ཡུལ་སྐོར་ཟིན་ཐོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» ཡུལ་སྐོར་ཟིན་ཐོ་དང་བཏུས་རྩོམ། »ཡུལ་སྐོར་ཟིན་ཐོ།
ཡུལ་སྐོར་ཟིན་ཐོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/8/21ལྟ་ཀློག (8565)རྩོམ་ཁུངས: པར་འདེབ།

འཇིགས་མེད་ཐུབ་བསྟན་ནམ་གཉུག

ཏཱ་ལེའི་གནའ་གྲོང་གི་ལྷོ་ནུབ་མཚམས་སུ་ལེ་བར་གཅིག་ཙམ་སོང་ན་རི་བོ་ཚང་ཧྲན་གྱིས་རྒྱབ་རི་བྱས་ཤིང་འར་ཧེ་མཚོ་མོའི་མདུན་ལྗོངས་བྱས་པའི་ཁྲུང་ཧྲིན་དགོན"崇圣寺"ཞེས་ཏཱ་ལེའི་མཆོད་རྟེན་གསུམ་གྱིས་རྣམ་པར་བརྒྱན་པ་གང་དེ་བརྗིད་ཆགས་ཀྱིས་ཡོད་པ་མཇལ་ཡོང་། མཉམ་དུ་ཡུལ་སྐོར་དང་ཚོང་ལས་ཀྱི་མཁའ་དབུགས་སྟོབས་ཆེ་བའི་རྒྱ་ནག་གི་དགོན་པ་མང་ཆེ་བ་བཞིན་འཆད་ཉན་དང་སྒོམ་སྒྲུབ་ཀྱིས་སྟོང་བའི་གནད་དོན་དེ་ཡང་ཤེས་ཡོང་།  སྒོ་ཆེན་བརྒྱུད་ཡར་གཞུ་འདོམ་བརྒྱ་ལྷག་སོང་མཚམས་སུ་གནའ་བོའི་དགོན་རྙིང་འདིའི་གཙོ་རྟེན་ཏཱ་ལེའི་མཆོད་རྟེན་རྣམ་གསུམ"达理三塔"ཡོད་ལ་གནའ་རབས་ནན་ཏྲོའི་སྐབས་སུ་བཞེངས་པར་གྲགས།  རྒྱ་ནག་ཐང་གི་དུས་སུ་ཁེལ། ད་ལྟའི་བར་ལོ་ངོ་གཅིག་སྟོང་སུམ་བརྒྱ་ལྷག་སོང་། གནའ་བོའི་མཆོད་རྟེན་གསུམ་པོ་དེར་རྩིག་རྨང་མེད་པའི་བཤད་སྲོལ་ཡང་འདུག   ས་གནས་ཀྱི་མིའི་ངག་རྒྱུན་ལྟར་ན་སྔོན་དུ་ཡུལ་ཕྱོགས་འདིར་ཚད་རིམ་བདུན་ཅན་གྱིས་ས་ཡོམ་བྱུང་ཡང་མཆོད་རྟེན་གསུམ་པོ་ཅུང་ཟད་ཙམ་རེ་ཕན་ཚུན་དུ་གཡོ་བ་ལས་ཆགས་འཇིག་བྱུང་མ་ཐུབ་ཟེར། དེ་ནས་ཡར་ལྷ་ཁང་ང་དྲུག་ཅིག་བརྒྱུད་སོང་ཚེ་གཡས་གཡོན་དུ་དགྲ་བཅོམ་པ་ལྔ་བརྒྱའི་ལྷ་ཁང་དང་དཀྱིལ་དབུས་སུ་དགོན་རྙིང་འདིའི་ཚོགས་ཆེན་འདུ་ཁང་ཡོད།  འདུ་ཁང་ནང་དུ་ཡུལ་ཕྱོགས་འདི་དང་ཡུལ་ཕྱོགས་འདིའི་གནའ་བོའི་ཆོས་ལུགས་སོགས་ཀྱི་ལོ་རྒྱུས་ཡོད་པའི་རིན་ཐང་གཞལ་མེད་ཅན་གྱི་ཤིང་བརྐོས་ཧ་ཅང་རང་བོ་ཞིག་འདུག  བརྐོས་རིས་ཀྱི་ལོ་རྒྱུས་དེ་དག་ལས་སྔར་གཏན་ནས་ཐོས་མྱོང་མེད་པའི་ཐ་སྙད་རེ་འགའ་མིག་ལ་མངོན་བྱུང་བས་མཚར་སྣང་དང་དོགས་པ་མང་པོ་ཞིག་གིས་ཕྱི་དྲོར་འབྲེལ་ཡོད་ཀྱི་དཔེ་ཆ་སྐོར་ཞིག་བམ་ཀློག་བྱས་པ་ཡིན།  དེ་དག་ལས་གསལ་བ་ཡིན་ན། སྔོན་མར་ཡུལ་འདི་ནན་ཏྲོ་ཏཱ་ལེའི་རྒྱལ་ཁབ"南诏大理国"རེད་འདུག  རྒྱལ་ཁབ་དེ་གཙོ་བོ་པེ་ཙོས"白族"མི་རིགས་རེད།  "ཐང"གི་སྐབས་སུ"ནན་ཏྲོ""南诏"དང"སུང"གི་སྐབས་སུ"大理""ཏ་ལེའི"རེད།  རྗེས་མར་སོག་དམག་གིས་བླངས་པ་ཡིན་འདུག   དེ་ནས་བཟུང"ཀྲུང་ཡན""中原"གྱི་མངའ་ཁོངས་སུ་གཏོགས།   དད་མོས་ཀྱི་ཡུལ་ནི"阿吒里教"ཨ་ཏྲ་ལེའི་ཆོས་བརྒྱུད་ཅེས་པའི་ནང་བསྟན་གྱི་གསང་སྔགས་རིགས་ཤིག་རེད།  ཨ་ཏྲ་ལེའི་ཞེས་པ་ནི་ལེགས་སྦྱར་གྱི་སྒྲ་ཐད་འགྱུར་བྱུང་པ་རེད་འདུག་ལ།   དོན་ནི་ཡང་དག་པའི་ལམ་དུ་གོ   ཁོ་ཚོའི་ཆོས་བརྒྱུད་འདི་རྒྱ་གར་གྱི་རྣལ་འབྱོར་བ"ཙཎྡོ་ཅེ་ཏོ""赞多撅多"ཞུ་བས་སྤྱི་ལོའི་སྔོན་གྱི314དུས་རབས་བརྒྱད་པའི་ནང་ཡུལ་འདིར་སྤེལ་བར་བཞེད་ཅིང་དེ་ནས་བཟུང་རྒྱལ་ཁབ་འདིའི་སྲིད་འབྱོར་རིག་གསུམ་དང་ཡུལ་ཕྱོགས་འདིའི་ཕྱི་ནང་གསང་གསུམ་ལ་རིག་གཞུང་འདིས་ཤུགས་རྐྱེན་ཆེན་པོ་ཐེབས།   རྒྱ་ནག་ཐང་གི་སྐབས་དང་ཐུ་བྷོད་བཙན་པོའི་སྐབས་སུ་ཁེལ།   རྒྱལ་བོ་གང་གང་གི་དུས་སུ་ཁེལ་ཡོད་པ་ད་དུང་ཞིབ་འཇུག་གི་ཡུལ་དུ་གནས།  ཙཎྡོ་ཅེ་ཏོ་ནི་བོད་སྐད་ཡིན་པར་སྨྲ་མཁན་ཡང་འདུག  ལོ་རྒྱུས་ཕལ་མོ་ཆེར་ལེགས་སྦྱར་གྱི་སྐད་ཡིན་པར་བཤད། མཚན་དོན་བཤད་ཡོད་སའི་ཡིག་ཆ་མ་མཐོང་། གཞན་རྣལ་འབྱོར་བ་ཁོ་རྒྱ་གར་ནས་བོད་ས་བརྒྱུད་བསྟན་པ་སྤེལ་བར་གནས་འདིར་ཡོང་པར་བཤད་མཁན་འདུག་ལ།  ཡང་ལོ་རྒྱུས་ལ་བྱེད་དུ་བོད་རྒྱལ"藏王"གྱིས་སྲིད་དོན་དུ་པེ་རྒྱལ"白王"ལ་ཕོ་ཉར་མངགས་པ་ཡིན་ཞིང་པེ་རྒྱལ་གྱིས་རྣལ་འབྱོར་བ་ཁོང་དམ་པའི་སྐྱེས་བུ་ཞིག་ཡིན་པར་གོ་ནས་ཐུ་བྷོད་དང་ཆང་ཡིག་བཞག་སྟེ་རྣལ་བྱོར་བ་ཁོང་ཕྱིར་ཐུ་བྷོད་ལ་ལོག་ཏུ་མ་བཅུག་པར་རྒྱལ་ཁབ་ཀྱི་དབུ་བླར་བཀུར།  མ་ཟད་ཏཱ་ལེའི་རྒྱལ་བོ་རང་ཉིད་ཀྱི་སྲང་མོ"ཡེ་ཡུན""越英"ཀྱང་གཟུང་མར་གནང་ཞེས་འཁོད་འདུག  གཞན་ཏཱ་ལེའི་རྒྱ་ཁབ་འདི་སྔོན་མར་ཐུ་བྷོད་ཀྱི་མངའ་ཁོངས་སུ་གནས་པ་དང་ཐུ་བྷོད་དང་ཏཱ་ལེའི་གཉིས་དཔུང་བ་མཉམ་གཤིབ་ཀྱིས་ཐང་དམག་ལ་གཅེས་སྲོག་ཕར་འཕེན་གྱིས་རྒོལ་མྱོང་བ་སོགས་མདོར་ན་གནའ་བོའི་རྒྱལ་ཁབ་འདི་གཉིས་ཀྱི་བར་ལ་དཀྱུས་མ་མིན་པའི་ལས་འབྲེལ་ཞིག་འདུག་པ་མངོན་གསུམ་རེད།  གཞན་དམ་པ་ཁོང་གྲུབ་པའི་རྣལ་འབྱོར་བ་རྫུ་འཕྲུལ་ལ་མངའ་མཉེས་པ་ཞིག་ཡིན་པར་བཤད་ཅིང་། པེ་ཙོས་ཀྱི་དམངས་ཁྲོད་དང་ཆོས་བརྒྱུད་དེའི་ཁྲོད་སོགས་སུ་ཁོང་གིས་མ་རུང་བའི་འདྲེ་གདོན་རྒྱལ་ངན་མང་པོ་རྫུ་འཕྲུལ་གྱིས་བཏུལ་བ་དང་འབྱུང་བཞི་ལ་ཡང་དབང་ཐོབ་པ་སོགས་ཀྱི་གཏམ་རྒྱུད་མང་པོ་བཤད་ཀྱི་འདུག   ཉམས་ལེན་ལ་བསྙེན་སྒྲུབ་དང་ཕྱག་རྒྱ་བསྐྱེད་རིམ་གྱི་སྐོར་སོགས་གཙོ་བོའི་ཆ་ནས་རིམ་པ་གསུམ་གྱིས་བྱས།  དཔེ་གཞུང་འགའ་ཤས་ཡོད་སྐད་འདུག་ཀྱང་མིག་སྔར་ལག་ཏུ་མ་སོན། བརྒྱུད་པ་ཡང་དག་ཅིག་ད་ལྟའི་བར་གནས་ཡོད་མེད་དཔྱད་པའི་གནས་སུ་ལུས།  ལྷ་ཚོགས་ནི་ཨ་ཚཱོ་ཡཱེ་ཐུགས་རྗེ་ཆེན་པོ"阿嵯耶观音"དང་མ་ཧཱ་ཀ་ལ"摩诃迦罗"སོགས་འགའ་ཤེས་འདུག  ཨ་ཚཱོ་ཡཱེ་ཐུགས་རྗེ་ཆེན་པོར་ཞུ་བའི་ལྷ་འདི་རྣམ་པའི་སྟེང་ནས་རྒྱ་བོད་ལུགས་ཀྱི་ཐུགས་རྗེ་ཆེན་པོ་སོགས་དང་མི་མཐུན་པ་ཞིག་རེད།  ཁོ་ཚོའི་མ་ཧ་ཀ་ལ་ནི་འུ་ཅག་གི་མ་ཧ་ཀ་ལ་མགོན་པོ་གུར་དང་རྣམ་པ་ཕྱག་མཚན་སོགས་སྒོ་ཐམས་ཅད་ནས་གཅིག་རེད་སྙམ།  ཆོས་བརྒྱུད་འདིས་གཙོ་བོ་ལྷ་འདི་གཉིས་ལ་དད་པ་བྱེད་པར་གྲགས།  གཞན་ཆོས་བརྒྱུད་འདི་འཛིན་པའི་སེར་མོ་ཐམས་ཅད་ལ་ཁྱིམ་གཞིས་ཡོད་པ་སོགས་བོད་ཀྱི་གྲོང་སྔགས་དང་མཚུངས་ས་མང་པོ་ལྡན།   མདོར་ན་དམ་པ་འདི་དང་ཆོས་བརྒྱུད་འདི་ད་དུང་གནའ་བོའི་རྒྱལ་ཁབ་འདི་གཉིས་ཀྱི་ལས་འབྲེལ་ནི་ཆུང་ཆུང་ཞིག་གཏན་ནས་མིན་པ་ལོ་རྒྱུས་ཀྱི་ཟུར་ཁ་མང་པོ་ལས་གཏོགས་པས།  བོད་པ་ཚོས་ཅིས་ཀྱང་འདི་ལ་ཞིབ་འཇུག་གང་འཚམས་ཤིག་དགོས་པར་མཐོང་ངོ་། །
གསལ་བཤད།

ཉིན་ཐོ་འདིའི་ནང་གི་བོད་འགྱུར་མིང་ཚིག་སྐོར་ནི་ངོས་ཀྱིས་རང་བློ་དབང་བཙན་བྱས་པ་མིན་ཀྱང་མིག་སྔར་བོད་ཡིག་ཏུ་གང་འདྲ་ཡིན་གསལ་བོ་གོ་མེད་པས་གནས་སྐབས་སུ་འདི་ལྟར་བྱས་པ་ཡིན། གཞན་ཉིན་ཐོ་འདིར་ཆོས་བརྒྱུད་འདིའི་སྐོར་གྱི་གལ་གནད་ཅན་རེ་མ་གཏོགས་ཡིག་ཚོགས་ལ་དོགས་པ་དང་གཙོ་བོ་གསང་སྔགས་ཀྱི་ཆོས་བརྒྱུད་འདིའི་སྐོར་དང་གནའ་བོའི་རྒྱལ་ཁབ་འདི་དང་ཐུ་བྷོད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྐོར་ལ་ངོས་ནས་ཞིབ་འཇུག་ཁ་ཚང་ཞིག་བྱེད་འདོད་ཡོད་པས་འདིར་གང་ཤེས་ཡོད་པ་དང་གང་མཐོང་ཡོད་པ་ཐམས་ཅད་རྒྱས་ཞིབ་བྱས་ནས་བྲིས་མེད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjbp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/8/21
༢༠༡༣ལོའི་ཟླ་༨པའི་ཚེས་༢༡ཉིན་རེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41161250
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1