༄༅། །ངའི་ཡིད་ཀྱི་མཛེས་སྡུག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »༄༅། །ངའི་ཡིད་ཀྱི་མཛེས་སྡུག
༄༅། །ངའི་ཡིད་ཀྱི་མཛེས་སྡུག
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/9/4ལྟ་ཀློག (1951)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

                                  མཐོ་གཅིག་གཉིས་པའི་སྐལ་བཟང་སྐྱིད།

སྤྱིར་མཐོ་འབྲིང་སློབ་མ་ཞིག་གི་ངོས་ནས་བཤད་ན་ང་ཚོ་ནི་ལང་ཚོའི་ཆ་ལག་རྫོགས་ཤིང་། མ་འོངས་པའི་དམིགས་འབེན་བརྟན་པོ་འཚོལ་སྙེག་གི་ཟིལ་ཤུགས་མངོན་པའི་ན་གཞོན་ཚོགས་ཁག་ཅིག་ཡིན་པས། ཆེས་རྩ་བ་ནི་མཐོ་རྒྱུགས་ལ་གྲ་སྒྲིག་ལེགས་ཤོས་དང་ཕུགས་བསམ་བརྟན་པོ་ཞིག་གི་ཆེད་དུ་བསྐྱོད་རྒྱུ་ལས་འགན་ཁུར་གཞན་ཡོད་མི་རུང་མོད། འོན་ཀྱང་། མི་ཡུལ་གྱི་གཤེད་མ་མང་ཤོས་ཞིག་དང་འཇིག་རྟེན་འདིའི་སྤྱི་འགྲོས་གང་མང་ཞིག་གིས་ནམ་ཡང་ང་ཚོར་འཇབ་རྒོལ་བྱེད་བཞིན་མཆིས་ལ། ང་ཚོས་ཀྱང་སྤྱི་འགྲོས་འདིའི་མ་ཤེས་པའི་རྒྱུ་མང་བོ་ཞིག་ལ་བསམ་གཞིག་དང་མནོ་བསམ་མི་གཏོང་ཀ་མེད་ཡིན།

ད་སྐབས་ཀྱི་དགེ་སློབ་མང་བོ་ཞིག་དང་། ལྷག་པར་དུ་ཕ་མ་རྒན་རྒོན་ཚོའི་དུས་རྟག་ཏུ་ཁོ་ཚོ་རང་ཉིད་ལ་འཚམ་པའི་ཆ་རྐྱེན་ང་ཚོར་འདོན་པ་དང་།ཁོ་ཚོ་རང་ཉིད་ཀྱི་འཐད་ཕྱོགས་མང་དག་ཅིག་ཅིས་ཀྱང་ང་ཚོ་ལ་སྤྱོད་དུ་འཇུག་གི དེའི་ཕྱིར། ང་ཚོའི་འཚོ་བ་ཡང་གཞན་དབང་ན་ཡོད་ཅིང་། མ་མཐར་ང་ཚོར་དབང་བ་ནི་རང་ཉིདཀྱི་འཇིག་རྟེན་མ་ཡིན་པར། གཞན་དབང་གི་ལོངས་སྤྱོད་ཁོ་ན་ལས་ཅི་ཡང་ཐོབ་མེད།

འདི་ལྟ་བུའི་སྤྱི་ཚོགས་ལས་ངས་ལས་དབང་ལ་ངོ་རྒོལ་བྱེད་འདོད་ཅིང་། རང་དབང་ལ་བརྩོན་ལེན་ཡང་བྱེད་འདོད། རང་ཉིད་ལ་དབང་བའི་འཇིག་རྟེན་འདི་ལས་ངས་རང་ཉིད་ལ་འཚམ་པའི་ལྷད་མེད་ཀྱི་དུངས་བརྗོད་ངོ་མ་ཞིག་སྙན་ངག་གིས་བཅངས་འདོད། མ་མཐར་ཡང་ངའི་མི་ཚེ་གང་བོར་དམ་འཛིན་ལས་གཞན་དབང་ལ་སྤྲོད་མི་འདོད། སྙན་ངག་འདིའི་བརྗོད་སྙིང་ཀློང་ནས་ངའི་གཤེད་མ་གང་མང་ཞིག་རང་དབང་མང་དག་ཅིག་ལ་ངོ་རྒོལ་བྱས་ནས་གཅེར་བུར་ཕུད་འདོད་ལ་ལྷང་ངེར་མངོན་དུའང་གཞུག་འདོད།

རང་ཉིད་ལ་དབང་བའི་བརྩེ་བ་ཡི་ཐག་སྣེ་ལས། ངའི་ཡིད་ཀྱི་མཛེས་སྡུག་རྙེད་བྱུང་ལ་སེམས་ཀྱི་བདེ་སྐྱིད་ཀྱང་ཚོར་བྱུང་། ཡིན་ནའང་། བརྒྱུད་རིམ་འདིའི་ཀློང་ནས་ཕ་རོལ་བ་ཚོའི་ཕྲག་དོག་མངོན་བྱུང་ལ། ཕྲ་མ་བ་ཚོས་གདུག་རྩུབ་མཆེད་བྱུང་། གང་ལྟར་ཀྱང་། ཀློའི་ཐབས་དེ་དག་ལས་ངའི་སྙིང་ཁོང་ལ་གནོན་ཤུགས་བསྩལ་བྱུང་བ་ལས་རྨ་ཁ་བཟོ་མི་ཐུབ། བཀའ་དྲིན་ཆེ་ངའི་བརྩེ་བའི་གཤེད་མ་ཁྱོད་ཚོའི་དཀའ་ལས་མྱངས་སོང་། ངའི་ཡིད་ཀྱི་མཛེས་སྡུག་ཇེ་ཕྱུག་རེད། ངའི་སེམས་ཀྱི་དུངས་པ་ཇེ་གཙང་རེད།

     ངའི་བརྩེ་བའི་གཤེད་མ་ཡུན་ཐུང་གི་གནོན་སྐྱོན་དེ་ལ་དགའ་མ་སྔ། ཕྲག་དོག་གིས་གཡབ་མོ་དེ་རྒྱུན་མ་སྐྱོངས། ང་ལ་འཆར་གཞི་ཡོད་ལ་དམིགས་འབེན་ཀྱང་ཡོད། བརྩེ་བའི་སྨན་ཆུང་རྒྱང་ཐག་རིང་ཡང་ལྷད་མེད་གཅིག་ཏུ་སྦྲེལ་ཡོད།  ཁྱོད་ཚོའི་ཐབས་བཀོད་ལ་བཀའ་དྲིན་ཆེ།  ངའི་ཡིད་ཀྱི་མཛེས་སྡུག་ཇེ་ཕྱུག་ཏུ་བཏང་ཐལ།  ངའི་སེམས་ཀྱི་དུངས་པ་ཇེ་གཙང་དུ་བཏང་ཐལ།  ད་དུང་དེ་ལས་ལྷག་པའི་གནོན་ཤུགས་གྲངས་མེད་ཅིག་བསྩལ་བྱུང་།

                                        ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41983480
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1