གོང་མ་མཁན་པོ་བློ་བཟང་ཚུལ་ཁྲིམས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 7 ཚེས 21 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» མགར་དང་འབྲེལ་ཡོད་མི་སྣ། »གོང་མ་མཁན་པོ་བློ་བཟང་ཚུལ་ཁྲིམས།
གོང་མ་མཁན་པོ་བློ་བཟང་ཚུལ་ཁྲིམས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/8/2ལྟ་ཀློག (6504)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ༄༅། །མགར་གོང་མ་མཁན་པོ་བློ་བཟང་ཚུལ་ཁྲིམས་
ཀྱི་རྣམ་ཐར་མདོར་བསྡུས།

      དེ་ཡང་གནས་ཕུན་སུམ་ཚོགས་པ་མདོ་སྨད་ཐིག་ལེའི་ས་འཛིན་རྨ་ཀླུང་བཀྲ་ཤིས་འཁྱིལ་བའི་ལྟེ་བ་རུ། དུས་ཕུན་སུམ་ཚོགས་པ་མེ་མོ་ཕག་གི་ལོར།    རིགས་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་བློན་པོ་མགར་དམ་པའི་གདུང་རྒྱུད་ཡབ་མགར་ར་དཀོན་མཆོག་དང་།  ཡུམ་སྦྲ་བཟའ་རྗེ་བཙུན་སྒྲོལ་མས་རྗེས་བཟུང་ཨ་ཆུང་གཉིས་ཀྱི་སྲས་སུ་གཟའ་སྐར་ཕུན་སུམ་ཚོགས་དུས་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས་ཤིང་།  ཆོས་ཕུན་སུམ་ཚོགས་པ་ཀུན་བཟང་ཐུགས་ཀྱི་བསྟན་པ་ཕྱོགས་བཅུར་རྒྱས་དུས་སྟོན་པ་ཕུན་སུམ་ཚོགས་པ་ཨོ་རྒྱན་མཚོ་སྐྱེས་བླ་མའི་རྒྱལ་ཚབ་སྤྲུལ་བའི་གཏེར་སྟོན་ཀུན་བཟང་ཉི་མས་ཆོས་ཀྱི་འཁོར་ལོ་བསྐོར་དུས་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་དུ་ངོས་བཟུང་སྟེ་མཚན་ལ་གཡང་རས་གསོལ།  ལོ་དགུའི་སྟེང་དུ་ཀློག་སློབ་པའི་མདུན་དུ་དབུ་ཅན་དང་དབུ་མེད་ཀྱི་ཡི་གེ་རྣམས་ཚེགས་མེད་དུ་མཁྱེན་པ་བྱུང་བས་ཀུན་ཡ་མཚར་བར་བཀོད་པ་མ་ཟད།   མཁན་རིན་པོ་ཆེ་སྨོན་སེམས་དང་།   ཨག་རྣམས་སྤྲུལ་སྐུ་སོགས་སྐྱེས་ཆེན་དམ་པའི་ཞབས་རྡུལ་སྤྱི་བོས་བླངས་ཏེ་སྔོན་འགྲོ།  བློ་སྦྱོང་སོགས་ལ་གསན་བཞེས་མི་དམན་པ་གནང་། 
      དགུང་ལོ་བཅུ་དྲུག་གི་སྟེང་ནས་མཁན་རིན་པོ་ཆེ་སྨོན་སེམས་དང། ཨག་རྣམས་སྤྲུལ་སྐུ་སོགས་དགེ་འདུན་གྲངས་ཚང་བའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ཉམས་སུ་བཞེས་ཏེ་དུས་ངན་གང་ལ་འཕྲད་ཀྱང་བསླབ་པ་མིག་འབྲས་བཞིན་བསྲུངས་པས་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་གྱུར།
     ལོ་དེར་དཔལ་ཡུལ་དར་ཐང་དགོན་དུ་ཕེབས་ནས་མཁན་རྗེ་དམ་པ་བློ་བཟང་རྡོ་རྗེ་དང་གདོང་ངེའི་མཁན་པོ་གཉིས་ཐུན་མིན་གྱི་བླ་མར་བསྟེན་ནས་སྔོན་འགྲོ།  བློ་སྦྱོང་།   འདུལ་བ།  ཚད་མ།  ཕར་ཕྱིན།  མངོན་པ།  དབུ་མ།   མཛོད་སོགས་ཕྱི་ནང་རིག་པའི་གནས་མཐའ་དག་ལ་སློབ་གཉེར་གནང་བ་མ་ཟད།   ཁྱད་པར་དུ་རྫོགས་པ་ཆེན་པོ་ལ་སློབ་གཉེར་གནང་བས་རིག་པ་སྐུ་གསུམ་གྱི་ཡེ་ཤེས་མངོན་དུ་གྱུར་བར་གསུངས་ཤིང་།  མཆོག་སྤྲུལ་རིན་པོ་ཆེས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་བས་ཁོང་ཉིད་ཀྱི་ཉམས་རྟོག་ཇེ་འཕེལ་དུ་ཕྱིན།
     གནས་ཆེན་རྨ་རྒྱལ་སྦོམ་རར་གངས་སྐོར་དུ་བྱོན་ཏེ་གནས་མཆོག་གོང་ཁར་གྱི་སར་སླེབས་དུས་རྩ་བའི་བླ་མ་ལ་མོས་གུས་བླ་མེད་སྐྱེས་ཏེ་གསོལ་བ་ཤུགས་དྲག་ཏུ་བཏབ་པས་རྫོགས་པ་ཆེན་པོའི་སེམས་ཉིད་མངོན་སུམ་དུ་མཇལ་ཏེ་སྨྲ་བསམ་བརྗོད་མེད་ཀྱི་ཉམས་སྣང་སེམས་ཐམས་ཅད་བླ་མའི་ཐུགས་ཀློང་དང་དབྱེར་མེད་དུ་གྱུར།
     དེ་རྗེས་རང་དགོན་དུ་སླེབས་དུས་མཁན་ཆེན་རྣམ་གཉིས་ཀྱིས་སྤྲུལ་སྐུ་ཁོང་ལ་སྨྲ་བསམ་བརྗོད་མེད་ཀྱི་ཉམས་རྟོགས་འཁྲུངས་པ་མཁྱེན་ཏེ་བསྔགས་བརྗོད་ཀྱི་ཤིས་ཚིག་མང་དུ་འཐོར་བ་མ་ཟད།  མཆོག་སྤྲུལ་རིན་པོ་ཆེའི་གསུང་གི་བཀའ་ལུང་སྤྱི་བོར་བབས་ཏེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ནང་སྒོས་སྔ་འགྱུར་རྙིང་མའི་བསྟན་པ་ལ་མ་འོངས་པར་ཕན་པ་ཆེན་པོ་འབྱུང་ཞེས་མཁན་གྲུབ་གཉིས་ལྡན་གྱི་བདག་པོ་པོད་པ་སྤྲུལ་སྐུའི་མདུན་དུ་བཅར་ཏེ་མདོ་སྔགས་ཀྱི་གནད་འགག་ཐམས་ཅད་ལ་སྒྲོ་འདོགས་བཅད་ན་བསྟན་པ་དང་འགྲོ་བ་ལ་ཕན་པ་རྒྱ་ཆེན་འབྱུང་ཞེས་ལུང་བསྟན་གྱི་དབུགས་དབྱུང་བ་བཞིན་དབུས་གཙང་གི་པོད་པ་སྤྲུལ་སྐུ་རིན་པོ་ཆེའི་ཞབས་རྡུལ་སྤྱི་བོས་བླངས་ཏེ་སྤྲུལ་རིན་པོ་ཆེ་ཉིད་ཀྱིས་གསུངས་པའི་རྟ་གྲུབ་ཤན་འབྱེད་དང་།  མི་ཕམ་དགོངས་རྒྱན་རྣམས་དང་ཁྱད་པར་དུ་སྔ་འགྱུར་རྙིང་མའི་དགོངས་གནད་བཀྲོལ་བས་ངེས་དོན་གྱི་མཁས་པ་ཆེན་པོར་གྱུར་ཞིང་རྡོ་རྗེ་གཡུ་སྒྲོན་མའི་སྒོ་ནས་སྦྲ་བསྒྲུབས་པས་རྟོགས་པའི་སྤྱན་ཟུང་ལ་སྒྲིབ་གཡོག་མེད་པར་གསུངས།
     སྤྱིར་ཁོང་གིས་སྲོག་དང་བསྡུས་ཏེ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་གཅེས་པར་བསྐྱངས་ཏེ་དུས་དབང་གིས་ལོ་སྔ་ཕྱིར་བཅུ་ལ་དོང་འོག་ནས་མཚམས་བསྙེན་སྒྲུབ་ལ་བཞུགས་པས་ཕྱོགས་ཐམས་ཅད་ཀྱི་དད་ལྡན་སློབ་མ་རྣམས་ཀྱིས་ཁོང་གི་ཞབས་རྡུལ་སྤྱི་བོས་མི་མཆོད་པ་གཅིག་ཀྱང་མེད་པའི་ཚད་དུ་གྱུར་བ་འདི་ཉིད་ཡིན་པས་ཁོང་གི་གསང་གསུམ་གྱི་རྣམ་ཐར་མཁའ་ལས་འགོངས་སྟབས་སོ་སྐྱེས་ཕལ་བ་ང་ཚོས་མཐའ་དག་འདི་ཞེས་བརྗོད་པ་ག་ལ་ནུས་ཀྱང་རྣམ་ཐར་མདོར་བསྡུས་རེ་འདིར་བཀོད་ན་རྗེས་འཇུག་སློབ་མའི་ཉམས་ལེན་དུ་གལ་ཆེ་བར་སེམས་པའོ། །
    ཁོང་གི་རྣམ་ཐར་རྒྱས་པ་ཟུར་དུ་པར་འདེབས་བྱས་ཡོད་པ་དང་མ་འོངས་པར་ཡང་པར་འདེབས་བྱེད་རྒྱུ་ཡིན་པས་དེ་ལུགས་ཐུགས་འཇགས་ཡོད་པར་ཞུ། 
                                      ད་དུང་ས་བོན་ཙམ་དུ་བསྒྲིགས་པ་ཡིན་པས་ཞུ་དག་བྱེད་དགོས་པར་མ་ཟད་སྣོན་འཁྲི་གང་རུང་བྱས་ཆོག

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14621416
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号