མགར་རྩེ་ཚོ་བ་བཅོ་བརྒྱད་བཤད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 6 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་གྱི་བྱུང་བ་སྣ་ཚོགས། »མགར་རྩེ་ཚོ་བ་བཅོ་བརྒྱད་བཤད་པ།
མགར་རྩེ་ཚོ་བ་བཅོ་བརྒྱད་བཤད་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/8/15ལྟ་ཀློག (9177)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།མགར་གྱི་གདུང་རྒྱུད་མདོ་སྨད་དུ་བྱུང་བ།

      དེ་ཡང་འགར་རམ་མགར་གྱི་གྱི་གདུང་རྒྱུད་ཐོག་མ་ནི།  འགར་ཀེ་འགོར་གསུམ།  གསུང་གསེར་འབྲོམ་གསུམ།  ཤོལ་སྟག་འཕྱང་གསུམ།  ཅི་འབུ་བཞག་གསུམ།  གཅེ་སིང་རམ་གསུམ།  ཕྱུག་པོ་འུ་གསུམ་སྟེ་རྡུ་ཆེན་རྒྱལ་མོ་ཚོ་བཅོ་བརྒྱད་དུ་གྲགས་པའི་འགར་རིགས་དཔོན་ཡེ་ཤེས་འབྱུང་གནས་ཞེས་པའི་གདུང་རྒྱུད།  ཕྱི་མའི་ཕྱི་མ་ཞིག་ལ་མགར་སྟོང་བཙན་ཡུལ་སྲུང་བྱ་བ་འཁྲུངས།  ཁོང་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་གྱི་ཡ་གྱལ་བློ་རིག་རྣོ་བ་གངས་ཅན་པའི་ཚད་མར་འཇོག་པ་དེ་ཡིན། བློན་ཆེན་མགར་སྟོང་བཙན་ནི་དུས་དང་རྣམ་པ་ཀུན་ཏུ་འབངས་མི་སེར་གྱི་སྐྱིད་སྡུག་ལ་ཐུགས་ཁུར་མཛད་པ་དང་། རྒྱ་དཀར་ནག་དང་བལ་ཡུལ་སོགས་ཀྱི་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་ཚུགས་པ། བལ་བཟའ་དང་རྒྱ་བཟའ་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཐུགས་ཁུལ་དང་མཛད་རྗེས་བླ་མེད་བཞག་མྱོང་བ་སྨོས་ཅི་དགོས།   མགར་སྟོན་དམ་པ་ཆོས་སྡིངས་མདོ་སྨད་རེབ་གོང་དུ་ཕེབས་ནས་གཞི་ཆགས་པའི་གདུང་རྒྱུད་དེ་ནས་འཕེལ་བའི་རིགས་ཕྱོགས་གསུམ་དུ་གྱེས་བར་བཤད།  དེ་ནི་མགར་རྩེ་མཐིལ།  མགར་རྩེ་གྱ་ས་དང་།  མགར་རྩེ་ཝོ་བུ་ཐུ་བཅས་ཡིན།
ཕྱི་མ་ལས་རྨ་ཡུལ་མགར་རྩེའམ་མགར་རྩེ་གོང་མ་མཆེད་པར་ཡོངས་སུ་གྲགས། དེ་ལ་ཚོ་སྟིང་བཅོ་བརྒྱད་ཡོད་པར་བཤད།  ཟི་ལིང་མཱ་ཇག་གིས་གཏོར་བཅོམ་ཚད་མེད་ཐེབས།  བར་སྐབས་སྡེ་འཁྱར་མང་ཙམ་སོང་།  མགར་སྟོན་དམ་པ་ཆོས་སྡིངས་ཞེས་པ་མགར་གྱི་གདུང་རྒྱུད་ངོ་མ་དང་།  ཆོས་སྡོངས་ཞེས་པ་ཆོས་གོས་ཉི་ཐིག་གི་སྡོངས་སུ་འཕངས་པའི་ཆོས་སྡོངས་ཟེར་བར་བཤད།  ཁོང་ནི་ཕྱི་ནང་གསང་གསུམ་གྱི་གྲུབ་པར་མངའ་མཉེས་པའི་རིགས་པ་འཛིན་པ་ཞིག་ཡིན།  ཁོང་གི་གཅུང་ཨ་བུར་དང་མགར་ཐེ་བུར་སྟོང་བཙན་གཉིས་ལ་ཆུང་མ་རེ་བླངས་པར་མི་རྒྱུད་མང་པོ་བྱུང་།  མགར་ཨ་བུར་སྲས་གསུམ་བྱུང་བའི་ཆེ་བ་ཨ་ལོ་དང་།  འབྲིང་བ་མགར་རྩེ་པདྨ་འབུམ།  ཆུང་བ་བློ་གྲོས་ཚེ་རིང་བཅས་ཡིན།  ཆེ་བ་ཨ་ལོ་ལ་སྲས་ལྔ་བྱུང་།  བུ་ལྔའི་ཆེ་བ་མགར་མཁྱེན་རབ་བླ་མ་ཞེས་པ་རྫུ་འཕྲུལ་ལ་མངའ་མཉེས་པ་ཞིག་ཡོད་པ་ཁོང་གིས་ལྷ་དང་ལྷ་མ་ཡིན་མང་པོ་རྣམ་དཀར་གྱི་སར་བཀོད་ཅིང་།  རྐུ་ཇག་གི་ལས་བྱེད་མཁན་དུ་མ་ཆོས་ལ་བཀོད་ནས་ཕྱིན་ཆད་སྡོམ་པར་ཁས་བླངས་དམ་བཅས།  དེ་ནས་བཟུང་སྡེ་དེའི་མིང་ཨ་རིག་གཙང་མའམ་གཙང་སྡེ་ཞེས་མིང་ཐོགས།   དེའི་བུ་གཉིས་པ་མགར་རྡོ་རྗེ་ཐར་ཞེས་རིགས་འཛིན་པ་ཁོང་ལ་ལྕམ་སྲིང་གཉིས་འཁྲུངས་པའི་མཚན་ཟུར་ལས་མགར་ཚེ་ཞེས་པ་དང་།  རིམ་པས་མགར་ཚེའི་མིང་འགྱུར་ནས་མགར་རྩེ་ཞེས་འབོད་པར་གྲགས།   སྲས་གསུམ་པ་མགར་ཡིད་བཞིན་རྒྱ་མཚོ་སྔགས་པ་བརྟུལ་ཞུགས་འཛིན་པ་ཞིག་དང་།   སྲས་བཞི་པ་མགར་ཚུལ་ཁྲིམས་ནོར་བུ་དབུས་སུ་དགེ་བཤེས་མཁས་པའི་མཚན་བཞེས་པ་ཞིག་དང་།   སྲས་ལྔ་པ་སྤྱོད་ངན་ཞིག་ཡིན་ཚུལ་བྲིས་ལ་ཕྱིས་སུ་ལེགས་པར་བཤད།    མགར་ཨ་བུའི་རིགས་རྒྱུད་ཕྱི་མ་རྣམས་ལ་ལ་ཙོང་ཁའི་ཡུལ་དང་། ལ་ལ་དཔའ་རིས། ལ་ལ་གྲོ་ཚང་།  ལ་ལ་བཱ་ཡན་ཕྱོགས་སུ་སོང་ནས་གཞིས་ཀ་བཟུང་བ་ཡིན། དེ་ལྟར་མགར་སྟོན་གྱི་གདུང་རྒྱུད་སོ་སོར་འཕེལ་ནས།མགར་རྩེ་ཚོ་ཁག་ཆེན་པོ་གསུམ་ལས་གྱེས་པ་བཤད་ཀྱང་། ཇི་བཞིན་རུས་རྒྱུད་མཐུད་དཀའ་བས་རྒྱུས་མེད་རྒྱས་གཏམ་མ་བྱས།

མགར་རྩེ་ཚོ་ཁག་ཆེན་པོ་གསུམ་ནི།

༡༽ཆུ་ཁོག་མགར་རྩེ།

༢༽གྱ་ས་མགར་རྩེ་།

༣༽རྩེ་གཞུང་མགར་རྩེ་བཅས་སོ། །
དེང་སང་ཐུན་དེ་རྫོང་ཁོངས་རེད།མགར་རྩེ།གཙང་ཨ་རིག གཡུ་སྔོག འབའ།རོང་བོ།སེ་བན་ཅང་གསུམ་བཅས་སོ།།
               འགུ་ལོག་ལོ་རྒྱུས་གཉེན་པོ་གཡུ་རྩེའི་བསང་དུད་ལས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd6j བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2021/10/1
མགར་འབྲི་སམ་འགར་འབྲི།
 སྤེལ་མཁན: འགར་བུ། སྤེལ་དུས:2016/6/2
རྩོམ་འདིའི་ནང་དུ་ཡིན་པ་མིན་པའི་ཚུལ་དུ་བཟོས་པ་དང་མིན་པ་ཡིན་པར་སྒྲོ་བཏགས་ནས་དོན་འཁྲིགས་མི་ཆུང་བ་ཞིག་བཟོས་ཡོད་པར་སྣང་བས། ཀློག་པ་པོ་ལོ་ཉུང་རྣམས་ལ་གོ་ལོག་བརྡ་ལོག་མི་སྤྲོད་པའི་ཆེད་དུ། ཅི་ཡིན་འདི་ཡིན་མ་ཤེས་པར་བསྐུར་བསྐུར་པོ་དྲྭ་སྒང་ལ་མི་བསྒྲགས་རོགས་ཞེས་དྲྭ་བདག་ལ་འབོད་སྐུལ་ཞུས་པ་ཡིན། ཐུགས་མི་བདེ་བ་བྱུང་ན་བཟོད་གསོལ་ཞུ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41672423
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1