བོར་ཟིན་པའི་བརྩེ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ཁཱ་ཤེས་རབ་རྒྱ་མཚོ། »བོར་ཟིན་པའི་བརྩེ་བ།
བོར་ཟིན་པའི་བརྩེ་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/8/8ལྟ་ཀློག (4915)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  

མདོ་སྨད་པ་ཟླ་གྲགས།  རྨ་ལྷོ།

ཐོག་ཐག་མི་ཚེ་ཡི་འཁོར་ལོ་མགྱོགས་པོས།།

བདག་གི་བརྩེ་དུང་གི་ལྷ་ཆེན་ཚངས་དབང་།།

མི་མངོན་ཕྱི་མ་རུ་བཙན་གྱིས་ཁྲིད་པར།།

དྲན་པའི་བཅད་རྩོམ་གྱི་ཚོམ་བུ་དབེན་མེད།།

 

མ་དབང་ཡབ་ཆེན་གྱི་བརྩེ་བར་དཔག་ནས།།

ཤུལ་ལུས་བུ་ཆུང་ངའི་སྡུག་བསྔལ་ཐེར་འབུམ།།

སྙུག་གུ་ནག་པོ་འདིའི་གར་དུ་འཁྱུག་བཞིན།།

དེ་རིང་མི་ཡུལ་ལ་བང་གིས་བསྐྱོད་ཡོད།།

 

བརྩེ་བའི་མིག་ཀོང་གི་དབང་ཤེས་ཅེར་ནས།།

སྟོང་འཇགས་སྒེག་མོ་ཡི་སྤྱན་ཟུང་ངོས་ལ།།

དར་དཀར་ཚེ་སྲོག་གི་ཆུ་ཐིགས་འཛག་པ།།

ལྷ་བསང་དམར་བོ་དེའི་དབྱིངས་ལ་ནུབ་འདྲ།།

 

ལོ་ཟླའི་སྐྱོ་གར་གྱི་བསམ་གཞིགས་རྫོགས་མེད།།

མདངས་དཀར་ཤོག་བུ་ཡི་ངོས་སུ་བྲིས་ནས།།

དྲན་ཆེན་ཕ་ལོ་ཡི་ཕྱོགས་སུ་བསྐུར་ཡང་།།

ཨ་ལན་གནད་མ་ཞིག་སྟོང་བའི་དབྱིངས་རེད།།

 

ཉི་ཟླ་སྐར་གསུམ་གྱི་འོད་ཞགས་བར་ནས།།

བརྩེ་བའི་ལྷ་ཆེན་གྱི་སྨྲེང་སེམས་བན་བུན།།

ཚོར་བའི་གསང་ལམ་ལ་དལ་གྱིས་ཟུག་དུས།།

ཁོ་བོའི་ཨུ་ཤུ་དེ་གཙང་བོར་འདྲེས་ཡོད།།

 

འཚང་ག་ཤིག་ཤིག་གིས་གཉེན་ཉེ་མང་བོས།།

གདུང་ཚོར་མཚན་རླུང་གི་མགྲོན་དུ་སྤར་ནས།།

མྱི་སེམས་དག་མ་ཡིས་མཆོད་པ་བྱས་ཏེ།།

བོར་ཟིན་བརྩེ་བ་ཡི་ཁ་དོག་དྲན་གདའ།།

 

ཀུ་ཤུའི་རོ་མངར་ལྟར་ཤིན་ཏུ་ཞིམ་པའི།།

བརྩེ་བའི་ཡབ་ཆེན་གྱི་མིག་ཟུང་ཆ་གཉིས།།

ཟླ་གམ་གོང་བར་ནས་གཞན་ལ་ལྟ་དུས།།

བདག་ཡིད་གཟུར་གནས་ཀྱི་དྲན་པ་འགོག་མེད།།

 

སུན་སྣང་དགུན་ཟླ་ཡི་གྲང་འཁྱགས་ཧྲག་ནས།།

བརྩེ་བའི་རིལ་བུ་དེ་ཧུབ་ཀྱིས་འཐུང་འདོད།།

སྣང་ངེས་དྲན་འཛིན་གྱི་ཚོར་བ་རྩེན་དུས།།

སྟོང་སྣང་རྨི་ལམ་གྱི་དམིགས་པ་འཁྲུལ་འདུག།

 

དྭངས་བསིལ་ཞོགས་པ་ཡི་ཉི་འོད་འཇམ་ཡང་།།

བཞུད་ཟིན་ཡབ་ཆེན་གྱི་སྙིང་དྲོད་བསམ་ན།།

གཅེས་ཕྲུག་རིག་མིང་བའི་ཚོར་བ་རྣོན་པོ།།

དགུ་ཆུའི་འགྲམ་རོལ་ནས་གྲང་བ་གྲངས་མེད།།

                                                      ༢༠༡༤ ༦ ༡༧ ཉིན་དལ་འབྲི་བྱས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 21 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/3/13
དེང་རབས་བཅད་རྩོམ་པ་གྲགས་ཅན་ཁྱེད་ལ་རེ་བ་ཡོད།
 སྤེལ་མཁན:  སྤེལ་དུས:2013/8/17
བཅད་རྩོམ་པ་བཞིའི་ཡ་གྱལ་མདོ་སྨད་པ་ཟླ་གྲགས་ཀྱང་འགྲན་བསྡུར་ལ་ཞུགས་པར་དགའ་ཡོད། ངོ་མ་སྙན་གི
 སྤེལ་མཁན:  སྤེལ་དུས:2013/8/12
རྩོམ་ཡིག་འདི་ལ་སྙན་ཆ་མོད་པོ་གདའ། རྗེས་ནས་དགའ་རྟགས་ཐོབ་རྗེས་ང་ལ་བརྡ་ཞིག རྩོམ་གྲོགས་སྟོང་ཉིད་པས །
 སྤེལ་མཁན:  སྤེལ་དུས:2013/8/10
ཁྱེད་ཀྱི་བཅད་རྩོམ་ནི་ངོ་མ་ཡག་པོ་རེད། གནས་ལུགས་དང་དྲང་བདེན་ནི་ནམ་ཡང་བདེན་པ་ཡིན། དེ་བས་ཁྱེད་ལ་རེ་བ་ཡོད ། མདོ་སྟོད་པ་དགེ་འདུན་ཆོས་དབྱངས་ཀྱིས།
 སྤེལ་མཁན:  སྤེལ་དུས:2013/8/10
ངས་བསམ་ན་མི་འདི་ལ་དག་གི་ཕྲག་དོག་གི་མནར་ནས་འདུག་གི་འདོད་སོང་། བཅད་རྩོམ་ངོ་མ་ཡག་གི ཐེངས་འདིར་ཁྱེད་ལ་རེ་བ་ཆེ་པོ་ཡོད། མོག་ཟླ་ཟེར་བའི་རྩོམ་པ་པོ་རྒན་པ་དེ་བས།
 སྤེལ་མཁན:  སྤེལ་དུས:2013/8/10
ཡིག་ནོར་དང་ཚིག་སྐྱོན་ཉུང་ཉུང་རེད།དེ་བས་འབྲིང་དུའང་འགྲོ་དཀའ། མགར་སྟག་ལྷས།
 སྤེལ་མཁན:  སྤེལ་དུས:2013/8/10
རྩོམ་ཡིག་འདིའི་ལུས་ལ་དངོས་བཤེར་ཞིག་བྱས་ཀྱང་ཚིག་གི་སྡེབ་ཆ་ནས་བཙན་སྒྲིག་རང་བཞིན་གྱི་ཁོངས་སུ་གཏོགས་ནའང་དཔྱད་གཏམ་སྤེལ་བ་མང་བོ་ཡོད་པས་དེ་དག་གིས་ཀྱང་ཕལ་ཆེར་བཅད་རྩོམ་གྱི་ལུས་ལ་རོ་མྱོང་བྱེད་ཤེས་ཀྱིན་མེད་པ་རེད
 སྤེལ་མཁན:  སྤེལ་དུས:2013/8/10
ཕྱོགས་སུ་ལྷུང་བའི་འགྲན་བསྡུར་ཞིག་ཡིན་ན། ཁྱེད་ནི་བཀོད་ཟིན་པའི་རྩོམ་ཡིག་འདི་དག་ལས་ཨང་དང་བོ་རེད། མགར་ཚག་ཚག་གིས།
 སྤེལ་མཁན:  སྤེལ་དུས:2013/8/10
དགོངས་དག་ཞུ་ངས་བསམ་ན་དེ་འདྲ་ཡག་པོ་ཞིག་མ་རེད། གྲོགས་ཆ་ཡོད་ཁ་ངན་གྱིས། ཧུ་ཧུ་ཧུ
 སྤེལ་མཁན:  སྤེལ་དུས:2013/8/10
ཚིག་སྦྱོར་དང་ཐ་སྙད་སོགས་གང་གི་ཕྱོགས་ནས་ངོ་མ་ལེགས་པོ་རེད། རེ་བ་ཡོད་བུ་རྒོད་པོ། རེབ་གོང་བས། ངའི་ཁ་པར། ༡༥༨༠༩༧༣༤༣༨༨ཡིན།
  པར་ངོས 1/3 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
41354373
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1