སྐྱོ་བའི་ཐིག་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »སྐྱོ་བའི་ཐིག་པ།
སྐྱོ་བའི་ཐིག་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/20ལྟ་ཀློག (1688)རྩོམ་ཁུངས: པར་འདེབ།

                                                   ཁམས་རི་ཚེ་རྡོར།

དཔྱིད་ཉི་རྒན་པོ་སྒེའུ་ཁུང་འགྲམ་ནས་ཡོལ།

མི་ཚེའི་དངས་མ་གློག་བརྙན་དཔའ་བོས་འཐུང་།

དྲིན་ཆེན་སྒོར་མོ་བརྡ་འཕྲིན་ཇག་པས་ཕྲོག

རིག་པའི་བུ་ཆུང་སྐྱོ་བའི་ཨ་ཐང་ཆད།

རྩམ་ཁུག་ཆུང་ཆུང་གཉེར་མ་རུག་གེར་ཉལ།

སྦྲང་མའི་མཆུ་རྩེ་མར་ཀོག་སྟེང་དུ་བདར།

དྲན་པའི་མུན་པ་ཇ་ཕོར་ཕྱི་ན་འཐིབས།

གདུང་བའི་དུད་པ་ཚོར་བའི་ཁམས་ལ་འཁྲིགས།

བརྗོད་དོན་ཟབ་མོ་བྱང་ཁོག་སྟོད་ནས་ཡལ།

ལ་དོན་ཁ་ཤས་ཀླད་པའི་ནང་དུ་འཚངས།

དག་ཆ་ཐན་ཐུན་གློག་གི་རྟ་ལ་བསྐྱོན།

དྲེགས་པའི་གླང་བོ་སྤྲིན་པའི་གསེབ་ན་འཕྱོ།

ཕ་ཡུལ་ཟིན་ཐོ་ཀློག་པའི་རྒྱང་རིང་ནས། །

ཁུ་བྱུག་བུ་མོའི་ཅོང་སྐད་རླུང་གིས་ཁྱེར། །

སྒེའུ་ཁུང་ཡོལ་བ་རལ་བའི་བུ་ག་ནས། །

དཔྱིད་རླུང་འཆམ་པོ་སྙིང་ལ་སིབ་སིབ་ཐིམ། །

དགུང་ཁའི་ཉི་མའི་ཟེར་ཐག་མཁའ་ལ་བསྲིངས། །

མུན་པའི་ཇག་པ་མདུན་རིའི་ཕག་ནས་འཇབ། །

ལྗང་ལོའི་སྙིང་གཏམ་སྐྱུགས་པའི་དགའ་མ་འདིས། །

སྐྱོ་བའི་མིག་ལ་འཕྱ་བའི་འཛུབ་མོ་ཀེར། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41983408
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1