འཆར་སྒོའི་འཁུན་སྒྲ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ཁཱ་ཤེས་རབ་རྒྱ་མཚོ། »འཆར་སྒོའི་འཁུན་སྒྲ།
འཆར་སྒོའི་འཁུན་སྒྲ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/8/12ལྟ་ཀློག (1925)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                        ཀིརྟིའི་ནང་བསམ།
མ་ཟས་གཙང་མའི་རྩམ་དྲི་མ་བསྣོམས་པར།།
རི་སྤྱང་ལྟ་བུར་རློན་ཤ་ཟ་བཞིན་དུ།།
གདུང་རྒྱུད་དག་མར་ནག་ཐིག་ཕབ་མཁན་དེས།།
འཆར་སྒོའི་ཡིད་ལ་བདེ་བ་ཇི་ལྟར་སྟེར།།

ཡངས་པའི་སྤང་ཐང་འཕྲུལ་ཆས་རྩལ་གྱིས་བཅོམ།།
དྭངས་གཙང་གངས་ཆུ་བསིལ་མའི་བཞུར་རྒྱུན་བཅད།།
འཛིན་མའི་གཅེས་ནོར་རི་དྭགས་སྲོག་ཆག་བསད།།
གནས་སྡོད་བུ་ལོའི་སེམས་གཤིས་ཅི་ལ་བདེ།། 

མཐུན་ལམ་སེམས་ཀྱི་མེ་ཏོག་བ་མོས་བཅོམ།།
མཐུན་སྒྲིལ་གསེར་ཟམ་ཡངས་པོ་དགྲ་སྟས་བཅད།།
མཐུན་པའི་བརྩེ་ཞེན་བུ་མོ་སྒོར་གྱིས་བསླུས།།
མཐུན་སེམས་དུང་བའི་བུ་ལོ་ཅི་ལ་བདེ།།

མཁས་མཁས་ཡང་རྩེར་སོང་ཡང་ཁྲིམས་ཀྱིས་མནར།།
བཙུན་བཙུན་ཚུལ་ལྡན་དག་ཀྱང་གཡོ་རྒྱུས་བསླད།།
བཟང་བཟང་མཛད་འཕྲིན་ཅན་ཡང་འོག་ཏུ་བཅུག།
དེའི་ཕྱིར་བློ་ལྡན་མིག་ཟུང་ཅི་ལ་བདེ།། 

ཕ་ལོའི་བུ་ཆུང་སུག་བཞིའི་རྗེས་ལ་སྙེགས།། 
མ་ལོའི་གཅེས་མ་ལྷས་རའི་འདབས་ན་ལུས།། 
བོད་མིའི་སྐད་ཡིག་ཕྲ་ནས་ཕྲ་རུ་སོང་།། 
ལྗོངས་འདིར་སྐྱ་རེངས་གསར་བ་ཇི་ལྟར་བྱུང་།།  

བདེན་པའི་རང་མདངས་ཉི་ལྟར་གསལ་བར་ཤོག།
ཨ་ཕའི་ཀི་སྒྲས་རི་ལུང་འགེང་བར་ཤོག། 
ཨ་མའི་བཞོ་དབྱངས་མི་ཡུལ་གྱེར་བར་ཤོག། 
བུ་ལོའི་མདུན་ལམ་ཤེས་བྱར་བརྩོན་པར་ཤོག། 

བསླད་མེད་དྲང་བདེན་ཡངས་པོའི་མདུན་ལམ་དུ།།
ཨ་མའི་བུ་ལོས་རྒྱུ་ཕྱོགས་མི་ནོར་བར།། 
སྐྲ་ལོ་རླུང་ཟད་མགོ་རུས་མ་འཐོར་བར།། 
ཞུམ་མེད་སྙིང་གི་གནས་ལུགས་གླེང་ན་བསམ།། 

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/8/14
སྙན་པོ་ན་རེད. གནས་ཀྱང་འདུག.
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41644694
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1