ཚ་གསུར་གཏོང་ཚུལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 4 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས། ཆོས་སྤྱོད། »ཚ་གསུར་གཏོང་ཚུལ།
ཚ་གསུར་གཏོང་ཚུལ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/8/21ལྟ་ཀློག (12245)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     མེ་ལ་རྫས་ཕུལ་བའི་གསུར་ལ་ཚ་གསུར་ཟེར་ཞིང་འདིའི་ཁུངས་ནི་གསང་འདུས་རྩ་རྒྱུད་ལས་དྲི་ལ་རྣམ་གསུམ་ཤེས་བྱས་ནས།  ཞེས་པ་ལྟ་བུ་རྒྱུད་སྡེ་བཞི་ལས་གདུག་སྤོས་ཕུལ་བའི་ལུང་མཐའ་ཡས་ཤིང་སྤྱོད་འཇུག་ལས། སྤོས་མཆོད་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞེས་སོགས་འབྱུང་བ་ལྟར་ཡིན་ལ་གཏོང་ཡུལ་ནི་མདོ་ལས་ཟས་སུ་དྲི་ཟ་བ་དང་། ཟས་སུ་བདུག་པ་ཟ་བ་དང་། ཟས་སུ་སྦྱིན་སྲེག་ཟ་བ་དང་། ཞེས་སོགས་བྱུང་བ་ལྟར་དྲི་ལ་ལོངས་སྤྱོད་པའི་དྲི་ཟ་ཞེས་བྱ་བའི་གདོན་གྱི་རིགས་སུ་གཏོགས་པ་སྤྱི་དང་ཁྱད་པར་དུ་བསད་ལྕེབས་གཡང་ལ་ལྟུང་བ་ལ་སོགས་པའི་རྐྱེན་གྱིས་ཤི་ནས་ལུས་སྔ་མ་དོར་ཞིང་ཕྱི་མ་མ་རྙེད་པའི་བར་དོར་འཁྱམས་པའི་སེམས་ཅན་རྣམས་ལ་སྦྱིན་པ་ཡིན་ཏེ་བར་དོ་བ་ནི་དྲིས་འཚོ་བ་ཡིན་པས་བཟའ་བ་བཏུང་བ་མི་དགོས་ལ་རྫུ་འཕྲུལ་ཁོ་ནས་བགྲོད་ཅིང་ལུས་ཤིན་ཏུ་དྭངས་པ་ཡིན་པས་བཞོན་པ་དང་གོས་སོགས་དགོས་པ་མེད་ཅིང་། དེ་དག་ལ་སྔགས་དང་ཏིང་ངེ་འཛིན། ཕྱག་རྒྱ་སོགས་ཀྱིས་བསྔོས་ན་ཕན་ཡོན་ཆེན་པོ་འབྱུང་ཞིང་དེ་བཞིན་སྔོན་རྗེ་བཙུན་མི་ལ་རས་པས་གཉའ་ནང་བདུད་བཏུལ་ཕུག་ཏུ་རྒྱགས་ཕྱེ་ཉུང་ངུ་དང་བཅས་སྒྲུབ་པ་མཛད་སྐབས་ཁ་བ་ཉིན་མཚན་བཅོ་བརྒྱད་ལ་བབས་པས་འགྲུལ་ལམ་ཆད་ཅིང་ཁ་བ་ཤས་སོང་བའི་རྗེས་སུ་སྦྱིན་བདག་རྣམས་རྗེ་བཙུན་མུ་གེས་གྲོངས་པར་ཐག་བཅད་ཀྱང་སྐུ་གདུང་ལ་མཇལ་འདུན་གྱིས་ཕྱིན་པས་རྗེ་བཙུན་བཞུགས་པར་མཐོང་ནས་མ་གཤེགས་པའི་རྒྱུ་མཚན་ཞུ་ཙ་ན་རྗེ་བཙུན་གྱི་ཞལ་ནས་ང་ཕལ་ཆེར་ཏིང་ངེ་འཛིན་གྱི་ཟས་དང་མཁའ་འགྲོའི་ཚོགས་སྐལ་སོགས་དང་ཁྱད་པར་ཁ་རྩང་འདིའི་ཟླ་བའི་སྨད་ལ་ཁྱེད་བུ་སློབ་རྣམས་ཀྱིས་བཟའ་བཏུང་མང་བོ་སྟེར་བའི་ཉམས་སྣང་ཞིག་ནས་ཟ་མ་ཟ་སྙིང་ཡེ་མི་འདོད་པ་ཞིག་བྱུང་བས་དེ་དུས་ཁྱེད་ཚོས་ཅི་བྱས་པ་ཡིན་གསུངས་པར་ཁོ་ཚོས།  དགོངས་རྫོགས་སུ་མཆོད་པ་ཕུལ་ཚུལ་ཞུས་པས་རྗེ་བཙུན་གྱིས་འཇིག་རྟེན་པ་རྣམས་དགེ་རྩ་བགྱིས་པ་བར་དོ་བ་ལ་ཕན་པར་འདུག་གོ་གསུངས་པ་ལྟར་རོ།  །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rogu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
49318359
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1