སློབ་གཙོ་སྤྲུལ་རྡོ་རྗེ་བརྟན་ནམ་གཞི་ཆེན་མཆོག་སྤྲུལ་ཐུབ་བསྟན་ཡེ་ཤེས་ཉི་མ་མཆོག
སློབ་གྲྭ་འཛུགས་པའི་གནས།
རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་
གཉན་པོ་གཡུ་རྩེའི་ཉེ་འདབས་ཀྱི་ཁང་སར་སྨིན་ཐང་གི་ས་ཆར་གསར་འཛུགས་བྱེད་ཀྱིན་ཡོད།
སློབ་གྲྭ་འཛུགས་པའི་དམིགས་ཡུལ།
ང་ཚོའི་ད་ལྟའི་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་འབྱུང་འགྱུར་མི་རིགས་ཀྱི་དགོས་མཁོ་སོགས་མདོར་ན་བོད་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དར་སྤེལ་དང་ཕྱི་དངོས་པོའི་དཔལ་ཡོན་དང་ནང་བསམ་བློའི་འདུ་ཤེས་སོགས་ཡར་རྒྱས་གོང་འཕེལ་གྱི་ཆེད་དང་། མི་རིགས་གཞན་པའི་ཤེས་ཡོད་ཡོན་གྱི་ལེགས་ཆ་ནང་འདྲེན་དང་རྗེས་ལོན་བརྗེ་རེས་བཅས་ཀྱི་ཆེད་དུ་ཚད་ལྡན་གྱི་མཐོ་འབྲིང་སློབ་གྲྭ་འདི་འཛུགས་སྐྲུན་བྱེད་ཀྱིན་ཡོད།
སློབ་གྲྭའི་ཚད་གཞི།
སློབ་གྲྭ་དེ་ནི་རྒྱལ་ཁབ་རིམ་པའི་ཚད་གཞི་ལྟར་དུ་ཕྱིའི་ཁོར་ཡུག་དང་ནང་གི་བཀོད་པ་གཞན་སློབ་ཁྲིད་དང་འཕྲོད་བསྟེན་
སོགས་ཕྱོགས་གང་ཐད་ནས་ཚད་ལྡན་གྱི་སློབ་གྲྭ་ཞིག་ཡིན། འཛུགས་བསྐྲུན་གྱི་དུས་ཡུན་ནི་ཉིས་སྟོང་བདུན་ནས་ཉིས་སྟོང་བཅུའི་བར་ཡིན།
སྦྱང་བྱའི་རྣམ་གྲངས།
སྦྱང་བྱའི་རྣམ་གྲངས་ནི་བོད་ཀྱི་ནང་བསྟན་རིག་གནས་དང་སྤྱི་ཚོགས་རིག་གནས་གཞན་རྒྱ་དབྱིན་སོགས་རྒྱལ་ཁབ་གཞན་པའི་སྐད་དང་ཡིག དེ་མིན་བརྡ་འཕྲིན་རིག་གནས་དང་དམངས་ཁྲོད་ལག་རྩལ་སོགས་ཕྱོགས་ཡོངས་ནས་སྣ་འཛོམས་རང་བཞིན་གྱིས་སློབ་གྲྭ་ཞིག་ཡིན།
སློབ་གྲྭའི་མཐུན་རྐྱེན།
སློབ་གྲྭའི་མ་དངུལ་གྱི་མཐུན་རྐྱེན་དང་འཛུགས་སྐྲུན་གྱི་འཆར་གཞི་སོགས་ལས་འགན་མཐའ་དག་གཞི་ཆེན་མཆོག་སྤྲུལ་ཐུབ་བསྟན་ཡེ་ཤེས་ཉི་མས་ཐུགས་ཁུར་དང་འགན་བཞེས་གནང་བཞིན་ཡོད།
སློབ་གཙོ་རྡོ་རྗེ་བརྟན་གྱིས་མཐར་ཕྱིན་དཔང་ཡིག་གནང་བཞིན་པ།
སློབ་མ་རྣམས་ཀྱིས་དགེ་རྒན་གྱི་བཀའ་སློབ་ལ་ཉན་བཞིན་པ།
རྒན་སྐལ་བཟང་སྦྱིན་པས་དཔེ་ཁྲིད་གནང་བཞིན་པ།
རྒན་དཀོན་མཆོག་རྒྱལ་མཚན་གྱིས་དཔེ་ཁྲིད་གནང་བཞིན་པ།
མཚན་སྦྱོང་། ༼ སྐྱེས་མའི་སྡེ།
མཚན་སྦྱོང་། ༼ སྐྱེས་པའི་སྡེ།
རྒན་ཕན་བདེ་རྒྱ་མཚོ་ཡིས་དཔེ་ཁྲིད་གནང་བཞིན་པ།
རྒན་ཡི་དམ་སྐྱབས་ཀྱིས་དཔེ་ཁྲིད་གནང་བཞིན་པ།
རྒན་མཁྱེན་རབ་དཔལ་བཟང་གིས་དཔེ་ཁྲིད་གནང་བཞིན་པ།
ལས་དགེ་རྒན་གྱིས་དཔེ་ཁྲིད་གནང་བཞིན་པ།༼ རྒྱ་རིགས།
སློབ་གྲྭའི་སློབ་བསྡུའི་བརྡ་སྦྱོར་དང་ངོ་སྤྲོད་མདོར་བསྡུས།
༈རྡོ་རྗེ་བརྟན་མཐོ་འབྲིང་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་ནི་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་༢༠༠༧ལོའི་ཡིག་ཆ་༡༦༠པའི་ཆོག་མཆན་ལྟར་ལེགས་པར་བཙུགས་པ་ཡིན།
༈སློབ་གྲྭའི་མིང་ལ་རྡོ་རྗེ་བརྟན་མཐོ་འབྲིང་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ།
སློབ་གྲྭའི་ཚབ་ཨང༦༣༠༡༠༡༠༡༡༥༠༦༧
༈སློབ་མའི་རྨང་གཞིའི་སྦྱང་བྱ།
ཚད་མ་རིག་པ།
སྙན་ངག ལོ་སྒྱུས། སུམ་རྟགས་དག་གསུམ། གནའ་དེང་རྩོམ་རིག
རྩིས་དཀར་ནག རྒྱའི་སྐད་ཡིག དབྱིན་ཡིག རྩིས་རིག
ཆབ་སྲིད། ས་ཁམས། ལུས་རྩལ་སོགས་ཡོད།
༈སློབ་མའི་ཆེད་ལས་སྦྱང་བྱ།
བོད་ཡིག་ཆེད་སྦྱང་། མཛེས་རིས་ཆེད་སྦྱང་། གསོ་རིག་ཆེད་སྦྱང་།
བཟོ་རིག་ཆེད་སྦྱང་སོགས་སྒྱུ་རྩལ་ཇུས་འགོད། གླུ་གར་ཆེད་སྦྱང་སོགས་ཆེད་ལས་ལྔ་ཡོད།
༈དགེ་རྒན།
བོད་ཡིག་དགེ་རྒན་རམ་འབྱམས་པ་དང་།
མཁན་པོ། དགེ་བཤེས་སོགས་བོད་རིག་པའི་ཡོན་ཚད་དང་
སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་ཡོད། རྒྱ་ཡིག་ལ་རྒྱ་རིགས་སྤྱི་སྐད་དག་མ་སྨྲ་བའི་དགེ་རྒན་དང་།
སྐད་གཉིས་ཟུངའབྲེལ་སློབ་པའི་བོད་པ་དང་། རྩིས་རིག་ལ་ཞིང་ཆེན་ཕྱི་ནང་གི་ཆེད་སྦྱང་དགེ་
རྒན་གསུམ་དང་།
ས་གནས་ཀྱི་དགེ་རྒན་གཉིས། དབྱིན་ཡིག་ལ་རྒྱལ་ཕྱི་ནང་གི་ཆེད་སྦྱང་མཐར་ཕྱིན་བཅས་ཡོད།
ཆེད་ལས་དགེ་རྒན་རང་རང་གི་ལས་རིགས་ལ་མཁས་ཤིང་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་ཡོད།
དགེ་རྒན་ཡོངས་ཀྱི་སློབ་མར་གཅེས་སྦྲས་སུ་བས་བཟང་ཞིང་བྱ་བ་འདིར་སློབ་གསོའི་དོ་སྣང་ནན་མོ་བྱེད།
སློབ་གསོ་དང་མི་ཚེའི་བྱ་བ་སོ་སོའི་ཉམས་མྱོང་སྦྱོང་བསྡར་སོགས་བསླབ་གཞི་མང་པོ་ཡོད།
སློབ་ཡུན་ལོ་གསུམ།
སློབ་མ་བསྡུ་བའི་ཡོན་ཚད།
དམའ་འབྲིང་མཐར་ཕྱིན་སོགས་ཀྱི་སློབ་མ།
སློབ་མ་བསྡུ་བའི་དུས་ཚོད། སྤྱི་ཟླ༨ཚེས༡༨ནསཟླ༩བའི་ཚེས༡བར་གསར་ཞུགས་སློབ་མའི་མིང་ཐོ་འགོད་རྒྱུ་ཡིན་པས་དེའི་སྔོན་དུ་ཕེབས་པར་ཞུ་ཞུ། ཟས་རིན་ཙམ་མ་གཏོགས་འགྲོ་སོང་ཐམས་ཅད་སློབ་གྲྭས་གཏོང་རྒྱུ།
སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༩༤༠༠༠༧།
འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་༦༦༠༠དེའི་ནང་གསས་སུ་
སློབ་ཁང་སྨི་གྲུ་བཞི་མ༢༦༠༠དང་དགེ་རྒན་གྱི་སྡོད་ཁང་ལ་སྨི་གྲུ་མ༩༠༠།
སློབ་མའི་ཉལ་ཁང་ལ་སྨི་གྲུ་བཞི་མ༡༤༠༠།
ཇ་ཁང་ལ་སྨི་གྲུ་བཞི་མ༩༠༠བཅས་ཁོར་ཡུག་དང་ཆ་རྐྱེན་སོགས་ཕུན་སུམ་ཚོགས་པ་ཡོད།
སློབ་གྲྭའི་ས་གནས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོ།
སྦྲགས་སྲིད་ཨང༦༢༤༧༠༠།
སློབ་སྲིད་ཁང་གི་འབྲེལ་གཏུགས་ཁ་པར། སྨིན་ཕུར། ༡༤༧༩༧༠༥༥༠༠༠ ཚེ་རིང་དཔལ་འབྱོར། ༡༨༩༠༨༢༠༦༨༣༨
རྡོ་རེད། ༡༣༨༩༣༩༥༩༤༤༤ ཟླ་བ།༡༨༩༤༦༨༥༩༣༩༩
སློབ་གྲྭའི་གཞུང་འབྲེལ་བྱ་ས།
ཚེ་མགོན། 13897555777 སློབ་གྲྭའི་ཡིག་སྒམ། nbyzwhzx@126.com
རྒྱ་ཡིག་དྲྭ་ངོས། http://www.nbyzwhzx.com
|