བྱི་བ་སྟོང་ཕྲག་དམར་གསོད་གཏོང་འདུག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 12 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »བྱི་བ་སྟོང་ཕྲག་དམར་གསོད་གཏོང་འདུག
བྱི་བ་སྟོང་ཕྲག་དམར་གསོད་གཏོང་འདུག
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/10/8ལྟ་ཀློག (51297)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

          བྱི་བ་བསད་ཟིན་པའི་ཤ་དང་སྤགས་པ།


    ཚོགས་གཙོ་མགར་སྒྲོལ་དཀར་སྐྱབས་དང་རྨ་ཆུ་རྫོང་ཀུན་ཕན་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་ལྷག་ཏུ་རང་གི་ཁོར་ཡུག་ན་ཉམ་ཆུང་བྱི་བ་སྲོག་ལྡན་མང་བོ་དམར་གསོད་གཏོང་བཞིན་པ་རྫོང་རིམ་པ་སོགས་ལ་ཡར་ཞུ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་སྲུང་སྐྱོབ་བྱས་པ་རེད་མོད། སྐབས་དེར་ཚོགས་པ་འདིར་མཚོན་ན་དཀའ་ཁག་མང་བོ་ཞིག་བརྒྱུད་དགོས་བྱུང་བ་ནི་ཁྱི་སྤྱང་ངན་འབྲེལ་རེད་དེ།  རང་གི་འཚོ་གནས་ཁོ་ནའི་ཆེད་དུ་བྱི་བ་དམར་གསོད་གཏོང་བར་རམ་འདེགས་བྱེད་མཁན་གྱི་ཚེ་སྲོག་མཉམ་གནས་ཀྱི་འདུ་ཤེས་ཨེན་ཙམ་མ་སད་པའི་མི་ཚོགས་སྐོར་ཞིག་བྱུང་སྟབས། ཉམ་ཆུང་ཚེ་སྲོག་བདག་ཏུ་འཛིན་པའི་རི་སྐྱེས་སྲོག་ཆགས་གང་མང་ཞིག་འདོད་ཧམ་གྱི་མཆེ་བར་ནས་ཉུང་དུ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་ཡིན་པ་བདེན་དངོས་འདི་ཡིས་གསལ་བཤད་རྒྱག་ཐུབ་ཀི་རེད།  ཡང་གཅིག་བཤད་ན་ཁོར་ཡུག་འབག་བཙོག་དང་གཏེར་ཁ་སྔོག་འདོན་བྱ་བར་མཐའ་གཅིག་ཏུ་དགག་པ་བརྒྱབ་སྟེ་མིའི་རིགས་ཀྱི་རྟེན་གཞི་གོ་ལ་ཧྲིལ་བོར་སྲུང་སྐྱོབ་གནང་རོགས་ཡང་ཡང་ཞུ་བཞིན་འདུག  དེ་བས་ང་ཚོས་ཚོགས་པ་འདི་ཡི་ཀུན་སློང་རྣམ་དག་དེ་དང་དུ་བླངས་ནས་འཚོ་གནས་དང་འཚོ་རྟེན་ཡོངས་ལ་ཐུགས་བསམ་བཞེས་གལ་ཆེ་བར་སྣང་།

   བྱི་བ་བརྒྱ་ཕྲག་ཁ་ཤས་ཁང་མིག་གཅིག་ཏུ་བཅུག་པའི་རྣམ་པ།

 

           གཟེབ་ཏུ་བཅུག་པའི་བྱི་བའི་ལས་དབང་།

        འབྱུང་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་གཏེ་བོ།

འབྱུང་ཁམས་ཆ་སྙོམས་ལ་གནོད་པ་ཇི་ལྟར་ཆེ་ན་ཆར་ཆུ་དུས་ལྟར་འབབ་མི་སྲིད།

མང་ཚོགས་ཀྱིས་རྒོལ་བ་ཟློག་ཕྱིར་ནགས་ཚལ་སྤྱི་བདེ་ཡིས་རོགས་རམ་ལ་བརྟེན་པ།

བྱ་བཞག་འདིར་དངོས་སུ་ལག་བསྟར་བྱེད་པའི་ཀུན་ཕན་མཐུན་ཚོགས་ཀྱི་ཚོགས་མི་དག

མཚན་མོ་རྩྭ་ཐང་དུ་ཕུད་པར་འགྲོ་བཞིན་པའི་བྱི་བ་རླངས་འཁོར་གང་།

མཚན་མོ་རྩྭ་ཐང་དུ་ཕུད་དགོས་དོན་ནི་མང་ཚོགས་ཀྱིས་རྩྭ་སར་གནོད་རབས་བཤད་ནས་ཕུད་དུ་མི་འཇུག་ཟེར།

སྲོག་ལྡན་ཀུན་ལ་བརྩེ་བའི་གཤོག་པ་རྐྱོངས་ཤོག

རྨ་ཆུ་རྫོང་ཀུན་ཕན་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ངོ་སྤྲོད་མདོར་བསྡུས། ༼ཤེས་འདོད་ན་འདི་ནོན།༽


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rogu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཨ་ཁུ་ཀུན་ཤེས། སྤེལ་དུས:2016/5/27
རི་སྐྱེས་སྲོག་ཆགས་བསད་ན་ཁྲིམས་ལ་སྦྱར་ན་འོས་མོད།ས་དེ་ཀའི་མགོ་ཁྲིད་ག་འདྲ་ཞིག་ཡིན་ནམ།
 སྤེལ་མཁན:  སྤེལ་དུས:2014/5/28
ཞི་བདེ་དང་མཐུན་སྒྲིལ་གྱི་འདུ་ཤེས་བྲལ་བའི་མི་ངན་གཏེ་བོ་དུད་འགྲོ་དང་གཉིས་སུ་མེད་པ་ཁོ་ཚོས་བྱ་བ་དེ་འདི་ཕྱི་གཉིས་ཀ་འཕུང་བྱེད་རེད། སྙིང་མ་རྗེ ། རྣམ་པ་འདིས་མིའི་སེམས་རྒྱུད་ལ་འཇིགས་དངངས་བསླངས་སོ། ཨ་ཨ་དམ་ཉམས།
 སྤེལ་མཁན:  སྤེལ་དུས:2013/10/8
བཟང་གི རྒྱབ་སྐྱོར་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
46318872
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1