༄༅། ། དབྱངས་གསལ་སོ་བཞིའི་འོ་དོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། » ༄༅། ། དབྱངས་གསལ་སོ་བཞིའི་འོ་དོད།
༄༅། ། དབྱངས་གསལ་སོ་བཞིའི་འོ་དོད།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/4ལྟ་ཀློག (1838)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                               བློ་བཀྲ།

     ཁ་བ་དང་བུ་ཡུག   ཁ་བ་དང་བུ་ཡུག་གི་བརྗོད་བྱར་གྱུར་བའི་རི་ཆུ་སྟོང་ཕྲག་ཅིག  སའི་གོ་ལའི་སྟེང་ན་གཉོམ་དུང་དུང་གི་འདར་ཞིང་། གནམ་སའི་ཧྲག་བར་ནས་ཅེར་བའི་མིག་ཟུང་སྐྱ་བོ་ཞིག  འདི་ལྟར་དུར་ཁྲོད་ཀྱི་བྱ་གླག་ཇི་བཞིན།­        

          __གླེང་སློང་བ།

     ཨ་ཕས་བཤད་ན། ངའི་ཕ་ཡུལ་ནི་གནམ་སྔོན་པོ་ཞྭ་རུ་གྱོན་པའི་སྲིད་པ་སྨ་ར་ཅན་ཚང་གི་ཡིན་ཟེར་ལ། ཨ་མས་ལབ་ན། ངའི་ཕ་ཡུལ་ནི་ས་ཆེན་པོ་ལྷམ་དུ་གྱོན་པའི་གནའ་མྱི་རལ་བ་ཅན་ཚང་གི་ཡང་ཡིན་ཟེར། དེ་ན་བདག་གི་ནམ་མཁའ་དང་བར་སྣང་མ་བོར་བའི་དུས་ནམ་ཞིག་ལ། བདག་གི་ཕ་ཡུལ་ཁྱེད་ནི། ལྷ་ཆེན་ཚངས་པ་དཀར་བོའི་གསེར་གྱི་རིལ་བུ་ཆ་གཅིག་དང་ཨ་ནེ་གོང་སྨན་རྒྱལ་མོའི་དངུལ་གྱི་བླ་གཡུ་རྡོག་གཅིག་ཀྱང་ཅི་ལ་མིན། དེ་དུས་ཕ་ཡུལ་ཁྱེད་ནི་མཁུར་མཚོས་དམར་བོ་ཅན་གྱི་བུ་མོ་སྙིང་སྡུག་ཅིག་དང་འདྲ་བར། ངའི་ཤ་རུས་པའི་གསེང་དང་མིག་ཟུང་གི་མཐའ་ནས་ཡང་ཡང་སྒུལ་མྱངས།ཕ་ཡུལ། ངའི་རེ་སྨོན་དང་ཡིད་ཆེས་ཀྱིས་བསྒྲོན་པའི་མར་མེ་སྣུམ་པོ། ཁྱེད་ནི་ངའི་རྟག་བརྟན་གྱི་རྒྱབ་རི་ཡིན་ནོ། །

ཡིན་ནའང་། ལོ་ཟླ་གང་མང་ཞིག་འགོར་བའི་དེ་རིང་། བདག་གིས་དྲན་གདུང་གི་འགྲམ་པ་བསམ་གཞིག་གིས་སྐྱོར་ནས། སྙིང་ཉེ་བའི་ཁྱེད་ཀྱི་ཞལ་ངོ་ལ་ལག་པས་རེག་བཞིན་ཡོད། རྟ་མཆོག་གི་རྨིག་སྒྲས་ས་ཆེན་གྱི་སྒལ་བ་བརྡུངས་པའི་ཕྱིར་དྲན་ཞིག་ལ་མིག་ཆུ་འདོན་བཞིན་ཡོད། ཨེ་བདེན་ནམ། དཀོམ་མཆོག་མཁྱེན། ཚུལ་འཆོས་དང་རྫུ་བག་གིས་གནམ་ས་སྐྱོམས་པའི་དུས་རབས་འདིའི་ཐུ་འོག་ནས། རྒྱུ་འབྲས་དང་བདེན་དོན་གྱི་ཁ་མདོག་བོར་བའི་ས་ཆེན་འདིའི་བྲང་ཁ་ནས། བདག་གི་མེ་ཏོག་དང་སྤྲིན་དཀར་ལྟ་བུའི་ཕ་ཡུལ་དེ་གང་དུ་བཞུད་སོང་། པོ་ཏ་ལའི་རྔམ་བརྗིད་དང་རུས་རྐང་འཁུར་མྱོང་བའི་སྐྱེས་ཆེན་སྟག་འདྲ་བ་ཚོ། ཡུམ་བུ་བརླ་མཁར་གྱི་རང་ཚུགས་དང་བརྟན་བརླིང་ཐོགས་མྱོང་བའི་དཔའ་བོ་འབྲོང་འདྲ་བ་ཚོ། རེ་རེ་བཞིན་འཇིག་རྟེན་འདིའི་མཛེས་སྡུག་དང་ཁ་དོག་བསྐྱུར་ཏེ་བུད་སོང་། འོ་དྲི་མ་བོར་བའི་རྩྭ་ཐང་འདིའི་སྐྱ་རེངས་ཤིག་ལ་ལག་པ་སྲིང་བཞིན་བུད་སོང་།

འདི་ལྟར་འཁྱག་སིབ་སིབ་ཀྱི་ཚོར་བ་སྐྱུར་བོ་ཞིག་གིས་ང་རང་ཡོངས་སུ་བསྡམས་ནས། ཡ་ང་བའི་ཁྱེད་ཀྱི་གཏམ་རྒྱུད་དང་ལྷ་སྒྲུང་ལ་སྔོག་བཤེར་བྱེད་ཀྱིན་ཡོད། ཤོར་ཟིན་པའི་ལོ་ཟླ་དང་དམར་ནག་གི་ངོ་གདོང་རེ་རེར་ཚང་རྩིས་རྒྱག་གི་ཡོད། ཨོ་ཧོ་ཧོ། མགོ་ཐོག་གི་གནམ་བརྡིབས་ཤིང་རྐང་འོག་གི་ས་བརྡིབས་པའི་བདག་གི་ཕ་ཡུལ་ལ། རྨོངས་མུན་དང་རྗེས་ལུས། རྙིང་ཞེན་དང་མཁྲེགས་འཛིན་གྱི་བམ་ཁ་མཐུག་པའི་ཁྱེད་ཀྱི་དེ་རིང་། བདག་གིས་རང་ཉིད་ཀྱི་སྙུ་གུ་ཤ་ཁྲག་ལ་བསྡེབས་ནས། དབྱངས་གསལ་སོ་བཞིའི་འོ་དོད་ཀྱིས་ཁྱེད་ཀྱི་བྲང་ཁོག་ལ་སྤོབས་པ་བརྡར་ན་འདོད། ནམ་ཡང་།

                                           ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a70e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41982714
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1