བོད་ཀྱི་ན་གཞོན་སྙན་ངག་པ་ཞོ་ར་བློ་བཟང་བཀྲ་ཤིས་ཀྱི་སྙན་དེབ་དང་པོ《དུར་ཐང་གི་རྒྱང་འབོད།》པར་བསྐྲུན་འགྲེམ་སྤེལ་བྱས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »བོད་ཀྱི་ན་གཞོན་སྙན་ངག་པ་ཞོ་ར་བློ་བཟང་བཀྲ་ཤིས་ཀྱི་སྙན་དེབ་དང་
བོད་ཀྱི་ན་གཞོན་སྙན་ངག་པ་ཞོ་ར་བློ་བཟང་བཀྲ་ཤིས་ཀྱི་སྙན་དེབ་དང་པོ《དུར་ཐང་གི་རྒྱང་འབོད།》པར་བསྐྲུན་འགྲེམ་སྤེལ་བྱས།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/24ལྟ་ཀློག (3048)རྩོམ་ཁུངས: པར་འདེབ།

   ཉེ་ལམ་བོད་ཀྱི་ན་གཞོན་སྙན་ངག་པ། མི་ཉག་རྫོགས་ཆེན་སློབ་གྲྭའི་བོད་སྐད་ཡིག་སྡེ་ཁག་གི་སྤྱིའི་བློ་འདོན་པ་ཞོ་ར་བློ་བཟང་བཀྲ་ཤིས་ལགས་ཀྱི་སྙན་ངག་ཆེད་དེབ་དང་པོདུར་ཐང་གི་རྒྱང་འབོད།ཅེས་པ་པར་དུ་བསྐྲུན་ཏེ་འགྲེམ་སྤེལ་བྱས། སྙན་དེབ་འདིར་རྩོམ་པ་པོས་མི་ལོ་གང་མང་གི་བཞུད་ལམ་དུ་དགའ་སྐྱོ་ཆགས་སྡང་གི་འཚོ་བའི་མྱོང་ཚོར་དག་སྒྱུ་རྩལ་བློས་བསླངས་ཀྱི་ཐབས་རྩལ་སྤྱད་དེ་ཕུལ་བྱུང་གི་བརྩམས་ཆོས་མང་པོར་གྲུབ་ནས་བོད་ཁམས་ཀྱི་གཞུང་སྒེར་གཉིས་ཀྱི་དུས་དེབ་ཏུ་བཀོད་པས་བོད་ཀྱི་ཆེད་མཁས་མི་སྣ་དང་རྩོམ་པ་པོ་གང་མང་གི་མཐོང་ཆེན་དང་གདེང་འཇོག་མཐོན་པོ་ཐོབ་ཡོད་པས་མ་ཚད་སྔ་གཞུག་ཏུ་བརྩམས་ཆོས་གང་མང་ལ་གཞུང་སྒེར་གཉིས་ཀྱི་རྩོམ་རིག་འདུ་ཚོགས་གང་མང་ནས་བྱ་དགའ་ཐོབ་མྱོང་ཡོད། ད་ཐེངས་གཞུང་སྒེར་གཉིས་ཀྱི་དུས་དེབ་དུ་བཀོད་ཟིན་པའི་བརྩམས་ཆོས་འགའ་ཕྱོགས་བསྡུས་ཀྱིས་རྐང་གླིང་དམར་པོའི་སྐད་ཆ་དང་རབ་རིབ་ཀྱི་སེམས་སྒྲ་དྭངས་མོ་སོགས་ཁྱོན་ལེའུ་བཅུ་ལ་བགོས་ཤིང་དཔེ་དེབ་ཀྱི་གཟུགས་སུ་ཕབ་ནསདུར་ཐང་གི་རྒྱང་འབོད།ཅེས་བཏགས་ཏེ་སྙན་ངག་ཆེད་དེབ་དང་པོ་འདི་རྒྱ་ཆེའི་ཀློག་པ་པོ་དག་གི་མིག་གི་ལོངས་སྤྱོད་དུ་བསྩལ་ཡོད་པ་འདིའོ། ། ཁོང་གིས་གསུངས་རྒྱུར་སྙན་དེབ་འདི་ནི་ཁོ་རང་ཉིད་གོ་ལ་ཟླུམ་པོའི་སྒལ་གཞུང་འདིར་འགྲེང་ཚུགས་སུ་གནས་ཡོད་པའི་དན་རྟགས་སམ་མགོ་ནག་བོད་མི་ཞིག་ཏུ་སྐྱེས་པའི་དགའ་འབོད་ཙམ་གྱི་དོད་དུ་མི་ཡུལ་ལ་ཟས་རིན་ཙམ་དུ་བཞག་པ་ཡིན་ཞེས་གསུངས་པ་དང་། འདི་ནི་མི་བུ་ཞིག་གིས་ཟོལ་བཅོས་དང་རྫུ་བག་སྤངས་ནས་བགྲང་བྱ་དུ་མའི་སེམས་ཀྱི་ཚོར་བ་སྨྱུག་རྩེར་དྲངས་པའི་སེམས་པ་དམར་པོ་དེ་ལགས་པས་བསིལ་ལྡན་གངས་ཅན་པའི་རྩོམ་རིག་གི་སྐྱེད་མོས་ཚལ་ན་བཀྲག་མདངས་ཀྱི་གཟི་འོད་ལམ་ལམ་དུ་འཕྲོ་བའི་མཛེས་སྡུག་ཡིད་དུ་འོང་བའི་མེ་ཏོག་ཞིག་ཏུ་གྱུར་ཡོད་པས་ཅི་འདྲའི་དགའ་འོས་པ་ལ་ཨང་། མི་འགྱང་པར་ཁོང་གི་སྙན་དེབ་གཉིས་པའང་ང་ཚོ་ཀློག་པོའི་མིག་གི་དགའ་སྟོན་དུ་འབྱོན་རྒྱུའི་རེ་བའི་འདུན་པའང་རིང་དུ་བསྲིངས་ནས་ཡོད། 

                                                                                                           ཁམས་པའི་དྲ་བ་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41447593
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1