ངའི་ཚེ་སྲོག་གི་དྭངས་མ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། » ངའི་ཚེ་སྲོག་གི་དྭངས་མ།
ངའི་ཚེ་སྲོག་གི་དྭངས་མ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/20ལྟ་ཀློག (1630)རྩོམ་ཁུངས: པར་འདེབ།

ཀ་ཁའི་ཡུམ་ཆེན་ཆོས་ཀྱི་སྒྲོན་མེ་ཞིག

ཁ་བའི་མུན་པ་སེལ་ལ་བསམ་བཞིན་བལྟམས།

ག་བུར་འཛིན་པའི་མདངས་ལྡན་སམ་བྷོ་ཊ།

ང་རོའི་རྨོངས་པ་གསལ་བྱེད་སྲིད་པའི་མིག

ཅ་ཅོ་མ་འདྲེས་བོད་ཀྱི་མིང་ཚིག་རྣམས།

ཆ་ཤས་ཡོངས་རྫོགས་སྟོན་པའི་དཔེ་བྱེད་བཞིན།

ཇ་ཆང་བདུད་རྩིའི་སྙིང་བོ་རིག་པའི་བཅུད།

ཉ་གང་ཟླ་བ་གཞོན་ནུའི་འཛུམ་ཞལ་བཞིན།

ཏ་ལའི་ལོ་མ་འཁྲིགས་པའི་དགའ་ཚལ་ན།

ཐ་སྙད་རིག་གནས་གེ་སར་ཅིར་ཡང་དགོད།

ད་དུང་རྟེན་འབྱུང་རྒྱུ་མར་ངོ་སྤྲོད་ཅིང་།

ན་བུན་རྨོངས་པའི་མུན་པ་ཁྱེད་ཀྱིས་སེལ།

པ་ཊུ་བྱེ་བ་འབྱུང་བའི་ཡུམ་ཆེན་དང་།

ཕ་ཤུལ་འཛིན་པའི་སྲོག་གི་ཀ་བ་ཞིག

བ་ལ་ཧ་ལྟར་སྲིད་པའི་གཅོང་རོང་ལས།

མ་ལུས་སེམས་ཅན་སྒྲོལ་བའི་དེད་དཔོན་ཞིག

ཙཀྲས་སྒྱུར་བ་དང་པོའི་སྲིད་དང་དབང་།

ཚ་ཟེར་ཅན་གྱིས་ཉིན་མོར་བྱས་པ་བཞིན།

ཛ་ཡའི་བསྟན་པ་ལྷ་མིའི་སེམས་ཀྱི་སྨན།

ཝ་ལེར་ཡིད་ལ་འཆར་བའི་བྱེད་པོ་བཞིན།

ཞ་ལུ་ལ་སོགས་ཁྲི་སྐོར་བཅུ་གཉིས་པོ།

ཟ་མ་ཏོག་ཏུ་བཅུག་བཞིན་འཐོར་མེད་བྱས།

འ་ཆད་འུ་ཐུག་གཞན་དབང་གྱུར་ན་ཡང་།

ཡ་བྲལ་མ་གྱུར་ཆོལ་གསུམ་གཅིག་ཏུ་སྡུད།

ར་བ་གངས་ལ་བཅོལ་བའི་སྨན་ལྗོངས་ནས།

ལ་འུར་བདེན་དཔང་སྟོན་པའི་དབྱངས་གསལ་གྱིས།

ཤ་ཁྲག་རུས་པའི་མཆོད་རྫས་བཤམས་དང་ལྷན།

ས་ཆེན་ཁྱོན་འདི་རེ་ཞིག་འདར་བར་བྱས།

ཧ་ཤང་མ་ཧ་ཡ་ནའི་རྣམ་ཐར་གྱི།

ཧ་ལམ་རྗེས་སུ་བསྙེག་ལ་མི་རིང་བས།

ཨ་མ་ནོར་འཛིན་སྒེག་མོའི་སྤྱི་གཙུག་ཏུ།

ཨ་དོན་འགྱུར་མེད་བརྟན་པའི་དར་ཆེན་འཛུགས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nldr བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41983408
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1