རྫུན་བཤད་པ་ནི་ཁྱོད་ཀྱིས་རང་ཉིད་རྫུན་མ་ཡིན་པ་ བསྒྲགས་པ་རེད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »རྫུན་བཤད་པ་ནི་ཁྱོད་ཀྱིས་རང་ཉིད་རྫུན་མ་ཡིན་པ་ བསྒྲགས་པ་རེད།
རྫུན་བཤད་པ་ནི་ཁྱོད་ཀྱིས་རང་ཉིད་རྫུན་མ་ཡིན་པ་ བསྒྲགས་པ་རེད།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/9/15ལྟ་ཀློག (2679)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                         ༼དུག་ཞགས།༽

                  ----------སྤྱི་ཟླ་བཞི་བའི་ཚེས་གཅིག

                

ཁ་སང་ནི་སྤྱི་ཟླ་བཞི་བའི་ཚེས་གཅིག་ཡིན་པ་དང་ཉི་མ་དེ་ནི་འཛམ་གླིང་གི་དུས་ཆེན་མང་གྲས་ཀྱི་གཅིག་ཡིན་པ་ཕལ་ཆེར་སུས་ཀྱང་ཤེས་ཀྱིན་ཡོད་པ་རེད།འོན་ཀྱང་ཤེས་བཞིན་དུ་གཡོ་འོག་ཏུ་ཚུད་འགྲོ་བའི་མི་དེ་དག་ནི་ངོ་མ་སྙིང་མ་རྗེ།སྤྱིར་ན་རྫུན་བཤད་པ་ནི་མི་ཐ་ཤལ་བ་དག་གི་སྤྱོད་པ་ཞིག་ཡིན་ཡང་དེ་ལ་ཆེད་དུ་དུས་ཆེན་ཞིག་དགོས་པ་ལ་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན། དེའི་ཕྱིར་ཉི་མ་འདི་དམ་འཛིན་བྱེད་མཁན་གྱི་མི་གྲངས་འཛམ་གླིང་ཐོག་གི་བརྒྱ་ཆའི་དགུ་བཅུ་ཡན་ཟིན་འདུག་པ་འདྲ། དེ་ཡིས་ཅི་ཞིག་མཚོན་ཐུབ་པ་ཡིན་ཟེར་ན་མིའི་རིགས་ཕྱིར་རྨོངས་པའི་ཕྱོགས་སུ་ཆས་པ་དང་སེམས་པ་ཡོངས་སུ་ཁ་དོག་ནག་པོ་ཞིག་གིས་ཁེབས་ཡོད་པ་མཚོན་ཡོད།ཁ་དོག་ནི་ཁ་དོག་རང་ཡིན་ཡང་།ངས་བརྗོད་པའི་ཁ་དོག་ནི་སེམས་ཀྱི་ཁ་དོག་ཅིག་ཡིན་པས་སྣང་མེད་དུ་བཞག་ན་ག་ལ་ཆོག།

                                      

ནམ་ལངས་མ་ཐག་ནས་ཕན་ཚུན་བར་རང་ནུས་ཡོད་ཚད་ཕུད་ནས་བསླུ་བྲིད་བྱེད་གང་ཐུབ་དང་།ཁ་པར་སོགས་དེང་རབས་ཀྱི་འཕྲུལ་ཆས་དེ་དག་བཀོལ་ནས་རྫུན་སྨྲ་ཅི་ཐུབ་ཀྱི་ལུས་སུ་ཞུགས་ནས་ཁོམ་ལོང་ཞིག་ཡོད་པ་མ་རེད།གལ་ཏེ་ཉི་མ་འདི་ལ་སྟབས་མ་ལེགས་པར་རྫུན་བཤད་པའི་རྐྱེན་གྱིས་མི་ཞིག་ཤི་སོང་ན་ཁྲིམས་ལུགས་ཀྱིས་ཇི་ལྟར་ཐག་གཅོད་བྱེད་སྲིད།  རྫུན་བཤད་མཁན་གྱི་མི་དེ་ལ་གནས་ལུགས་ཧ་ཅང་ཆེན་པོ་ཞིག་འདུག་པ་ཀུན་གྱིས་ལེ་ཤེས།དེ་ནི་རྫུན་བཤད་པའི་དུས་ཆེན་གྱི་ཉི་མ་ཡིན་པས་སོ།།

                    ༣

ངས་ཁ་སང་གི་ཉི་མ་དེ་ལ་རྫུན་བཤད་ན་མི་འདོད།ཁྱོད་ཀྱིས་རྫུན་བཤད་ནས་ངའི་མགོ་བསྐོར་བར་ཁོང་ཁྲོ་ཡང་ལངས་སྲིད།ཡིན་ན་ཡང་ང་ལ་ཐབས་བཀོད་མི་འདུག  ང་རང་ཁེར་རྐྱང་ཡིན་པས་གནས་ལུགས་ཀྱིས་ཀྱང་ང་རང་རྒྱང་ཕུད་གཏོང་གིན་ཡོད་པ་རེད།དོན་ངོ་མར་གནས་ལུགས་ཀྱིས་ང་རང་རྒྱང་ཕུད་བཏང་བ་མ་ཡིན་ལ་དེ་ནི་གནས་ལུགས་ཀྱིས་གནས་ལུགས་རྒྱང་ཕུད་བཏང་བ་རེད།ད་ལྟ་འཇིག་རྟེན་ལྟ་ཚུལ་ཀྱང་རྫུན་གྱིས་ཁེབས་པའི་སྐབས་འདིར་ང་ཚོར་དགོས་པ་ནི་རྫུན་གྱི་དུས་ཆེན་མ་ཡིན་པར་བདེན་གཏམ་རྐྱང་རྐྱང་བཤད་པའི་དུས་ཆེན་ཞིག་དང་ཡིན་གཅིག་མིན་གཉིས་གནས་ལུགས་བརྩི་དགོས་པའི་དུས་ཆེན་ཞིག་མིན་དོན་ཅི།

                     ༤

མི་རྫུན་མ་དང་དངོས་པོ་རྫུན་མ་སོགས་རྫུན་ལ་རིགས་ཧ་ཅང་མང་བོ་ཡོད་པ་རེད།སྤྱིར་ན་རྫུན་མ་མེད་ན་དག་མ་མེད་པའི་བཤད་སྲོལ་ཡོད་ཀྱང་དེང་དུས་རྫུན་མ་མང་བ་ཚབས་ཆེ་ལ་དག་མ་ནི་དཀོན་མོའི་ནང་གི་དཀོན་མོ་ཡིན་འདུག དེའི་ཕྱིར་དེ་རིང་གི་ཉི་མ་འདི་ལ་རྫུན་བཤད་ནས་མི་ཞིག་གཡོ་འོག་ཏུ་ཚུད་པར་བྱས་པ་ནི་དོན་ངོ་མར་ཁྱོད་ཀྱིས་རང་ཉིད་རྫུན་མ་ཡིན་པ་ར་སྤྲད་པ་རེད། ཁྱོད་ཀྱིས་རང་ཉིད་མི་རྫུན་མ་ཞིག་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།

 

                       ༥

གལ་ཏེ་དེ་རིང་བཞི་བའི་ཚེས་ཉེར་གསུམ་ཡིན་ན།དེ་ནི་འཛམ་གླིང་གི་དཔེ་ཀློག་དུས་ཆེན་ཡིན་ལ་འཛམ་གླིང་ཐོག་གི་མི་གྲངས་ཕྱེད་ཀ་ཙམ་གྱིས་ཤེས་སམ།འདི་ལྟར་མི་མང་བོ་ཞིག་ཁོམ་ལོང་མེད་པར་དུས་ཆེན་དེ་རོལ་བ་མཐོང་ཚེ།གནས་ལུགས་ཀྱང་ཤུགས་ཆེན་པོས་འབར་སྲིད་པ་ཐེ་ཚོམ་མེད་ཀྱང་ཉི་མ་དེ་ནི་ཧ་ཅང་ལྷིང་འཇགས་ངང་བཞུར་འགྲོ་བ་བཤད་མ་དགོས།  དེའི་ཕྱིར་ང་ཁ་སང་ལ་སུན་གྱིན་ཡོད།

             སྤྱི་ལོ༢༠༡༠ལོའི་ཟླ༤བའི་ཚེས༢༣ཉིན་དཔྱི་ཁོག་ནས།

                         མི༢༠༡༢ལོའི<<མི་ཚེའི་འགན་འཁྲི>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41551874
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1