རྒྱུ་མའི་གྲོང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »རྒྱུ་མའི་གྲོང་།
རྒྱུ་མའི་གྲོང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/20ལྟ་ཀློག (1517)རྩོམ་ཁུངས: པར་འདེབ།

 ཁམས་རི་ཚེ་རྡོར།

བརྩེ་བ་སྦས་པས་ཟུག་རྔུ་གསོན་པོ་ཞིག །

ཤེལ་དཀར་འདྲེན་པའི་གདོང་པ་རྫ་ལ་གཏད། །

བཅུད་འཛིན་བདུད་རྩིས་གཏམས་པའི་ངལ་དུབ་ཀྱིས། །

དྲན་པའི་གདུང་དབྱངས་གངས་ཆར་ཀློང་དུ་ཟག

 

ཨ་མའི་འོ་མ་ཉུལ་བའི་བེའུ་ཆུང་ཞིག

རྩེ་གར་འཁྲབས་པའི་སེམས་པ་འདམ་ལ་ཟུག

སྨུག་པའི་ལ་བ་གྱོན་པའི་ལྷས་འདབ་ན།

འཆར་རྟོག་རིང་མོའི་ཟིན་ཐོ་ཡང་ཡང་བཀོད།

 

གློག་གིས་ཟི་ར་གཏོར་བའི་རྫ་ཟུར་ནས། །

དྲེད་མོང་ཁམ་པའི་ཟུར་མིག་ལྷས་ལ་སྲིང་།

ཆར་མུན་ཁྲོད་དུ་ཡིབས་པའི་སྦྲ་ནག་ལ།

སྒོ་ཁྱིས་སྐོར་ཞིང་ཟུག་པ་འཇིགས་སུ་རུང་།

 

འཁྲིག་བདེའི་རོ་བཅུད་དྲན་པའི་ན་ཆུང་མས།

སྒོ་ཁྱིའི་མགོ་བོར་འོ་རྡོའི་དབང་ཆེན་བསྐུར། །

གཅན་ཟན་ཁམ་པ་ཞིག་གི་མཆན་འོག་ནས།

ཉམ་ཆུང་གཡང་དཀར་ལུག་གིས་གྱེས་ཚིག་འདོན།

 

རྫ་ནག་གསེར་ཞུ་གྱོན་པའི་རི་འདབས་ན། །

རླངས་པ་འཐུལ་བའི་ལུག་མགོ་རློན་པ་ཞིག །

ཞོགས་སྨུག་འཇའ་གུར་འཁྱིལ་བའི་བར་སེང་ནས། །

བྱ་རོག་བགྲེས་པོས་མ་ཎི་རླུང་ལ་བསྐུར། །

 

ཞི་བའི་བསྟི་གནས་བཙལ་བའི་སྤྲང་བོ་ང་། །

རྒྱུ་མའི་གྲོང་ཁྱེར་ཉུལ་བའི་བས་མཐའ་ནས།

མིག་མཐར་འཁྱུད་པའི་ཟིལ་པ་རེ་རེས་ཀྱང་།

ཡུན་རིང་འཚོལ་བའི་སྙིང་པོ་ཡང་ཡང་དག


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41984797
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1