༄༅། ། ཁར་སང་གིས་ང་རང་དཀྲོག་གིན་འདུག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »༄༅། ། ཁར་སང་གིས་ང་རང་དཀྲོག་གིན་འདུག
༄༅། ། ཁར་སང་གིས་ང་རང་དཀྲོག་གིན་འདུག
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/4ལྟ་ཀློག (1845)རྩོམ་ཁུངས: པར་འདེབ།

                                               གཙང་བ་ཤེར་མྱུག

 ཁར་སང་།ཕ་མེས་ཚོས་ཧུར་ཐག་གིས་རྒྱ་གར་གྱི་གཞུང་ལ་སྦྱངས་ཤིང་།ཕ་མ་ཟུང་རྒྱ་ནག་གི་ལུགས་ལ་མོས་པའི་སྐབས་དེར།ཕུ་བོས་འུ་ཚང་རྗེས་ལུས་རེད་ཟེར་ནས་མགོ་ཡི་སྐྲ་ལོའི་ཁ་དོག་བསྒྱུར་ཅིང་།ཨ་ཅེས་འུ་ཚང་དབུལ་བོ་རེད་ཟེར་ནས་རྡོག་ཁྲེས་ཁུར་ཏེ་གཞན་ཡུལ་འགྲིམས། ནུ་བོས་ཀྱང་འུ་ཚང་ཀླ་ཀློ་རེད་ཟེར་ནས་མ་ཎི་འཁོར་ལོར་རྡོག་ཐོ་བར་མེད་དུ་གཞུས།བར་སྐབས་དེར། ལོ་ངོ་བརྒྱ་ཕྲག་ལ་མེ་ཏོག་གི་པང་དུ་ཉལ་ཞིང་།དུད་པ་ཡི་ཀློང་ན་འཚེར་བའི་ཕྱྭ་གཡང་དང་གཟི་བརྗིད་ཀྱིས་འགྱིང་བའི་སྦྲ་ནག་གྲུ་བཞིའི་མངའ་ཐང་སྟོང་ཞིང་།བདེན་དོན་དང་ཞི་བ་ཡིས་ཕྱུག་པའི་འུ་ཚང་གི་བཅུད་ཀྱི་མར་ལོ་སེར་བོ་དེ།ལྔ་ཟུང་ཅིག་པའི་ཕུག་རོན་དཀར་མོའི་ཁྱུ་ཚོགས་ཀྱང་གནམ་ས་འདྲེས་འཚམས་ན་འདར་སིག་སིག  ད་དུང་།གངས་དཀར་པོའི་ཁ་དོག་དང་སྐུ་གཟུགས་སྟོད་ནས་ཉིལ་ཞིང་།ཆུ་གཙང་བོའི་བཞུར་རྒྱུན་དང་རླབས་སྒྲ་སྨད་ནས་ཆད།དོན་འགྲུབ་པའི་དུང་མདོག་གི་རྒྱུ་སྐར་རྒྱལ་བོས་རྒྱང་ལམ་འཐེན་ཞིང་།བཀྲ་ཤིས་པའི་གསེར་མདོག་གི་རྟ་བདུན་དབང་བོ་ནུབ་རིར་བཞུད།དགེ་བ་ཁྲི་ཕྲག་གིས་འཚེར་བའི་སྐར་ཚོགས་ཀྱི་འདུས་སྡེ་ཡང་གྲང་འདར་རྐྱང་རྐྱང་གིས་འཚོ། ཨ.......བདག་གི་དཀོན་མཆོག་གསུམ་པོ།ང་ཕ་ཁྱིམ་སྟོང་བའི་བརྒྱུད་རིམ་ལ་སྐྲག་གི    ང་ཕ་ནོར་དབུལ་བའི་གོད་ཆག་ལ་སྐྲག་གི   བདག་ལ་ཨ་ཕའི་བློ་རྒྱ་ལྟ་བུའི་ཕ་ཁྱིམ་ཞིག་གནང་རོགས། བདག་ལ་ཨ་མའི་རུམ་ཁོང་ལྟ་བུའི་འཇིག་རྟེན་ཞིག་གནང་རོགས། ངས་རྡོ་ཕ་བོང་གི་རང་གཤིས་དེ་དང་དུ་བླངས་ནས། བློ་ཐག་རྦད་ཆོད་ཀྱིས་དཔའ་སྤོབས་གཙང་བཅད་ཀྱིས། འཚོ་ཐག་ཆོད་ཡིན།

     རུས་པ་གངས་ལ་ཟུག་པའི་ཆགས་སྡང་ཞིག་ཡོད་ན། ཁྲག་རྒྱུན་གངས་ལ་འབྲེལ་བའི་འདུ་ཤེས་ཤིག་ཡོད་ན། ང་ཚོ་སད་རན་རེད།སྤུན་ཟླ་ཚོ།མིའི་རིགས་ནི་མ་གཞི་ནས་སྨྱོན་པའི་ཁྱུ་ཚོགས་ཤིག་ཡིན་ཡང་།སྐབས་འདིར།འུ་ཚང་ལ་ཕ་མ་ཤི་རུང་སྨྱོ་རྟགས་ཀྱི་མིག་ཆུ་ཙམ་ཡང་འབྱིན་མཁན་མེད་པ་འདི་ཅི་རེད།མཆོད་ཁྲི་འགྱེལ་ཡང་སྨྱོ་རྟགས་ཀྱི་ལག་ཟུང་བསྲིང་མཁན་ཙམ་ཡང་མེད་པ་འདི་ཅི་རེད།མ་མཐའ་ཡང་།ངས་ཁྱོད་ཚོར་རེ་བ་ཆེན་པོ་ཞིག་བཅིངས་ཡོད།འུ་ཚང་གི་མིང་སྲིང་ཚོ།རང་ངོ་རང་གིས་ཟིན་པའི།རང་དོན་རང་གིས་འཁྱོངས་པའི།ལྷག་པར་དུ་རང་ཚུགས་ཁྱད་དུ་འཕགས་པའི་གླེན་པའི་ཁྱུ་ཚོགས་དེ་ཡིན་པར་སྨོན།སློག་པ་དང་རྩམ་པར་དུངས་པའི་གླེན་པའི་ཁྱུ་ཚོགས་དེ་ཡིན་པར་སྨོན། སང་ཉིན་ལ་ཕྱོགས་ནས་སྐྱོད་བཞིན་པའི་གླེན་པའི་དཔུང་ཁག་དེ་ཡིན་པར་སྨོན།

      ཁར་སང་། ངས་འུ་ཚང་ལ་བལྟས་ནས་དྲན་པ་ཤོར་ཞིང་།མདང་དགོང་ཡང་ངས་འུ་ཚང་བསམ་ནས་རྨི་ལམ་འཁྲུགས། དེ་རིང་། ངས་གནོན་ཤུགས་སྒུལ་ཤུགས་སུ་བསྒྱུར་ནས་འགུལ་སྐྱོད་བྱེད་བཞིན་ཡོད། ན་ཟུག་སྙིང་རུས་སུ་སྒོམ་ནས་འགུལ་སྐྱོད་བྱེད་བཞིན་ཡོད།ངས་འགུལ་སྐྱོད་བྱེད་བཞིན་ཡོད། རྨོ་བོས་རྣ་བ་ཀྲོང་ཀྲོང་གིས་ང་ལ་ཉན་ཡོད་པ་ངས་ཤེས་ཡོད།ནུ་མོས་མིག་ཟུང་རིག་རིག་གིས་ང་ལ་བལྟས་ཡོད་པ་ངས་རྟོགས་ཡོད། དེ་བས། སང་ཉིན་ཡང་ང་གནམ་ལ་འདྲེས་མཚམས་ཀྱི་ཧྲག་བར་ནས་ཀེ་རེར་འགྲེངས་ཏེ། ཁམས་གསུམ་སྒུལ་བའི་ཀི་རིང་ཞིག་འདེབ་སྲིད་ཅིང་། སྟོང་ཉིད་དང་འདྲ་བའི་འཇིག་རྟེན་གྱི་མགོ་མཇུག་བར་གསུམ་ལ་སྔོག་བཤེར་ཐེངས་ཤིག་ཀྱང་བརྒྱག་རྩིས་ཡོད། ད་དུང་། དགུ་ཚིགས་ལས་རིང་བའི་བསམ་ཕྱོགས་ཤིག་ཀྱང་གླེང་རྒྱུ་ཡིན། འདི་དག་ནི་དུས་རབས་ཀྱིས་ང་ལ་སྦྱིན་པའི་རྒྱགས་བྲོ་ཡིན་ལ། ངས་སང་ཉིན་ལ་འཁྱེར་དགོས་པའི་རྫོངས་པ་ཞིག་ཀྱང་ཡིན་ཞིང་། ཁར་སང་གིས་ང་རང་དཀྲོལ་བའི་ཅོང་ཆེན་རེད་ལ།ངས་ཕ་ཁྱིམ་དཀྲོལ་བའི་འོ་དོད་ཡང་ཡིན།

    ང་། ཕ་ལོའི་ལུག་ཁྱུ་སྲུང་བའི་དུངས་པ་ཡིན་པར་སྨོན། ང་། མ་ལོའི་བཞོ་ཟེའུ་འདེགས་པའི་ལོ་ཟླ་ཡིན་པར་སྨོན། ང་། རིགས་ཀྱི་རྣམ་ཤེས་འཁུར་བའི་འཁུན་སྒྲ་ཡིན་པར་སྨོན། ང་། ཆོལ་གསུམ་བོད་མའི་རྐང་ཟུང་སྤོ་སའི་ས་གཞི་ཡིན་པར་སྨོན།

                                                ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85xb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41983627
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1