དགོད་གཏམ།
སྔོན་ཁྱིམ་ཚང་ཕྱུག་པོ་ཞིག་ལ་ཀོ་བ་མཉེད་མཁན་གྱི་གླ་བ་ཞིག་དང་རྔ་རྡུང་མཁན་གྱི་གསོལ་ཁ་བ་ཞིག་ཡོད། གླ་བ་དེས་ཉིན་གང་བོར་ཀོ་བ་མཉེད་དགོས་པ་དང་། གསོལ་ཁ་བ་དེས་དགོང་མོ་གསོལ་ཁ་འདོན་སྐབས་ལས་རྔ་བརྡུང་མི་དགོས། ཉིན་ཞིག་གསོལ་ཁ་བ་གྲྭ་པ་དེས་གོ་བ་མཉེད་མཁན་ལ་དམའ་འབེབས་བྱས་པར"འཇིག་རྟེན་ཐོག་ཏུ་འཚོ་བ་རོལ་ལུགས་མི་འདྲ་བ་མང་ཡང་ཀོ་བམཉེད་ནས་འཚོ་བ་རོལ་བ་དེ་ཆེས་སྡུག་པོ་འདུག"ཅེས་སྨྲས། ཀོ་བ་མཉེད་མཁན་གླ་བ་དེ་ཁྲོས་ནས་"ངས་ཀོ་བ་མཉེད་ནས་ལྟོ་གོས་བཙལ། ཁྱེད་ཀྱིས་ཀོ་བ་བརྡུངས་ནས་ལྟོ་གོས་འཚོལ་གྱིན་ཡོད། གཉིས་པོ་ཀོ་བ་དང་བྲལ་ན་འཆི་ངེས་རེད"སྨྲས་པས། གསོལ་ཁ་འདོན་མཁན་གྱི་གྲྭ་པས་ལན་འདེབས་ཐབས་བྲལ་ལོ། །
|