ཕ་ཡུལ་གྱི་མཐོང་ཐོས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 20 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ཁཱ་ཤེས་རབ་རྒྱ་མཚོ། »ཕ་ཡུལ་གྱི་མཐོང་ཐོས།
ཕ་ཡུལ་གྱི་མཐོང་ཐོས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/9/12ལྟ་ཀློག (1779)རྩོམ་ཁུངས: པར་འདེབ།

                                   དཔལ་མགོན་སྐྱབས།
                       ༡
བརྒྱ་ཤོག་དམར་པོ་མིག་གིས་མཐོང་ན་ཡབ་མེས་གཤིས་བཟང་ངང་གིས་འགྱུར།།
ཕ་ས་གྲུ་བཞི་སྒོར་ལ་བརྗེས་ཏེ་འཇེམ་འཁོར་གོང་ཆེན་བསྐོར་ནས་རྒྱུགས།།
སྐྲ་མདོག་སེར་དམར་ཚོན་གྱིས་བྱུགས་ཏེ་ཡག་པོ་སྙམ་ནས་སྣང་བ་མཐོ།།
རྒྱ་བོད་སྐད་གཉིས་སྦྲགས་མར་བཤད་ཞོར་རིགས་མཐུན་གྲོགས་ལ་ནང་འཛིང་བྱས།།

                        ༢
བརྒྱ་ཤོག་དམར་པོ་མིག་གིས་མཐོང་ཚེ་གཏེར་སྒོ་བཙོང་བར་ཐེ་ཚོམ་མེད།།
ཕ་ས་ཕྱི་རྐོ་ནང་སློག་བྱས་ཀྱང་སེམས་ཁུར་བྱ་བ་ཡེ་ནས་མེད།།
མཛེས་ཤིང་སྡུག་པའི་སཱ་ལའི་སྨན་ལྗོངས་ཕྱི་བཙོག་ནང་བཙོག་སྣོད་དུ་བསྒྱུར།།
ཡུན་ནས་ཡུན་དུ་ང་ཚོའི་ས་ནས་མི་རབས་རྗེས་མ་འཚོ་ཐབས་བྲལ།།
                         ༣
ཁོར་ཡུག་སྲུང་སྐྱོབ་གླེང་མཁན་མང་ཡང་དོན་ལྡན་ལག་ལེན་བྱེད་མཁན་ཉུང་།།
ཁ་བཤད་ཙམ་གྱིས་སྲུང་སྐྱོབ་ཐུབ་ན་ངས་ཀྱང་ཉིན་རེར་བརྒྱ་རེ་བཤད།།
ཁ་ནས་བཤད་ཀྱང་ཕན་ཐོགས་མེད་པས་ད་ལྟའི་གནས་བབ་འདི་ལ་ཐུག།
ཞིབ་ཏུ་བསམས་ན་རང་རེའི་མི་འདིར་ཁ་བཤད་ཙམ་ལས་ལག་ལེན་དཀོན།།

                          ༤
འཇེམ་འཁོར་གོང་ཆུང་བསྐོར་བའི་དུས་ན་གཞན་གྱིས་འཕྱ་བའི་སྲོལ་ཞིག་དར།།
མི་གཞི་མི་གཤིས་ལེགས་རྒྱུ་མ་གཏོགས་འཇེམ་འཁོར་གོང་ཆེན་ཡིན་ཡང་ཅི།།
མི་རྟག་འཁོར་བའི་གཤིས་ལ་ཕྱོགས་ཏེ་ཞིབ་འདང་རྒྱག་རྒྱུ་གལ་ཆེ་འོ།།
འདི་ནི་བདག་གིས་ཁྱེད་ཚོར་ལབ་པའི་སེམས་ཀྱི་སྙིང་གཏམ་ཐེངས་དང་པོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42062416
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1