༄༅། ། བདག་གི་གླུ་གཞས། གང་བྱུང་ཀཱ་ལིའི་གླུ་སྒྲ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། » ༄༅། ། བདག་གི་གླུ་གཞས། གང་བྱུང་ཀཱ་ལིའི་གླུ་སྒྲ།
༄༅། ། བདག་གི་གླུ་གཞས། གང་བྱུང་ཀཱ་ལིའི་གླུ་སྒྲ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/14ལྟ་ཀློག (2019)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                           རྨ་ཁེར་ཉལ།                                                     

ཀྭ༵་ཡེ་ཁ་དོག་དང་ཁ་ཞེ་མཐུན་པོ་ཚོ། ཁ༵་ནས་ལུད་པ་འདི་སྙིང་ཁྲག་གི་ཟེགས་མ་ཡིན། ག༵་དུས་བོས་ཡང་ཁྱེད་རང་ཚོ་མྱུར་དུ་འབྱོན་པར་ཞུ། ང༵་རང་དུས་ཚོད་ཀྱི་སྒུག་གི་མི་འདུག ཅ༵་དག་དང་དགྱེས་སྤྲོས་བྱེད་ཁོམ་མི་འདུག ཆ༵་རྐྱེན་དང་ཆ་རྐྱེན་བསྡུར་ཡོང་དུས། ཇ༵་ཆང་ལ་རོལ་ནས་གནམ་དུ་ཁ་གདངས་མཁན་ཚོ། ཉ༵་རྒྱ་རུ་ཚུད་པའི་སེམས་ཅན་ཁྱུ་གཅིག་ཏུ་འདོད་དོ། །

ཏཱ༵་ཡང་ལ་ཁྱེད་ཚོ་ཐུགས་མི་དགྱེས་པར་སྨོན། ཐ༵་གུ་ཆད་པོའི་སྐེད་རེག་འདི་ལས་བདག་ལ་མེད། ད༵་ཕན་ཕ་མའི་གཟིགས་སྐྱོང་འོག་ལབ་བརྒྱབ་པ་ཡིན། ཕ་མ་དང་ཉམ་ཆུང་བའི་ཕྲུ་གུ་ཀུན་ང་ཚོའི་འདོར་ག་ལ་རུང་། པ༵་པིར་གྱི་གཏམ་འཆད་ཀྱིན་འདུག་མ་ཟེར། ཕ༵་དམ་པའི་གདན་ཐོབ་དེ་མཐོང་གིན་པས་ན། བ༵་གམ་ལ་བདག་བྱེད་རྒྱུ་དེ། མ༵་དྲིན་ཆེན་དེའི་གསོས་པའི་དགོས་ཆེད། ཙ༵་ན་ཀ་ལས་ཆུང་བའི་བདག་གི་སེམས་ཤུགས་འདིས་ཁྱེད་ཚོའི་བཞད་སྒྲ་ལ་ཉན་དུས། ཚ༵་བེ་བེར་གྱི་ཚོར་སྣང་ཞིག་གི་བདག་ཀུན་ནས་བཙིར་ཡོང་། ཛ༵་ཛོར་མང་བའི་དེ་རིང་གི་བགྲོད་ལམ་འདི་ལན་ནམ། ཝ༵་ཕྲུག་ལས་གླེན་ཞིང་རྨོངས་པའི་བདག་སེམས་འདི་ལན། ཞྭ༵་མདོག་དེ་རྩོད་པ་ལས་སེམས་མདོག་འདི་རྩོད་རྒྱུ་ན། ཟ༵་རིན་དེ་སྤྲོད་དགོས་མིན། འ༵་འུར་གྱི་སྒྲ་མ་འདུས་པར། ཡ༵་ལན་འཕྲོད་ངེས་སམ། རྭ༵་མ་དང་བུ་མོ་སྐྱིད་སའི་མི་འདུག་ཟེར་བ། ལ༵་མང་བརྒལ་མ་མྱོང་བའི་གཏམ་གྱི་ལྷག་མ་ཞིག་མིན་ན། ཤ༵་དམར་པོ་ལ་དྲོད་མེད་པར་སེམས་བྱུང་ལ། ས༵་འབུ་ནག་རིང་བཞིན་དབང་བོ་མི་ཚང་བའི་སེམས་ཅན་ཞིག་ཏུའང་འདོད། ཧ༵་གོ་ཁུལ་གྱི་སྐད་ཆ་འདི་དག་བཤད་རྗེས། ཨ་ནུ་ལ་ཕྱག་འཚལ་རྒྱུ་བརྗེད་འདུག་པ་དྲན་བྱུང་།                                           

                             2011-1-21

༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96yc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41985454
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1