བཙུན་གླུ་ཐུང་ཐུང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། » བཙུན་གླུ་ཐུང་ཐུང་།
བཙུན་གླུ་ཐུང་ཐུང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/20ལྟ་ཀློག (1690)རྩོམ་ཁུངས: པར་འདེབ།

                                            ཁམས་རི་ཚེ་རྡོར།

ཀ་མ་ལ་ལྟར་ཁ་བའི་མཚོ་མོ་སྒྲོན།

ག་བུར་འཐུལ་ལེར་ང་ལ་ཟུར་མིག་གཡོ།

ཅ་ལེ་ཅོ་ལེ་ཆ་སྙོམ་མ་ཡིན་པའི།

ཇ་ཆང་མཚར་གླུའི་ཉ་ཀྱུ་འཕེན་ན་ཡང་།

ཏ་ཐ་ག་ཏའི་ཐ་སྙད་དུ་མ་ཞིག

ད་དུང་འཛིན་པའི་ན་ཆུང་བཙུན་པ་ངས།

པརྦྦ་ཏ་ལྟར་ཕ་རོལ་འཇིག་རྟེན་དུ།

བ་གམ་མཐོན་པོ་མ་བསྒྲིགས་ལྷུན་གྲུབ་ཡིན།

ཙཀྵུ་འབྱེད་ཅིང་ཚ་གྲང་སེལ་བའི་སྨན། །

ཛ་ཡའི་དགོངས་པ་ཝ་ལེར་སྟོན་པའི་གཞུང་།

ཞ་ལུ་སོགས་ཀྱིས་ཟ་ཧོར་ཡུལ་ནས་བསྒྱུར།

འ་ཅག་བདེ་བའི་ཡ་མཚན་ནོར་བུ་ཡིན།

ར་ས་འཕྲུལ་སྣང་ལ་སོགས་ལྷ་ཁང་དུ།

ཤ་ཆང་སྤངས་ཏེ་ས་ལྟར་སེམས་སོགས་བསྐྱེད།

ཧ་ཅང་བརྩེ་བའི་ཨ་མ་ཐམས་ཅད་ཀྱིས།

ཧ་བཏབས་ལྟ་བུའི་ཨ་དོན་རྟོགས་པར་སྨོན།

ཕྱི་གླིང་རིགས་ཀྱི་མིག་སྤྲིན་མི་གཤིས་འདིས།

འཛུམ་མུལ་མུལ་དུ་བུ་ཕྲུག་སྡུག་གུ་བསླུ།

དེ་སྟེ་སྐེད་མེད་སྒེག་མཛེས་ཁྱེད་སེམས་དེ།

འཁྱོག་གོ་གཡོ་ཟོལ་སྟོན་ནོ་མཚོ་མོ་སྒྲོན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b91f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41983624
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1