མ་ཅིག་སྐྱིད་ལ་སྨྲས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ཁཱ་ཤེས་རབ་རྒྱ་མཚོ། »མ་ཅིག་སྐྱིད་ལ་སྨྲས་པ།
མ་ཅིག་སྐྱིད་ལ་སྨྲས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/24ལྟ་ཀློག (1786)རྩོམ་ཁུངས: པར་འདེབ།

                                                             མཐུ་སྟོབས་རྡོ་རྗེ།

            ----དྲན་པའི་པགས་བསྟན་ཁུག་ནས་བློ་སེམས་འགྱུར་ནི་མ་དགོས་དྲན་གདུང་ཇེ་རྣོ་རེད།

          ༠༡

བྱེ་མའི་གྲོང་གི་སྨུག་རྒྱུ།།

མིག་ནས་ཡལ་རྒྱུ་མ་བྱུང་།།

སྙིང་གི་དགའ་སའི་ཁྱོད་རང་།།

སེམས་ནས་འབོར་ཐབས་མ་བྱུང་།།

       ༠༢

དུས་ཚོད་ཐག་སྒྲའི་ཁྲོད་ཀྱི།།

ལོ་ཟླ་རྒས་རྒྱུ་མ་བྱུང་།།

ཉིན་སྒུག་མཚན་སྒུག་ངོགས་ཀྱི།།

བརྩེ་དུང་ག་འདྲ་འདུག་གམ།།

       ༠༣

བརྩེ་བ་དམར་པོ་དང་ནི།།

དུངས་བ་ལྗང་ཁུའི་ལོ་རྒྱུས།།

ནག་ཆུང་ཡི་གེར་ཕབ་པ།།

ཁྲི་ལོར་བརྟན་པའི་སྨོན་ལམ།།

         ༠༤

དབྱར་འདིའི་ཚ་རླབས་འཕྱུར་ན།།

བརྩེ་དུང་བསིལ་བསིལ་རླུང་བུ།།

དགུན་འདིའི་གྲང་རླབས་རྒྱུ་ན།།

བརྩེ་དུང་དྲོད་འཇམ་ཚར་རུ།།

         ༠༥

བརྩེ་དུང་འཚོ་བ་མུན་ན།།

བརྩེ་དུང་མིག་ཆུའི་བདག་མོ།།

བརྩེ་དུང་འཚོ་བ་གསལ་ན།།

བརྩེ་དུང་སྤྲོའི་བརྒྱའི་བདག་མོ།།

         ༠༦

གོང་གི་བཙུན་པ་བཙུན་མོས།།

སྡོམ་ཁྲིམས་ནན་གྱིས་སྲོང་ནས།།

བཀའ་ཆོས་ནན་གྱིས་བཀླགས་ན།།

བརྩེ་དུང་མཁྱེན་ས་མ་རེད།།

        ༠༧

སྤང་གི་ལུ་གུ་ཡིན་ན།།

རྩེད་འཇོའི་འགན་འཁྲི་མ་རྟོགས།།

ང་ཡི་བརྩེ་དུང་ལོངས་སྤྱོད།།

ངོས་གནས་ཚོར་ས་མ་རེད།།

        ༠༨

གཡོན་གྱི་ལྡེམ་མྱུར་ཅན་གྱི།།

བུ་མོ་ཕོ་བརྒྱའི་བདག་མོས།།

ང་ཡི་བརྩེ་དུང་རིན་ཆེན།།

ཡང་སྙིང་ཤེས་ས་མ་རེད།།

        ༠༩

མི་རྟག་སྒྱུ་མའི་རུམ་ནས།།

ཨ་ཕོས་རྨི་ལམ་རྨིས་ཡོད།།

རྨི་ལམ་གཤོག་པ་ཅན་པོ།།

རྨི་ལམ་ཀུན་གྱི་རྨི་ལམ།།

        ༡༠

མཚན་མོའི་བཅུ་དྲུག་ཟླ་བ།།

ཉ་གང་ཟླ་བའི་དཀྱིལ་འཁོར།།

རྒྱུ་སྐར་གང་གིས་འགྲན་ནུས།།

ང་ཡི་བྱམས་པ་འདྲ་འོ།།

         ༡༡

སྙིང་གཏམ་ཁ་བཏགས་དཀར་བོ།།

སེམས་ཀྱི་གསང་གཏམ་མཉམ་དུ།།

བཀྲ་ཤིས་ཉིན་མོ་ཞིག་ལ།།

ལེགས་པར་མཆོད་ནས་སྒུག་ཡོད།།

         ༡༢

སྒུག་སྒུག་ལོ་ཟླའི་ངོ་གདོང་།།

ཁ་དོག་མང་བོར་འགྱུར་ཐལ།།

ཕྲན་གྱི་སེམས་པ་དམར་ཆུང་།།

ད་དུང་སྔོན་གྱི་དེ་ཡིན།།

           ༡༣

རྟ་ཕོ་སྒྲོག་གིས་བཅིངས་མིན།།

བདག་པོའི་གཤིས་དང་བསྟུན་ཡོད།།

ཁྱོད་དང་ཕྲན་གྱི་བརྩེ་དུང་།།

རང་མོས་སྙན་ངག་རང་མོ།།

          ༡༤

མི་ཕོ་སྐྱ་བོ་ང་དང་།།

མི་མོ་ཁྱོད་ཀྱི་ལས་དབང་།།

དར་སྐུད་གཅིག་ཏུ་མེད་ན།།

ཚེ་སྔོན་ལས་ཀྱི་རྒྱུ་འོ།།

         ༡༥

ཁྱེད་ནི་སྤྲིན་པ་ལང་ལོང་།།

ང་ནི་རླུང་བུ་ལྡོམ་པོ།།

ཁྱེད་རྗེས་སྙེགས་སྙེགས་མཛད་ནས།།

ཐོབ་བྱ་བརྩེ་དུང་བྲོ་བ།།

         ༡༦

ཁྱོད་རང་དགའ་བའི་མི་དེ།།

ང་རང་ཡིན་པ་མི་འདུག།

ཆུ་མོ་མ་ཆད་བར་དུ།།

ཉ་མོས་འཁྱུག་རྩལ་སྟོན་རྒྱུ།།

         ༡༧

དེ་རིང་ཁྱོད་རང་དྲན་ནས།།

དྲན་པ་ཕྱི་རུ་ཕུད་དེ།།

མཚོ་མོར་གྲུ་ཞིག་འཕང་ངོ་།།

ཚོར་བ་དམར་རྗེན་མ་འོ།།

          ༢༠༡༣ལོའི་ཟླ༧པའི་ཚེས༣༡ཉིན་བླ་བྲང་ནས་རྫོགས་པའོ།།

                                                                        ངེད་དྲ་བ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41641694
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1