རྒྱུགས་གཞི་སློབ་གསོའི་ནག་ཉེས་དང་འཇོན་ཐང་མི་སྣའི་བཀག་རྡོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »རྒྱུགས་གཞི་སློབ་གསོའི་ནག་ཉེས་དང་འཇོན་ཐང་མི་སྣའི་བཀག་རྡོ།
རྒྱུགས་གཞི་སློབ་གསོའི་ནག་ཉེས་དང་འཇོན་ཐང་མི་སྣའི་བཀག་རྡོ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/9/7ལྟ་ཀློག (2062)རྩོམ་ཁུངས: པར་འདེབ།

                                         ༼སྙུག་བཅུད་ལེན།༽ རྔ་བ།

     ཁྱོད་ལ་མཚོན་ན་རྒྱུགས་སྐར་མཐོན་པོ་ཞིག་ལོན་པ་ནི་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད་ན་ཐང་མོད། ངས་ནི་ནམ་ཡང་དེ་ལ་ཧ་ལས་ཀྱིན་མེད།                                                                                                                                                          

     ང་ཚོས་བསམ་བློ་གཏོང་རན་འདུག་ཅེས་དེང་སྐབས་མཁས་པ་དང་བསམ་བློ་བ་གང་མང་ཞིག་གིས་དབྱར་དུས་ཀྱི་ཆར་འབབ་འབབ་བྱེད་ཀྱིན་ཡོད་ན་ཡང་།  ད་དུང་སྔོན་མ་སྔོན་མ་ཞིག་གི་དགེ་མཚན་གླེང་ཞིང་སྔོན་ཆད་སྔོན་ཆད་ཅིག་གི་རྐང་རྗེས་ཁོ་ན་སྙེག་བཞིན་པའི་རྒན་རབས་པ་འགའ་ཞིག་དང་། དེ་དག་གི་སློབ་གསོ་ཁོ་ན་ལས་མྱང་མ་མྱོང་བའི་བསམ་བློའི་རིག་དུད་པ་སྐོར་ཞིག་གིས་དུས་རབས་གསར་བ་འདིའི་མི་རབས་གསར་བ་ཚོའི་འཇོན་ནུས་ཀྱི་ཁོར་ཡུག་ན་འབག་བཙོག་བཟོ་བཞིན་ཡོད།སྤྱིར་བཏང་མི་ཞིག་ལ་མཚོན་ན་རླབས་ཆེ་བའི་བྱ་བ་ཞིག་གླེང་བའམ་སྒྲུབ་པའི་སྐུལ་མ་བཏང་ཚེ་དེ་ནི་ཧ་ཅང་བར་ཐག་རིང་བོ་ཞིག་ཏུ་སྣང་སྲིད་ལ་དེ་མ་ཐག་ཏུ་མགོ་ཇི་ལྟར་རྩོམ་དགོས་པའང་མི་ཤེས་པའི་དཀའ་ཁག་ལ་འཕྲད་སྲིད་པ་ཞིག་ཀྱང་རེད། དེའི་ཕྱིར་ང་ཚོ་དཀའ་ཚེགས་དེ་དག་གི་གདོང་ནས་ཡར་ལངས་དགོས་ཤིང་དེ་དག་གི་གདོང་ནས་ངེས་པར་དུ་ཡར་ལངས་ཐུབ་པའི་སྤོབས་པ་ལྡན་དགོས།ངས་འདི་ལྟར་བཤད་དོན་ཆེད་དུ་ཁོ་ཚོའི་སྐྱོན་ཆ་ཞིག་རྙེད་ཨེ་ཐུབ་བལྟ་གི་ཡོད་པ་མིན་ལ་ཁོ་ཚོར་ཞྭ་མོ་ཞིག་དཀོན་འདོད་པ་དེ་ལས་ཀྱང་མིན།འོན་ཀྱང་།ནམ་རྒྱུན་བསྒྱུར་རྒྱུ་མེད་པའི་ཁོ་ཚོས་བསྐྱར་བཟློས་ཀྱི་གོམས་སྲོལ་ལས་མིའི་རིགས་བླ་སྲོག་བཟོ་སྐྲུན་པ་ཞིག་གི་མཚན་ཉིད་དེ་ལོགས་ཕྱོགས་སུ་འཁྲིད་ཀྱིན་འདུག  སྤྱིར་བཏང་མི་སུ་ཡིན་ཀྱང་སྐྱོན་ཡོངས་བྲལ་ཡོན་ཏན་ཀུན་འཛོམས་ཤིག་དཀོན་མོད་ཀྱང་ཁོ་ཚོའི་སློབ་གསོ་དང་ཁོ་ཚོའི་དམིགས་འདུན་གྱིས་མི་རབས་གསར་བ་ཚོའི་སེམས་ཤུགས་ལ་ཤུགས་རྐྱེན་ངན་པ་འཇོག་གིན་འདུག་ལ།ཤུགས་རྐྱེན་དེ་མི་རིགས་ཧྲིལ་བོར་འབྲེལ་བ་དམ་པོ་ཡོད་ཕྱིར་ང་ཚོས་ཅིས་ཀྱང་ཤུགས་རྐྱེན་དེའི་འགག་སྒོ་གཏོར་དགོས། ད་དུང་འགག་སྒོ་དེ་གཏོར་བའི་རྒྱབ་ལྗོངས་ནས་ང་ཚོ་ལའང་རང་འགུལ་གསར་སྐྲུན་ཞིག་གི་སྒྲིག་གཞི་ཞིག་ཀྱང་དགོས་པ་རེད།ཏག་ཏག་འདི་ལྟར་བསམ་བློ་རེ་བཏང་ན་ཁོ་ཚོས་སྒེར་གཅོད་སློབ་གསོ་འམ་རྒྱུགས་གཞིའི་སློབ་གསོ་དེས་ནག་ཉེས་མང་པོ་ཞིག་བཟོ་བཞིན་ཡོད་དེ།རྒྱུགས་གཞིའི་སློབ་གསོ་དེ་ཤུགས་དྲག་པས་རྐྱེན་གྱིས་རྒྱུ་སྤུས་སློབ་གསོ་དེ་རྒྱང་ཕུད་བཏང་ཞིང་རྒྱུ་སྤུས་ལྡན་པའི་མི་སྣའང་ཇེ་ཉུང་དུ་གྱུར་བ་རེད།ཁོ་ཚོར་མཚོན་ནའང་ཁྱད་ཆོས་དང་དམིགས་ཡུལ་མེད་པ་མ་ཡིན་སྟེ།སྔོན་ཆད་སྔོན་ཆད་ཅིག་གི་གོམས་སྲོལ་ཁོ་ཚོས་ཤེས་ལ་གནའ་རབས་གནའ་རབས་ཤིག་གི་ཁོར་ཡུག་ཀྱང་ཁོ་ཚོས་མཐོང་མྱོང་བ་རེད། ད་དུང་ཁོ་ཚོ་ལ་དམིགས་ཡུལ་ཡོད་དེ་ཁོ་ཚོའི་དམིགས་ཡུལ་དང་བསམ་བློའི་སྙིང་དོན་གྱིས་སློབ་གསོ་འདི་འདྲ་གཏོང་གི་ཡོད་པ་རེད།མི་ཞིག་ལ་མཚོན་ན་འཚོ་བ་དགོས་པ་རེད་ང་ཚོས་ཇི་ལྟར་བྱེད་ཀྱང་འཚོ་བའི་ཕྱིར་དུ་སློབ་སྦྱོང་བྱ་དགོས་ལ།རྒྱུགས་སྐར་མཐོན་པོ་ཞིག་ལོན་ཚེ་ད་གཟོད་སློབ་སྦྱོང་གི་འབྲས་བུ་བཟང་བོ་ཞིག་སྨིན་པའི་རྟགས་རེད་ཅེས་མྱི་ཤེས་ཡོན་པ་ཞིག་ཡིན་མིན་དེ་གཙོ་བོ་རྒྱུགས་སྐར་ཞིག་གི་ངོས་ཐད་ནས་ཐག་གཅོད་བྱེད་ཀྱིན་ཡོད་པ་རེད།གྲོགས་པོ་ཚོ་ཡ།ང་ཚོ་འདི་ལྟར་བསྐྱར་བཟློས་ལ་བརྩོན་ཞིང་ཡོད་ཚད་རྒྱུགས་སྐར་ཞིག་གིས་མཚོན་ནུས་པའི་བསམ་བློ་དེའི་འོག་ནས་མུ་མཐུད་དུ་མགོ་བོ་དུད་རྒྱུ་ཡིན་ན།ཕྱི་རོལ་གྱི་མཐོང་མ་མྱོང་བའི་ཁྱད་མཚར་དེ་ཚོར་ཇི་ལྟར་རོ་མྱོང་བྱ་རྒྱུ་ཡིན།འཇིག་རྟེན་སྟེང་སྔར་བྱུང་མ་མྱོང་བའི་ལམ་ཆེན་ཞིག་ཇི་ལྟར་གསར་བཏོད་བྱེད་རྒྱུ་ཡིན། འདི་དག་ཚང་མ་ད་བར་དུ་ང་ཚོ་ལ་རང་བཀུར་དང་རང་རྟོན་གྱི་གོམས་སྲོལ་ཞིག་མ་ཡོད་པས་རེད་ལ་རང་རྟོན་གྱི་སློབ་གསོ་ཞིག་མ་གནང་བས་ཀྱང་རེད། རེད་དེ། ང་ཚོས་ད་བར་དུ་ཁོ་ཚོས་ཅི་གསུངས་བདེན་དུ་བཟུང་ཞིང་མཛུབ་གུས་གར་བརྟན་ཚད་མར་བཟུང་ནས་དོགས་སློང་གི་འདུ་ཤེས་ཅུང་ཙམ་ཡང་མ་ཡོད་པ་རེད།དེའི་ཕྱིར་ན།རང་རྟོན་བསམ་བློ་ཞིག་གི་རྒྱབ་ལྗོངས་ནས་རང་རྟོན་འདུ་ཤེས་ཀྱིས་བསྐྲུན་པའི་མི་སྒེར་གྱི་ཐོན་འབྲས་ཤིག་དང་། དོགས་སློང་གི་བསམ་གཞིག་ལས་ཐོན་པའི་ཁྱད་མཚར་གྱི་དངོས་པོ་ཞིག་སྟོན་རྒྱུ་མ་ཡོད་པ་ཡང་ཁོ་ཚོའི་རྐང་རྗེས་ཁོ་ན་བསྙེགས་སོང་བས་མ་ཡིན་ནམ། རེད་དེ། ད་ནི་ང་ཚོ་དུས་རབས་གསར་བ་ལ་ཁ་ཕྱོགས་ཏེ་ཁོ་ཚོས་ཅི་གསུང་ཚད་མའི་ངོ་བོ་ལས་བརྒལ་ཏེ་དོགས་སློང་གི་ལམ་ཆེན་སྟེང་ཞུགས་དགོས།ད་ནི་ང་ཚོས་ཅིས་ཀྱང་གཞན་དབང་གི་ལས་དབང་ཁོ་ན་བསྟེན་པ་བསྐྱུར་ཏེ་རང་རྟོན་གྱི་ལམ་བུའི་སྟེང་ནས་སྒོ་ཆེན་ཞིག་ཕྱེ་ཨེ་ཐུབ་བལྟ་དགོས།  ད་ནི་ང་ཚོས་ཅིས་ཀྱང་རང་གིས་རང་ལ་སློབ་གསོ་གཏོང་ཤེས་དགོས་ལ།རྒྱུགས་གཞིའི་སློབ་གསོ་ལས་རྒྱུ་སྤུས་སློབ་གསོ་གཏོང་ཤེས་པ་ཞིག་བྱེད་དགོས།གྲོགས་པོ་ཚོ།ངོ་མ་བཤད་ན་ང་ཚོ་ལ་རྒྱུ་རྐྱེན་གང་མང་ཞིག་ཚང་འདུག་ལ་གཞན་དང་འདྲ་བའི་ཁྱད་ཆོས་ཀྱང་ཡོད་པ་རེད།དེ་བས།ད་ནི་རང་ཉིད་ཇི་ལྟར་མཐོར་འདེགས་སུ་གཏོང་བ་དེ་རང་ཉིད་ཁོ་ནར་རག་ལས་ཡོད་པས།རང་གིས་རང་ལ་སྤོབས་པ་ཡི་ལྕག་གིས་སྐུལ་བ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་རེད།ཧྥ་རན་སིའི་འབུ་སྲིན་རིག་པ་མཁས་ཅན།ཧྥ་ཕུའུjཨེར་གྱིས།སློབ་སྦྱོང་གི་གནད་དོན་གཙོ་བོ་དེ་ཁྱོད་ལ་གོ་རྟོགས་དང་སྙིང་རུས་ཡོད་མེད་ལ་རག་ལས་པ་ལས་སློབ་མཁན་ཡོད་མེད་ལ་རག་ལས་མེད།ཅེས་གསུངས་ཡོད་དེ།དུས་ནམ་ཡིན་ཡང་ང་ཚོས་དགེ་རྒན་ཞིག་ཁོ་ནར་རེ་བ་བཅོལ་དགོས་པའི་ངེས་པ་མེད་ལ་དགེ་རྒན་ཀླད་རྙིང་ཞིག་གི་སྐད་ཆ་ཁོ་ན་ཚད་མར་འཛིན་དགོས་པའི་ངེས་པ་དེ་ ལས་ཀྱང་མི་འདུག ཧྥ་ཕུའུ་ཨེར་གྱིས་གསུངས་བ་བཞིན༼ང་ཚོས་ནམ་ཡང་དཔེ་ཆ་མང་བོ་བཀླག་སྟེ་རང་གིས་རང་ལ་གོ་རྟོགས་ཀྱི་འདུག་སྟེགས་ཅིག་བསྐྲུན་དགོས༽པ་རེད་ལ། གོ་རྟོགས་དེ་ཡང་རང་རྟོན་བསམ་པ་འགྱུར་མེད་ཅིག་གི་སྒོ་ ནས་སྙིང་རུས་ཡོད་མེད་ཀྱི་གནད་སྒོ་ཞིག་ལས་ཐག་གཅོད་བྱེད་ཀྱིན་ཡོད། དེ་ནི་རང་གིས་རང་ལ་རྒྱུ་སྤུས་སློབ་གསོ་ཞིག་གི་མལ་ཁྲི་བཟོས་པ་རེད་ལ་སྐྱག་དྲི་འཐུལ་བཞིན་པའི་རྒྱུགས་གཞིའི་སློབ་གསོ་ཞིག་གི་འཕུངས་མགོ་རུ་མགོ་བོ་མ་དུད་པ་ཞིག་ཀྱང་རེད།སྤྱིར་མྱི་ཞིག་ལ་མཚོན་ན་རང་གཞན་སུས་ཀྱང་རྟོགས་མེད་པའི་བག་ལ་ཉལ་བའི་ཁྱད་ཆོས་གང་མང་ཞིག་ཡོད་མོད་ཀྱང་། དེ་དག་ཚང་མ་སློབ་གསོ་ཞིག་གི་ཁ་ཕྱོགས་གང་སར་འཁོར་ན་དེ་ཕྱོགས་སུ་མི་འགྲོ་ཐབས་མེད་རེད། སློབ་གསོ་བཟང་བོ་ནི་མི་ཚེ་ཐམས་ཅད་གསེར་དུ་བསྒྱུར་བྱེད་ཀྱི་སྨན་མཆོག་ཅིག་རེད་ལ།སློབ་གསོ་བཟང་བོ་ནི་མིའི་རིགས་ནག་ཕྱོགས་སུ་བསྒྱུར་བྱེད་ཀྱི་དུག་རྫས་ཤིག་ཀྱང་རེད།དེ་བས།བསམ་བློ་ཞིབ་མོ་ཞིག་བཏང་ན།སྐབས་འདིར་རྒྱུགས་གཞིའི་སློབ་གསོས་མིའི་རིགས་སྤྱི་དང་ཁྱད་པར་དུ་འཇོན་ནུས་དང་སེམས་ཤུགས་ཡོད་པའི་ན་གཞོན་ཚོའི་སྟོབས་ཤུགས་ལ་ཚད་བཀག་ངེས་ཅན་ཞིག་ཐེབས་ཀྱིན་འདུག གྲྭ་པའི་སྡེ་ཡིན་ན་ཆོག སློབ་གྲྭའི་སྡེ་ཡིན་ཡང་ཆོག  ལས་བྱེད་པའི་སྡེ་ཡིན་ཡང་ཆོག དམངས་ཀྱི་སྡེ་ཡིན་ནའང་ཆོག གང་ལྟར།རྒྱུགས་སྐར་མཐོན་པོ་དང་དེ་གཟི་བརྗིད་ཅན་དུ་བརྩི་བཞིན་པའི་སློབ་གསོ་དེས་མྱི་རྣམས་ཀྱི་ཐུན་མོང་མ་ཡིན་པའི་འཇོན་ནུས་དག་ལ་ཤུགས་རྐྱེན་ངན་པ་འཇོག་གིན་ཡོད་པ་ནི། གསར་བཏོད་ཀྱི་འདུ་ཤེས་དང་།རང་བཀུར་གྱི་འཇོན་ནུས།མི་སྒེར་གྱི་རྩ་འཛུགས།ལྷག་པར་དུ་དཔེ་ཆ་རིན་ཐང་ཅན་མང་པོ་བཀླག་པའི་འདུ་ཤེས་ཐམས་ཅད་རྩ་བ་ནས་གཅོད་ཀྱིན་ཡོད་པ་རེད། དེའི་ཕྱིར་ཁོར་ཡུག་འདིར་མཚོན་ན། གཞན་དང་འདྲ་བའི་འཛམ་གླིང་སྟེང་སྐད་གྲགས་དང་འཇོན་ནུས་ལྡན་པའི་མྱི་བུ་ངོ་མཚར་ཅན་བྱོན་དཀོན་པའི་གནད་དོན་གཙོ་བོ་ཞིག་ནི། རྒྱུ་སྤུས་སློབ་གསོ་ལས་རྒྱུགས་གཞིའི་སློབ་གསོ་གཙིག་སུ་བཟུང་སོང་བས་རེད་འདོད། ད་ནི་ང་ཚོས་ཅིས་ཀྱང་དཔེ་ཆ་བཟང་བོ་གང་མང་ཞིག་བཀླག་ནས་རང་ཉིད་ཀྱིས་ཅི་ཞིག་འགྲུབ་ཀྱིན་ཡོད་མིན་ལ་བརྟག་དཔྱད་ཅིག་བྱེད་ན་འགྲིག  མཚམས་འདི་ནས་ཆེད་དུ་གྲོགས་པོ་ཚོར་རྩོམ་ཡིག་འདིའི་མཇུག་རྫོགས་ཁར་ལེགས་བཤད་ཅིག་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།དེ་ནི་དབྱིན་ཇིའི་སྙན་ངག་པ་ཞོས་ལེ་ཡི་གདམས་ངག་ཅིག་རེད།༼དཔེ་དེབ་ཅི་ཙམ་ལྟ་ཀློག་བྱས་པ་དེ་ཙམ་གྱིས་རང་ཉིད་ཁོག་སྟོང་ཞིག་ཡིན་པ་ད་གཟོད་རྟོགས་ཐུབ།ཅེས་གསུངས་ཡོད། འདིས་ནི་ང་ཚོ་ལ་གཉིད་སྐྱིད་པོ་ཞིག་ཡོང་དུ་འཇུག་གི་མི་འདུག །    

༢༠༡༡     ༢༦ལ།

                              ༢༠༡༢ལོའི<<མི་ཚེའི་འགན་འཁྲི>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
31s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41562964
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1