ཞོགས་པའི་སློབ་གླིང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། » ཞོགས་པའི་སློབ་གླིང་།
ཞོགས་པའི་སློབ་གླིང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/20ལྟ་ཀློག (1486)རྩོམ་ཁུངས: པར་འདེབ།

ཁམས་རི་ཚེ་རྡོར།

སྨུག་པའི་དར་ཟབ་གཡོ་བ་འཇམ་བསིལ་དྲི་བཞོན་མཛའ་ན་མོས།

སློབ་རའི་ནེ་གསིང་འགྲིམ་བཞིན་འདབ་ལྡན་སིམ་པར་བྱས་པ་ན།

ཡིད་འཕྲོག་ཚངས་པའི་སྲས་མོ་དཔྱིད་དཔལ་བསུ་བའི་ཕོ་ཉར་བརྫུས།

རྒྱུད་དྲུག་དབྱངས་ཀྱི་མཆོད་པ་བསིལ་རླུང་གཞོན་ནུའི་ཕྲག་པར་བཀལ།

དགའ་བའི་ཉམས་ལྡན་སྡོང་བོའི་སོར་མོ་རྡེབ་བཞིན་ལྡེམས་ལྡེམ་གཡོ།

ཤེས་རབ་རིག་པས་རབ་བཟི་བློ་འཛིན་གཞོན་ནུ་ཤིག་ཤིག་འགུལ།

ཚེམས་དཀར་མུ་ཏིག་ཕྲེང་འཛིན་མཆུ་སྒྲོས་གར་གྱི་ལྷ་མོས་ཀྱང་།

མཉེན་ལྕུག་འཁྲིལ་ལྡན་འཇམ་སྲབ་ལྗགས་ཀྱི་དར་དཔྱང་གློག་ལྟར་བསྐྱོད། །

འགྲིག་འཛིན་བུང་བའི་ཁྱུ་ཚོགས་ཕྱོགས་དང་ཕྱོགས་སུ་ལྡིང་བ་ན།

བློ་འཛིན་སྟོང་གི་དབྱངས་སྙན་མཚམས་སྤྲིན་གསར་བའི་ཕང་བར་འདེགས།

བྱམས་བརྩེའི་དབྱིག་གི་ཁུ་བ་ཀུན་གསལ་བུ་མོའི་མངལ་ལས་དྲངས།

གནའ་དེང་རིག་པའི་འོད་སྐོར་ཡིད་འོང་སློབ་རའི་ཚལ་དུ་འཁྱིལ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41984796
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1