆེན་ལིས་ཐོ་ལིན་ཁོར་ཡུག་འཕེལ་རྒྱས་ལྟེ་གནས་ནས་༢༠༡༢ལོའི་ཕུལ་བྱུང་དང་བླངས་པའི་བྱ་དགའ་གནང༌།

    ༢༠༡༣ལོར་གུང་གཞོན་ཚོགས་པ་དང་རྨ་ཆུ་རྫོང་ཨུས་ཕུལ་བྱུང་ན་གཞོན་དང་བླངས་ཚོགས་པའི་བྱ་དགའ་གནང༌།

   ༢༠༡༣ལོའི་སྤྱི་ཟླ་༧པར་ཀྲུང་གུང་རྨ་ཆུ་རྫོང་ཨུ་དང་སྲིད་གཞུང་གིས་ཀྲུང་གོ་ལྟ་ན་སྡུག་པའི་ཀན་ལྷོའི་ཤམ་བྷ་ལ་རྨ་ཆུ་རྫོང་སྐབས་དྲུག་པའི་གེ་སར་རྟ་རྒྱུགས་ཆེན་མོའི་སྐབས་སྔོན་ཐོན་མི་སྣའི་མཚན་སྙན་གྱི་བྱ་དགའ་ཐོབ།

   ༢༠༡༣ལོའི་ཟླ་༦པའི་ཚེས་༥ཉིན་རྨ་ཆུ་རྫོང་ཁོར་ཡུག་སྲུང་སྐྱོ་ཅུས་ཀྱིས་༢༠༡༢ལོའི་ཕུལ་བྱུང་དང་བླངས་ཚོགས་པའི་བྱ་དགའ་གནང༌།

  ཀུན་ཕན་མཐུན་ཚོགས་ཀྱིས་ད་དུང་མུ་མཐུད་དུ་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ལ་འབད་པའི་ཆོད་སེམས་ལ་ནམ་ཡང་འགྱུར་བ་མེད་དོ།

  གྲོགས་པོ་རྣམ་པ།  གོ་ལ་འདི་ནི་འགྲོ་བ་མི་སོགས་སེམས་ཅན་ཐམས་ཅད་འཚོ་གནས་བྱེད་སའི་རྟེན་གཞི་གཙོ་བོ་ཡིན་ལཆུ་བོ་ཐམས་ཅད་ནི་རང་བྱུང་ཁམས་ཆེན་པོའི་ཚེ་སྲོག་གི་འབྱུང་ཁུངས་ཡིན།  གོ་ལའི་སྤྱི་འབངས་ཤིག་དང་མདོ་དབུས་མཐོ་སྒང་དུ་གཞིས་ཆགས་པའི་གངས་ཅན་པ་ཞིག་ཡིན་ཕྱིར་གངས་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་སའི་གོ་ལའི་མ་འོངས་པའི་མཚར་སྡུག་ལ་སྲུང་སྐྱོབ་བྱེད་པ་དང་ཀུན་ནས་མཚུངས་པས་ཀུན་གྱིས་ཐུགས་ཁུར་དང་རྒྱབ་སྐྱོར་མི་དམན་པ་བྱེད་རྒྱུ་སྙིང་ནས་བཀའ་དྲིན་ཆེ་ཞུའོ།།

 

བཱེ་ཤིང་དགོན་གྱི་དོ་དམ་པས་དགོན་པར་གཙང་སྦྲ་བྱས་པར་བཀའ་དྲིན་ཞུས་པ།

     མི་ཚོགས་ཀྱིས་ཕངས་པའི་གད་སྙིགས་མེ་ལ་སྲེག་བཞིན་པ།

གད་སྙིགས་ཕོན་ཆེན་པོ་འདིས་འུ་ཅག་གི་ལུས་ཁམས་བདེ་ཐང་ལ་གཏོར་བརླག་བྱེད་པ་བཞིན་པ་ཨེ་ཤེས།

 

དགོན་པའི་ཁོར་ཡུག་གཙང་སྦྲ་བྱེད་པ་ནི་གྲྭ་བའི་ལུས་ཁམས་སྲུང་བ་དང་ཅི་ཁྱད།

 

            ཁོར་ཡུག་རང་གིས་སྲུང་ན་དེ་ཡིས་ཆོག

དྭངས་ཤིང་གཙང་བའི་ཆུ་བོ་ཞིག་འདི་ལྟར་གད་སྙིགས་ཀྱིས་ཁེངས་པར་སེམས་འཚུབ་མི་སྐྱེའམ།

 ལྷག་བསམ་གྱིས་ཕྱུག་པའི་ཚོགས་མི་དག

ང་ཚོ་ཚང་མས་སའི་གོ་ལར་སྲུང་སྐྱོབ་བྱེད།

  ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཆགས་རྒྱུ་ནི་ཅི་འདྲའི་གལ་ཨང་།

རླུང་རྟ་སྤུར་བ་ནི་ཁོར་ཡུག་སྲུང་སྐྱོབ་ལ་གནོད་པ་ཨེ་ཤེས། 

 གེ་སར་རྟ་རྒྱུག་ར་བ་གཙང་སྦྲ་བྱེད་བཞིན་པ།

    ང་ཚོས་མཉམ་དུ་སའི་གོ་ལའི་བདེ་ཐང་ལ་སྲུང་སྐྱོབ་བྱེད།

     མི་ཚོགས་ཀྱི་ཤུལ་ན་གད་སྙིགས་ཀྱི་རི་བོ་སྤུངས་འདུག་པ་ཨེ་ཚོར།

    མཉམ་ལས་ནི་སྟོབས་ཤུགས་དང་ལྡན་པ་ཤེས་དགོས།

      ཁོར་ཡུག་གི་མཛེས་སྡུག་འདི་ལྟར་བརླག་ག་ལ་ཆོག

 ང་ཚོ་མཉམ་དུ་ཆས་ཤིང་མཉམ་དུ་སའི་གོ་ལའི་རུམ་ཁ་ན་ཉལ་ཡོད།

 ཟས་ལུད་ཁོར་ཡུག་རྫབ་བྱེད་ཡིན་པ་ཤེས་དགོས།

༢༠༡༢ལོའི་ཟླ༨པར་ཐེ་ཝན་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ནས་ཀུན་ཕན་མཐུན་ཚོགས་ལ་བཀའ་དྲིན་ཞུ་ཡིག་གི་བྱ་དགའ་གནང༌།

 ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཡག་པོ་ཞིག་ཆགས་རྒྱུ་ནི་གལ་ཆེའོ།།

 མཉམ་ལས་ཀྱི་འགོ་ཚུགས་ས་སྤང་གི་གཡས་གཡོན་ཡིན།

 བརྩོན་པས་བསྒྲུབས་ན་མི་འགྲུབ་བྱ་བ་ཅི།

བྱ་དགའ་ནི་ང་ཚོ་ཚང་མར་གནང་ཡིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rogu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/8/25
རང་ཉིད་ཀྱི་ཉེ་འགྲམ་རང་ཉིད་ཀྱིས་གཙང་དག་བྱེད་པའི་ཀུན་ཕན་ཚོགས་པ་འདི་ལ། གཞུང་སྒེར་གཉིས་ཀྱིས་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41161244
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1