ཨ་མ་རྒན་མོ་འདི་ངོ་མ་སྙིང་རྗེ་རེད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གླེང་སྟེགས་བཅར་འདྲི། »ཨ་མ་རྒན་མོ་འདི་ངོ་མ་སྙིང་རྗེ་རེད།
ཨ་མ་རྒན་མོ་འདི་ངོ་མ་སྙིང་རྗེ་རེད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/8/20ལྟ་ཀློག (33103)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 

ཁ་བ་ཅན་བོད་གཙོད་བྱམས་བརྩེ་ཚོགས་པ་ཨ་མ་རྒན་མོར་བཅར་བ།

 

ཁ་བ་ཅན་བོད་གཙོད་བྱམས་བརྩེ་ཚོགས་པས་ཨ་མ་རྒན་མོའི་ཁ་ལག་བཀྲུ་བཞིན་པ།

 

ཁ་བ་ཅན་བོད་གཙོད་བྱམས་བརྩེ་ཚོགས་པས་ཨ་མ་རྒན་མོའི་ཁྱིམ་ཐབ་བདག་ཉར་བྱེད་བཞིན་པ།

ཁ་བ་ཅན་བོད་གཙོད་བྱམས་བརྩེ་ཚོགས་པས་ཨ་མ་རྒན་མོའི་སྡོད་ཁང་དང་མཐའ་སྐོར་བདག་ཉར་བྱེད་བཞིན་པ།

 

    ངེད་དྲ་བས་ཁ་བ་ཅན་བོད་གཙོད་བྱམས་བརྩེ་ཚོགས་པར་ཁ་པར་ནང་ནས་བཅར་འདྲི་བྱས་པ་ལྟར་ན་ཁོ་ཚོས་མུ་མཐུད་དུ་ཨ་མ་རྒན་མོའི་མིག་གིས་མི་རིག་པ་དང་འཚོ་བའི་ཕྱོགས་གང་ཅིའི་ཐད་རོགས་གང་ཐུབ་བྱེད་རྒྱུ་ཡིན་ཟེར་བའི་གོ་སྐབས་དེར་རྒྱ་ཆེའི་བྱམས་སེམས་ཀྱི་ལག་ཟུང་རིང་དུ་རྐྱོང་བའི་བླ་མ་མཁན་སྤྲུལ་ཚོས་འོག་གི་འབྲེལ་ཟམ་བརྒྱུད་དེ་རོགས་གང་ཐུབ་བྱེད་པར་བཀའ་དྲིན་མ་ཆུང་ཞུས་པ་ལགས་སོ། །

   ངེད་དྲ་བས་ཨ་མ་རྒན་མོར་རོགས་སྐྱོར་གནང་མཁན་གྱི་མཚན་ཐོ་དང་དེའི་སྐོར་གྱི་གསར་འགྱུར་མུ་འགོད་བྱེད་རྒྱུ་ཡིན་པས་རྣམ་པ་ཚོས་དུས་ལྟར་གཟིགས་པར་དགའ་བསུ་ཞུ།


                           ཁ་བ་ཅན་བོད་གཙོད་བྱམས་བརྩེ་ཚོགས་པས་མི་ཡུལ་ལ་སྤྲིངས་པའི་འཕྲིན་ཡིག      

  བྱམས་དང་སྙིང་རྗེ་སེམས་ན་མངའ་བའི་སྤུན་ཟླ་དག་གི་སྤྱན་སྔར་ཕུལ་དོན།  ཉིན་འགའི་སྔོན་ལ་ངའི་གྲོགས་པོ་ཞིག་གི་ལབ་གླེང་བརྒྱུད་ནས་ཨ་མ་ཁོན་སྐྱིད་ཟེར་བ་ཞིག་ངོ་ཤེས་སུ་གྱུར་ཡོད།  ཁོ་མོ་ནི་མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་མགོ་མང་གྲོང་བརྡལ་ཇོ་སྲས་སྡེ་བའི་སྟག་གི་ཉག་ག་ཟེར་བའི་ས་ཆ་དེ་ན་གཞིས་སྡོད་བྱས་ཡོད་པའི་དབུལ་ཁྱིམ་ཞིག་རེད།  ད་ལོ་མོ་རང་དགུང་ལོ86ལ་སོན་ཡོད།  ལས་དང་རྐྱེན་གྱིས་དབང་གིས་རྒན་མོ་འདི་ལ་བུ་བསོད་བྷེ་ཟེར་བའི་ལོ་གྲངས་ལྔ་བཅུ་ལ་སོན་པའི་བུ་ཞིག་ཡོད་མོད།   རྣམ་རིག་རྒྱུན་ལྡན་མིན་པས་དུད་ཁྱིམ་འདིའི་བྱ་ལས་མཐའ་དག་ཨ་མ་རྒན་མོ་འདིའི་ཕྲག་ཏུ་མི་ལེན་ག་མེད་དུ་གྱུར་ཡོད།  ཨ་མ་རྒན་མོ་འདི་རྒས་ཁོག་ཏུ་གྱུར་པས་བྱ་ལས་སྒྲུབ་པའི་ནུས་པ་མེད་རྐྱེན་དུད་ཁྱིམ་འདིའི་འཚོ་བའང་མར་ངོའི་ཟླ་ལྟར་ཉིན་རེ་ནས་ཉིན་རེར་ཇེ་ཞན་ཏུ་གྱུར་ནས་ད་ལྟ་འཚོ་གནས་ཀྱང་དཀའ་བའི་གནས་སུ་གྱུར་ཡོད།  ལོ་ཟླའི་ལྟེབས་ཁུགས་ནས་མོ་རང་གི་ལུས་ཤུགས་ཀྱང་ཇེ་ཞན་ཏུ་གྱུར་ནས་བཤད་པའི་སྐད་ཆ་ལྡབ་ལྡིབ་ཡིན་ལ་འགྲོ་བའི་གོམ་ཁའང་ཁྱར་ཁྱོར་རེད།  ད་ལྟ་མོ་རང་འདུག་ས་ནི་ཧ་ཅང་ཐབས་ཆག་ཡིན་པའི་ཁང་ཁྱིམ་ཞིག་ཏུ་འཚོ་སྡོད་བྱས་ཡོད་ལ་གྱོན་པའི་ལྭ་བའང་ཧྲལ་ཧྲུལ་རེད།  སྤུན་ཟླ་རྣམ་པ་ཁྱེད་ཅག་གིས་བྱམས་དང་བརྩེ་བའི་ལག་ཟུང་རིང་དུ་བསྲིངས་ཏེ་དངོས་ཤུགས་གང་རུང་གིས་ཨ་མ་རྒན་མོ་འདི་ལ་རོགས་སྐྱོར་རེ་གནང་རྒྱུ་ནི་ངའི་སེམས་ཀྱི་རེ་བ་ཉག་གཅིག་གོ ། 
འབྲེལ་གཏུག་བྱེད་ས། 

 ཁ་པར་། 18297256888      ཁྱེའུ་འཕྲིན། 50346438


       家住青海省贵南县过马营镇角色村老虎沟的老妈妈宽吉,今年已经86岁了,唯一一个和她相依为命的亲人,就是大脑不正常的50岁儿子索白。 本来是老妈妈在一直照顾着她的儿子,但不幸的是,她现在得了脑血栓,手脚也不利落,连走路都很困难,家贫如洗的她,为了御寒,裸体裹在一件脏兮兮的破毛毯里。 爱心传递者藏羚羊:每次看到老人,我都要流泪,我的心都在滴血。在这个黑漆漆的小屋子,你能想象它有多穷就有多穷,我将老妈妈的家境拍下来。 这位可怜的老人很瘦、很虚弱,全身发抖,嘴里要说的话也说不出来,颤巍巍地朝向门,看起来很疲倦,很无奈。。。。。。   我们都有母亲,每个人都享受过母爱,如果是我的老妈妈这样,我都不敢想下去!望社会各界人士伸出爱心之手,帮一把这可怜的老妈妈吧!朋友们,把你们用剩下的,不打算要的。请不要扔到垃圾堆,扔给老妈妈吧! 请直接跟藏羚羊联系吧,QQ50346438电话:18297256888、我微信号:18297256888

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 9 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nkcq བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/9/3
བོད་མི་རྣམས་ལ་ཡང་དགྱ་ནག་གི་རིག་གནས་འཚོ་བའི་ཤུགས་རྐྱེན་ཐེབས་ཆེ་ནས་འ་ཆད་འུ་ཐུག་གི་ཨ་མ་རྒན་མོ་འདི་ལྟ་བུ་ལ་ཡང་རོགས་བྱེད་མཁན་ཞིག་མེད་པའི་ཚད་དུ་ལྷུང་འདུག ལྷག་པར་དུ་ཁ་ཡར་གྲགས་ལ་བྱམས་དང་སྙིང་རྗེ། ལྕེ་མར་གཡུག་ལ་མ་རྒན་སེམས་ཅན། མ་ཟད་མ་སེམས་ཅན་ཉམ་ཐག་དག་གི་མགོན་དང་སྐྱབས། དཔུང་དང་གཉེན་དུ་བསམ་བཞིན་སྐྱེ་བ་བཞེས་པ་ཡིན་ཟེར་མཁན་གྱི་གཡག་མགོའི་རླངས་འཁོར་གྱི་ནང་དུ་གྱོན་པ་སེར་ནག་ཛོ་རེ་བ་གྱོན་མཁན་གྱི་བླ་སྤྲུལ་དེ་དག་གང་དུ་བུད། ཁྱེད་རྣམས་པའི་ཐོགས་མེད་མངོན་ཤེས་ཀྱིས་མ་རྒན་ཉམ་ཐག་འདི་མ་གཟིགས་པ་ཡིན་རྒྱུ་མ་རེད་པ།
 སྤེལ་མཁན:  སྤེལ་དུས:2013/8/29
མགོ་མང་ཇོ་སེར་སྡེ་བའི་ཨ་མ་ཁོན་སྐྱིད། མཚོ་ལྷོ་ཁུལ་ཐོག་ན་ཁུལ་སྟོན་གྱི་སྟ་གོན་རྒྱ་ཆེར་བཤམས་པའི་དེ་རིང་། ཀོས་ནན་རྫོང་ཐོག་ན་སྐོར་བྲོ་ཡི་གོམ་སྒྲ་དལ་མ་མྱོང་བའི་དེ་རིང་། མགོ་མང་གྲོང་བརྡལ་ན་ཁྲི་རྟ་མང་པོས་འགྲན་ཚོགས་མ་གྲོལ་བའི་དེ་རིང་། ཇོ་སེར་སྡེ་བ་ན་བླ་མ་གསེར་ཞི་ཅན་གྱིས་ཆོས་དབང་གནང་བཞིན་པའི་དེ་རིང་། ཨ་མ་ཁོན་སྐྱིད་འཇིག་རྟེན་གཞན་ཞིག་གི་མགྲོན་པོ་ལྟར། ཨ་མ་ཁོན་སྐྱིད་དེ་རིང་རྨི་ལམ་ལའང་འཆར་དཀའ་བའི་ཚུལ་གྱིས། སྒོ་ལུང་ལ་བརྒྱུས་པའི་རྨུ་ཐག་དེར་འཇུས་ནས། གཉེར་མས་ཁེངས་ཤིང་ལོ་ཟླས་བྲན་པའི་རི་མོ་གསོན་པོ་ཞིག བོད་རིགས་ཀྱི་བླ་དཔོན་དང་། ལས་བྱེད། སློབ་མ། སྐྱ་སེར་ཀུན་གྱི་མིག་ལམ་དུ་དྲི་བ་རྣོན་པོ་ཞིག་གི་ཚུལ་དུ་མངོན་བྱུང་། དེ་རིང་ཤ་རུས་གདུང་རྒྱུད་གཅིག་པའི་་་་་་་་་་? དེ་རིང་སྤྲེལ་སྲིན་བྱང་ཆུབ་ལས་མཆེད་པའི་་་་་་་? དེ་རིང་སྙིང་རྗེ་ཅན་གྱི་མི་རིགས་་་་་་་? བོད་ཡུལ་ན་ད་རུང་ཨ་མ་ཁོན་སྐྱིད་དུ་ཡོད་དམ། འདི་ནི་ང་ཚོར་བཏོན་པའི་རྒྱུགས་གཞི་ཐེངས་གཅིག་མིན་ནམ་ཅི། 2013、8、22མཚན་མོར་ཆབ་ཆ་རུ་རྔོག་བུ་ནས།
 ལན།   སྤེལ་དུས: 2013/9/2
 གུས་པར་འོས་པའི་ཆབ་ཆ་རུ་རྔོག་བུ་ལགས་ཁམས་བཟང་ཉིད་ཀྱིས་འདིར་དཔྱད་གཏམ་ངོ་མ་ཡག་པོ་སྤེལ་འདུག་པས་ངེད་དྲ་བས་ཆེད་དུ་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
 སྤེལ་མཁན:  སྤེལ་དུས:2013/8/21
འོ་ཧོ་ཧོ་དབྱིན་ཡིག་ལ་ངར་སོ་ག
 སྤེལ་མཁན:  སྤེལ་དུས:2013/8/21
Good touch oh poor Tibetan lady who help her escape I'm sorry I can't write Tibetan but can understand
 ལན།   སྤེལ་དུས: 2013/8/21
 I'm sorry this is Tibetan website will write Tibetan welcome thank you to be here
 སྤེལ་མཁན:  སྤེལ་དུས:2013/8/21
Really so good story thank you
 ལན།   སྤེལ་དུས: 2013/8/21
 I'm sorry this is Tibetan website will write Tibetan welcome thank you to be here
 སྤེལ་མཁན:  སྤེལ་དུས:2013/8/21
གསར་འགྱུར་ཡག་པོ་བཀོད་འདུག ངོ་མ་ཨ་མ་རྒན་མོ་སྙིང་རྗེའི་ཡུལ་བརྟེན་ཚོཊ་མི་དག་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚོགས་པ་འདི་འདྲ་འཛུགས་ཐུབ་ན་ངོ་མ་རྗེས་སུ་ཡི་རངས་པའམ་བསྔགས་བརྗོད་ཀྱི་གནས་སོ།
 ལན།   སྤེལ་དུས: 2013/8/21
 ཉིད་ཀྱིས་འདིར་དཔྱད་གཏམ་སྤེལ་བར་དགའ་བསུ་ཞུ་བ་དང་ཆབས་ཅིག་གདེངས་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ།
 སྤེལ་མཁན:  སྤེལ་དུས:2013/8/21
གསར་འགྱུར་ཡག་པ་རེད། སྐྱོ་ནི་ཞིག་རེད།
 ལན།   སྤེལ་དུས: 2013/8/21
 ཉིད་ཀྱིས་འདིར་དཔྱད་གཏམ་སྤེལ་བར་དགའ་བསུ་ཞུ་བ་དང་ཆབས་ཅིག་གདེངས་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ།
 སྤེལ་མཁན:  སྤེལ་དུས:2013/8/21
བོད་པ་འདི་ཚོ་ད་དུང་རྗེས་ལུས་རེད། ཡིད་སྐྱོ་བ་ལ།
 ལན།   སྤེལ་དུས: 2013/8/21
 ཉིད་ཀྱིས་འདིར་དཔྱད་གཏམ་སྤེལ་བར་དགའ་བསུ་ཞུ།
 སྤེལ་མཁན:  སྤེལ་དུས:2013/8/21
ངོ་མ་ཡིད་འགུལ་ཐེབས་ནི་ཞིག་རེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41137883
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1