རུས་རྒྱུད་ཚོགས་པའི་ངན་ཕྱོགས་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་གླེང་བརྗོད། »རུས་རྒྱུད་ཚོགས་པའི་ངན་ཕྱོགས་གླེང་བ།
རུས་རྒྱུད་ཚོགས་པའི་ངན་ཕྱོགས་གླེང་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/8/19ལྟ་ཀློག (4146)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དྲི་བ་འདོན་མཁན་དྲྭ་གྲོགས་འགའ།

ལན་འདེབས་མཁན་བཙན་པོའི་མགར་གྱི་དྲ་བ།

 དྲི་བ།  རུས་རྒྱུད་ཚོགས་པའི་ངན་ཕྱོགས་གང་དག་རེད།

       ལན།    ངས་བལྟས་ན་རུས་རྒྱུད་ཚོགས་པའམ་ཉེ་བསྡུ་ཚོགས་པའི་ངན་ཕྱོགས་འགའ་མཐོང་དུ་ཡོད་པ་ནི་ཉེ་བསྡུའི་ཚོགས་གཙོ་དང་དེའི་ལས་རོགས་ཚོའི་ཤེས་ཡོན་གྱི་བྱིངས་ཚད་དམ།  མི་གཞི། བྱས་རྗེས་ཀྱི་ཉམས་མྱོང་སོགས་ལ་གཙོ་བོ་རག་ལས་པ་ལས་ཉེ་བསྡུ་ཚོགས་པ་ཞིག་ཡིན་ཚེ་སྐྱོན་ཆ་དེ་འདྲ་ཡོད་པ་ཆ་མ་འཚལ་མོད། ཉེ་བསྡུ་ཚོགས་པ་འགར་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཉེ་འབྲེལ་ལྷན་དུ་འཚོགས་སར་ངན་པ་རྣམས་ཕྱོགས་སུ་མཐུན་འགྲོ་བ་ཆོས་ཉིད་ཅིག་རེད། རྗེས་མ་ཕར་བལྟས་ན་བརྩེ་བ་དང་ཤ་ཚ་ཡོད་མདོག་གིས་ཆང་འཐུང་རོགས། ཐ་མག་འཐེན་རོགས། དུག་རྫས་འཐུང་རོགས། འཆལ་སྤྱོད་བྱེད་རོགས། མི་གསོད་ཁྲག་སྦྱོར་གྱི་བྱ་བར་ཞུགས་རོགས། རྒྱལ་འཇོག་དང་ཤོ་རྒྱག་རོགས། ནག་ཚོང་རྒྱག་རོགས། རྐུན་མ་ཁྲམ་པ་སོགས་མ་རབས་ཀྱི་བྱ་བར་ངན་འབྲེལ་བྱས་ཚེ་ཉེ་བསྡུ་ཚོགས་པ་ནི་ངན་འབྲེལ་ཚོགས་པ་ཞིག་ཏུ་འགྱུར་བས་སྤྱོད་ངན་མ་རབས་ཀྱི་བྱ་བ་སྣ་ཚོགས་ཚོགས་ཤིག་བྱུང་སྟེ་བླ་སློབ་བར་དང་།  ཕ་མ་བུ་ཚའི་བར། གྲུབ་མཐའ་ཕན་ཚུན་གྱི་བར། གྲོང་དང་ཁྱིམ་མཚེས་ཀྱི་བར། ཡུལ་ཁམས་ཕན་ཚུན་གྱི་བར། རུས་རྒྱུད་དང་རུས་རྒྱུད་ཀྱི་བར་ཕན་ཚུན་ཕུང་ལ་སྦྱོར་བ་སོགས་ཕྱི་ནང་གི་དགྲ་ཇག་ངོ་ནོར། ཕ་བླ་མའི་དམ་ཚིག་མི་བསྲུངས་པར་ཡུལ་དུས་ཁྲིམས་ཀྱི་ཆད་པ་བྱུང་བ་སོགས་བཀྲ་མི་ཤིས་པའི་རིགས་དང་ལྟས་ངན་པ་སྣ་ཚོགས་འབྱུང་བའི་སྣ་འདྲེན་དུ་འགྱུར་བཞིན་ཡོད་པ་ནི་རུས་རྒྱུད་ཚོགས་པའི་ངན་ཕྱོགས་དང་འདོར་བྱ་རེད།   དེ་བས་ཉེ་བསྡུ་གཙོ་གཉེར་བས་རིག་པ་ཀྲོང་ཀྲོང་བྱས་ཏེ་ཉེ་འབྲེལ་ཁྲོད་མ་རབས་བྱ་བར་སྟངས་འཛིན་དང་ཡ་རབས་བྱ་བར་སྐུལ་འདེགས་བཟང་བོ་བྱེད་དགོས།


ཉེ་བསྡུ་ཚོགས་པ་ནི་ལས་རྒྱུ་འབྲས་ལ་ཡིད་མི་ཆེས་ཤིང་གཞན་ལ་གནོད་པའི་གཡོ་སྒྱུ་སྣ་ཚོགས་ལ་གོམས་པ་ཞིག་གིས་བསྡུ་རུབ་བྱས་པ་ཡིན་ཚེ་མགོ་བདེ་བོ་དང་ཁ་བདེ་བོ་ཚོས་ངན་འབྲེལ་གྱི་གོ་སྐབས་ཤིག་ཏུ་གྱུར་པས་མང་མང་གི་མཚན་སྙན་ལ་གནོད་པའི་གླེན་རྟགས་ཚ་བོ་སྟོན་པ་རེད། དེའི་ཕྱིར་དགོན་པ་གྲྭ་ཚང་། གྲོང་བ་ཁྱིམ་མཚེས། ཤོག་ཀ་སྡེ་བ། འགོ་ཁྲིད་ལས་བྱེད།  ངོ་ཤེས་གྲོགས་པོ་སུ་ཡིན་ཡང་རུས་རྒྱུད་ཉེ་བསྡུ་ཞིག་བྱས་ན་དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པ།  རྩ་དོན་ཡོད་པ་ཞིག་གི་སྟེང་ནས་སྤྱིར་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་དང་འདྲ་མཉམ་ལ་བརྩི་བཀུར་དང་། ཆོས་ལྡན་བོད་ཀྱི་ལྟ་བ་མཉམ་གནས་དང་སྤྱོད་པ་འཚེ་བ་མེད་པའི་ཚད་གཞིའི་སྟེང་རང་ཚུགས་མི་ཤོར་བ་དེ་སྐད་དང་ཡི་གེར་ལམ་སྟོན་དང་བོད་པ་ཞིག་ཡིན་ཕྱིན་དགེ་སྒྲུབ་སྡིག་སྤོང་དང་། མཐུན་སྒྲིལ་ཡར་སྐུལ་སོགས་ཁ་བཤད་ཆུ་ཡི་ཝུ་བ་རུ་མི་འགྱུར་བར་ལག་ལེན་གསེར་གྱི་ཐིགས་པ་ཡིན་དགོས་པས། ཆོས་སྲིད་ཀྱི་བྱ་བ་གང་ལ་ཐུག་ཀྱང་དཀའ་སྤྱད་བཟོད་ཐུབ་བརྩོན་འགྲུས་བསྟེན་ནས་རུས་རྒྱུད་རིག་གནས་སྲུང་སྐྱོབ་དང་མེས་པོ་ཚོའི་བཀའ་དྲིན་དྲན་བཞིན་དཀའ་ངལ་ལ་ཞུམ་པ་མེད་པའི་གདོང་ལེན་ཐུབ་པའི་སྙིང་སྟོབས་ཆགས་སུ་འཇུག་དགོས།

ཡང་གཅིག་བཤད་ན་མི་འགའ་རེས་རུས་རྒྱུད་ཚོགས་པའམ་ཉེ་བསྡུ་ཚོགས་པ་ལ་ཁ་གཡར་ཏེ་ངོ་ལྐོག་མི་མཚུངས་པའི་མ་རབས་ཀྱི་བྱ་བ་མི་དྲན་དགུ་དྲན་བྱས་ཏེ་གཞན་གྱི་སྡུག་བསྔལ་ཁྲོད་ནས་བདེ་སྐྱིད་འཚོལ་བ་ལ་མཐའ་གཅིག་ཏུ་སྐྱོན་མཚང་བསྔོག་དགོས་པ་དང་། རྒྱུ་འབྲས་ཀྱི་བློ་མིག་བགྲད་དེ་རྒོལ་གཏམ་སྤྲོད་དགོས་པ་ལས་སྤྱོད་ངན་རྒྱུན་འབྱམས་སུ་སོང་ཚེ་རུས་རྒྱུད་རིག་གནས་ལ་ཁ་སེམས་གཉིས་མེད་ཀྱིས་རྒྱབ་སྐྱོར་དང་རྒུད་སྐྱོབ་གནང་མཁན་དག་ལ་མ་ཉེས་ཁ་ཡོག་ཐེབས་སྲིད།

 ད་དུང་རུས་རྒྱུད་ཚོ་ཁག་གམ་ཉེ་བསྡུ་ཚོགས་པ་འགའ་རེས་རུས་ཁུངས་བཙུན་རབས་ཀྱི་ལྷ་སྒྲུང་ལྟ་བུའི་རུས་རྒྱུད་བྱུང་བ་རེ་ཨམ་གཙིགས་ཀྱིས་བྲིས་ཏེ་ང་ཆེ་ཁོ་གཉན་གྱི་འཆལ་གཏམ་དང་ལོ་རྒྱུས་རྫུན་བཟོ་བྱས་ན་རུས་རྒྱུད་རིག་གནས་ཀྱི་ངོས་འཛིན་བྱེད་སྟངས་འགྱུར་འགྲོ་བས། གནའ་སྔ་མོའི་མིའི་རིགས་མ་བྱུང་བ་ནས་བྱུང་བ།  སྤྱི་ཚོགས་མ་གྲུབ་པ་ནས་གྲུབ་པ། ལམ་ལུགས་མ་ཚུགས་པ་ནས་ཚུགས་པའི་མིའི་རིགས་འཕེལ་བའི་འགྲོས་རིམ་ལ་ཞིབ་འཇུག་ཕྲ་ཞིབ་མི་ཡོང་བའི་སྐྱོན་དུ་མཐོང་བ་ལ་མང་བོ་བཤད་དུ་ཡོད་ཀྱང་འོས་སུ་དེ་ཙམ་མོ། །

ངས་ཀྱང་མ་འོངས་པར་སྤྱོད་ངན་འདི་རིགས་གང་སར་མི་ཁྱབ་པའི་འབོད་སྐུལ་གང་མང་ཞུ་རྒྱུ་ཡིན་པར་མ་ཟད་ལམ་སང་བདེ་སྐྱིད་དངོས་གནས་འདོད་ན་རང་གཞན་གཉིས་ཀའི་སྤྱོད་པ་དང་གཤིས་ཀ་ངན་པ་རེ་རེ་བཞིན་ཆུང་ས་ནས་ཆེ་སའི་བར་རིམ་གྱིས་འགྱུར་བ་བཏང་སྟེ་ཡ་རབས་སྤྱོད་བཟང་ཞིག་བྱ་ཐུབ་པར་ཕན་ཚུན་ལ་གུས་བཀུར་དང་བརྩི་མཐོང་། ཕན་ཚུན་ལ་བཟོད་བསྲན་བྱེད་རེས།  ཕན་ཚུན་ལ་དགེ་སྐྱོན་གང་ཡོད་བསམ་ཚུལ་བརྗོད་རེས་བྱས་ན་རང་གི་ཁོར་ཡུག་སོགས་ལ་འཆམ་མཐུན་དང་བདེ་སྐྱིད་འཐོབ་ལ། ཉེ་དུ་མཛའ་བཤེས་ཀུན་ལ་ཨ་གསར་མེད་པའི་གཞུང་རིང་ཞིང་འགྲོགས་འདྲིས་བཟང་བོ་ཡོང་སྟེ་ཉེ་བསྡུ་ཚོགས་པའམ་རུས་རྒྱུད་ཚོགས་པའི་བསམ་བློའི་གོ་རྟོགས་མཐོར་འདེགས་ཡོང་བ་དང་རང་གི་ཚོགས་པ་ལ་ཡ་རབས་སྤྱོད་བཟང་གི་སྐུལ་འདེགས་རོགས་རམ་འཐོབ་སྙམ།  

  ༼ མུ་འགོད ༽


   
མཆན།

དྲི་བ་འདོན་མཁན་དག་གིས་ཐུགས་ཉམས་མཞེས་དགོས་ས་ནི་མགར་གྱི་ཁྱིམ་རྒྱུད་འདིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་།   རུས་རྒྱུད།  མི་གཤིས།  བསམ་བློ། མཛད་འཕྲིན།  རིགས་སྲས་བཅས་ཕྱོགས་ཡོངས་ནས་ཞིབ་འཇུག་གཏིང་ཟབ་ཀྱིས་འཐུས་ཚང་ཞིང་གསོང་བོར་བརྗོད་རྒྱུ་ལས།  ལོ་རྒྱུས་འཁྱོག་བཤད་དང་མ་ཉེས་ཁ་ཡོག་མི་བྱེད་རྒྱུ་སྙིང་ནས་རེ་ཞུ་ཡིན། ང་ཚོས་མགར་ཚང་དང་འབྲེལ་ཡོད་ཀྱི་དྲི་བ་རྣམས་ལ་ལན་བསྐྱོན་འདོད་ཆེ་བས་ང་ཚོས་དཔེ་ཁུངས་བཙུན་པ་སོགས་ནས་བསྟན་དོན་ཇི་བཞིན་ལན་འདེབས་ངེས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/8/19
འདི་ནི་ཁྱེད་ཅག་གི་ཉམས་མྱོང་ལས་ཐོན་པའི་གདམས་ངག་ཡིན་རྒྱུ་རེད། འདང་ཞིབ་མོ་བརྒྱབ་ན་གནས་ལུགས་དང་རུས་རྒྱུད་ཚོ་ཁག་སྒྲིག་མཁན་དག་ལ་ལམ་སྟོན་དང་མཛུབ་སྟོན་རེད། བཀའ་དྲིན་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41308604
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1