ཨ་དཀོན་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» སློབ་གསོ་སྨྲ་བའི་སྡེ། »ཨ་དཀོན་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས།
ཨ་དཀོན་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/10/9ལྟ་ཀློག (16783)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

༼དང་པོ ༽
ཨ་དཀོན་སྐུ་ཕྲེང་གཉིས་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་ནི།
དང་པོ་སྐུ་འཁྲུངས་པའི་ཡུལ་དང་ངོས་འཛིན་གནང་ཚུལནི། དཔལ་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེས་གནང་བའི་རྟགས་ཡིག་ནང་དོན། སྒྲོལ་མ་ལྷ་ཁང་ནས་བྱང་ཤར་ཕྱོགས་རྟ་ལམ་ལྷོད་པོ་གསུམ་ན་ཁྱིམ་ཚང་འབྲིང་པོ་ཙམ་ལ།ཡབ་བཀྲ་ཤིས་སམ་ཨོ་རྒྱན་མིང་ཅན། ཡུམ་ཆོས་ཀྱི་མིང་ཅན་ལ་ཁྱེའུ་འབྲུག་ལོ་པ་ཞིག་སྣང་དེ་ཉིད་འགྲོ་དོན་རྒྱ་ཆེན་འབྱུང་ཞེས་གསུངས་པ་ལྟར་དུ། ཁམས་རི་བོ་ཆེའི་ཁོངས་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་སྐུ་ཡི་པད་མོ་བཞད་པའི་ཕྱོགས། ངོམ་རྒྱུད་མདའ་རག་གྲོང་སྡེར་ཡབ་ཝ་རྒྱུད་བཀྲ་ཤིས་རིན་ཆེན་དང་།  ཡུམ་ཁ་ལུ་དོན་འགྲུབ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག  སྤྱི་ལོ་༡༩༤༠ལོར་ཞང་ཚང་གི་ཆུ་ཟངས་འོ་མ་ལྟར་དཀར་པོར་གྱུར་པ་དང་། གཡོག་མོའི་རྨི་ལམ་དུ་ཁང་སྟེང་དུ་གདུགས་བཙུགས་པར་རྨིས་པ་དང་། སྔར་དང་མི་འདྲ་བར་བྱ་རོག་གཉིས་ཀྱིས་རྟག་པར་སྲུང་བའི་ཚུལ་བྱེད་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས།  བླ་མ་ཆོས་གྲགས་དང་། ལྷ་དབང་གཉིས་ངོས་ཉུག་ལ་བྱོན་ནས་ངོམ་ཆུ་སྟོད་སྨད་ནས་རྟགས་མཚན་ཅན་གྱི་ཁྱེའུ་འབྲུག་ལོ་པ་བདུན་གྱི་མིང་ཐོ་བླངས།  རྒྱལ་དབང་ཀརྨ་པ་ཀརྨའི་དགོན་ལ་ཕེབས་སྐབས་བླ་མ་ཨ་ཚུལ་གྱིས་ཁྱེའུ་རྣམས་ཀྱི་མཚན་ཐོ་ཕྱག་ཏུ་ཕུལ་ནས་ཡང་སྲིད་གསལ་པོར་ཐུགས་ཐག་གཅོད་རོགས་ཞུས་པས། ཡབ་བཀྲ་ཤིས་རིན་ཆེན་དང་། ཡུམ་དོན་འགྲུབ་ཆོས་སྐྱིད་གཉིས་ཀྱི་བུ་ལྕགས་འབྲུག་ལོ་པ་དེ་ལ། ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་མཚན་གནང་ནས་ཨ་དཀོན་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད།  དེ་ཡི་ཕྱི་ལོར་ཨ་དཀོན་གོང་མའི་གཅུང་ཚུལ་ཁྲིམས་བྱམས་པ་སོགས་བྱོན་ནས། ན་བཟའ་གསོལ་ཞིང་སྤྲུལ་སྐུ་བླུ་ཡོན་ཡུལ་སྲོལ་དང་འཚམས་པར་ཕུལ། ཆུ་ལུག་ལོ་དགུང་ལོ་བཞིའི་ཐོག  ཕུན་ཚོགས་བསྟན་འཛིན་དང་། གསེར་ཡིག་རྒན་པོ་དཀོན་མཆོག་ཚེ་དབང་སོགས་ཀྱིས་གདན་འདྲེན་ཞུས་ནས་དགོན་དུ་འབྱོར་སྐབས་སྙན་བརྒྱུད་སྒྲུབ་གྲྭས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གདན་དྲངས་པ་དང་འཛོམས། སྡེ་དགོན་གཉིས་ཀྱིས་ཆིབས་བསུ་དང་སེར་ཕྲེང་། སྒེར་རུ་དཔོན་བསོད་ནམས་རྒྱལ་མཚན་དང་། སྨད་མ་དཔོན་ལུང་རིགས་གཉིས་ཀྱིས་ཆིབས་ཁ་བླངས་ནས་ཕེབས་བསུ་ཞུས། ཟླ་བ་ལྔ་པའི་ཚེས་བཅུ་གཉིས་ཉིན་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ཏེ།  གིང་ནོག་སྤྲུལ་སྐུ་ཀརྨ་ཆོས་ཀྱི་བློ་གྲོས་ཀྱིས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་མཎྜལ་རྒྱས་བཤད་གནང་ཞིང་ཞབས་པད་བསྐལ་པ་རྒྱ་མཚོར་བཞུགས་པའི་བརྟན་བཞུགས་ཕུལ། དགོན་སྡེ་ཁག་དང་བླ་དཔོན་ཁག་སོ་སོ་ནས་རྟེན་འབྲེལ་འབུལ་ཚན་སོ་སོའི་འབྱོར་མཁོས་དང་བསྟུན་པས་གཟེངས་བསྟོད། ཞག་གསུམ་གྱི་རིང་དགྱེས་པའི་སྤྲོ་བསང་དུ་བྲོ་གར་གླུ་བཞས་ཀྱི་དགའ་བ་ཕུན་སུམ་ཚོགས་པས་མཐའ་རྒྱས་རྒྱས་པར་མཛད། དེ་ནས་ཁྲི་སྟོན་གྲུབ་འཕྲོར་དགུང་ན་ཕྲ་བས་རེ་ཞིག་འཁྲུངས་གཞིས་མདའ་རག་ལ་ཕེབས།  དགུང་ལོ་དྲུག་ཐོག་ཚུར་གདན་དྲངས་ནས་བཟུང་དགོན་པར་བཞུགས། བྱིས་པའི་སྐབས་དེར་གསང་སྐུང་མི་ཤེས་པར་གཞན་གྱིས་ཅི་ཞུས་ཐོགས་མེད་དུ་གསུངས་པར་མཛད་པས་ཕལ་ཆེར་ཐིག་པ་སོགས་ངོ་མཚར་བ་མང་ངོ་། 

ཨ་དཀོན་སྤྲུལ་སྐུའི་མཛད་རྗེས་མདོར་བསྡུས།

དེ་ཡང་ཁྱོན་བོད་ལྗོངས་ས་གནས་བཞི་བཅུ་ཞེ་བདུན་ལ་བཤད་གྲྭ་བརྒྱད།  དགེ་རྒན་སློབ་གྲྭ་གཉིས།  གསོ་རིག་སློབ་གྲྭ་གསུམ།  དྭ་ཕྲུག་སློབ་གྲྭ་ཆུང་འབྲིང་དག་གི་ཕོགས་དངུལ་གནང་བ་དང་།  ས་ཁུལ་ཁག་གཉིས་སུ་དྲོད་ཁང་གཉིས་བསྐྲུན་ནས་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བཙུགས་པ་དང་།  བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོར།  སྡེ་དགེ། འདའ་པ། ཆབ་མདོ་སོགས་ནས་ཟབ་སྦྱོང་མཛད་པའི་སློབ་མ་བཞི་བཅུ་ཙམ་ལ་སློབ་ཡོན་དང་ཟས་རིན་ཁང་གླ་བཅས་གནང་།  བོད་ཀྱི་གསོ་རིག་བརྒྱུད་འཛིན་དང་དར་སྤེལ་ཡོང་བའི་ཆེད་དུ་མཁན་ཆེན་ཚེ་རྣམ་རིན་པོ་ཆེས་གཙོས་བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་མཁས་པ་ཉི་ཤུ་ནས་སུམ་ཅུའི་བར་རྩ་འཛུགས་བྱས་ནས་དགུན་ཟླ་གསུམ་གྱི་རིང་ལ་རྒྱུད་བཞིའི་འགྲེལ་བ་བརྩམ་རྒྱུ།  མན་ངག་ཟབ་མོའི་སློབ་སྦྱོང་གནང་བའི་མཐུན་རྐྱེན་གྱི་ཕོགས་དངུལ་དང་།  གསོ་རིག་བསྟན་བཅོས་རྣམས་ཀྱི་དཀར་ཆག་བསྒྲིག་རྒྱུ་བཅས་ཀྱི་རོགས་དངུལ་གནང་བར་མཛད་དོ། 
སི་ཁྲོན་ཞིང་ཆེན་ལ།  སློབ་གྲྭ་ཞེ་བདུན།  སློབ་མ་གྲངས་སུམ་སྟོང་སོ་དགུ།  བཤད་གྲྭ་བཅོ་ལྔ།  གྲྭ་གྲངས་ཆིག་སྟོང་དགུ་བརྒྱ་དོན་ལྔ།  སྨན་ཁང་བཅུ་གཉིས།  རང་བྱུང་ནགས་རི་དང་འཁོར་ཡུག་སྲུང་སྐྱོབ་ཁག་གསུམ།  རིག་དངོས་སྲུང་སྐྱོབ་ཁག་གཉིས།  རྒན་གསོ་ཁང་གཅིག །འཕྲོད་བསྟེན་སྒོ་྄བསྟེན་སྨན་ཁང་བཅུ་གཉིས་བཅས་བཙུགས་ཤིང་ཕོགས་དངུལ་དང་འགྲོ་སོང་གནང་བར་མཛད་དོ། 
མཚོ་སྔོན་ཞིང་ཆེན་ལ།  བཤད་གྲྭ་དྲུག  །བླ་གྲྭ་གྲངས་ལྔ་བརྒྱ་ཉི་ཤུ།  དྭ་ཕྲུག་སློབ་གྲྭ་གཉིས།  སློབ་མ་གྲངས་བཞི་བརྒྱ་ཉེར་བརྒྱད།  བོད་སྨན་གསོ་རིག་འཕྲོད་བསྟེན་སྨན་ཁང་དྲུག །རྒན་གསོ་ཁང་གཉིས། དབུལ་སྐྱོབ་ཁང་གཅིག །རིག་དངོས་སྲུང་སྐྱོབ་ལས་ཁུངས་གསུམ། བོད་ཀྱི་སྨན་རྩ་འདེབས་འཛུགས་རྟེན་གཞི་གཉིས། དབུལ་བཅོས་ཕྱུག་བསྒྱུར་གྱི་ཚལ་ཞིང་དྲོད་ཁང་བཞི་བཅས་ཀྱི་ཕོགས་དངུལ་འགྲོ་གྲོན་དང་རོགས་པ་གནང་བར་མཛད་དོ། 
ཀན་སུའུ་ཞིང་ཆེན་ལ།  དྭ་ཕྲུག་སློབ་གྲྭ་གསུམ་དང་།    བོད་སྨན་སློབ་གྲྭ་གཅིག་བཙུགས་པར་རྒྱུན་ཞུགས་སློབ་མ་བརྒྱ་དང་བཞི་བཅུ་ཡོད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྦྱིན་བདག་སོགས་མཛད་དོ། 
ཡུན་ནན་ཞིང་ཆེན་ལ།  སློབ་གྲྭ་གསུམ་དང་བོད་སྨན་ཆེད་སྦྱོང་འཛིན་གྲྭ་བཅས་བཙུགས་པ་དང་།  སློབ་མ་གྲངས་བཞི་བརྒྱ་བཞི་བཅུའི་འགྲོ་སོང་མ་དངུལ་གནང་ངོ་། 

དབྱི་རིགས་རང་སྐྱོང་ཁུལ་ལ།  སློབ་གྲྭ་གཅིག   །སློབ་མ་གྲངས་གོ་གསུམ་གྱི་འགྲོ་སོང་གནང་བར་མཛད། 

མདོར་ན་བོད་ཀྱི་ས་ཁུལ་ལྗོངས་དང་ཞིང་ཆེན་ལྔ་ལ་མཚོན་ན་སྤྱི་ལོ་ ༡༩༩༠ ལོ་ནས་ ༢༠༡༠ ལོ་བར་རོགས་པ་བྱས་པའི་སློབ་མ་རྐྱང་པ་རགས་རྩིས་བྱས་ན་ ༩༡༡༨ ལྷག་ཙམ་ལ་རོགས་རམ་མཛད་པ་དང་། རོགས་དངུལ་གནང་བ་རགས་རྩིས་བྱས་ན་དམངས་སྒོར་ ༡༧༨༠༩༥༥༢༦ ཙམ་གྱིས་རོགས་རམ་འཛུགས་བསྐྲུན་གནང་བར་མཛད།  དེ་ཡང་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་གན་རྒྱ་ལོ་དྲུག་ནས་བཅུའི་བར་བཞག་སྟེ་ཁ་དང་བསམ་པ་ཙམ་མ་ཡིན་པར་སྦྱོར་བ་སྐུ་དངོས་ཕེབས་ཤིང་རང་གི་ལག་གིས་གནང་སྦྱིན་བསྟན་འགྲོའི་དོན་ལ་སྨིན་པར་མཛད་དོ། 


 阿贡活佛,  

出生在西藏昌都类乌齐县,6岁时被昌都的卓玛拉嘎寺认定为活佛。现为绕克巴国际援助协会主席,一直致力于资助西及四省藏区的教育、文化事业。
初见阿贡活佛,他刚下飞机不久,看上去还有些倦怠。
阿贡活佛告诉我们,绕克巴在藏语里是帮助的意思,绕克巴国际援助协会的宗旨是帮助那些需要帮助的人,主要项目是帮助有困难的地方建立医院、学校,救助失学儿童等。该协会在英国、美国、荷兰、奥地利、加拿大、意大利、西班牙、南非等27个国家都设有分支机构,致力于向当地佛教徒提供佛法教学、宗教修行、藏医治疗、藏语教学等,并介绍各种公益项目以接受佛教信众和慈善人士的捐赠。
该协会自1989年起,平均每年捐资200万瑞士法郎,用于在中国西藏和四省藏区修建学校、医院,修缮文物等。迄今为止,已在西藏、青海、四川等地的40多个县资助了100多所学校,从小学、中学到大学的系列投入可以帮助孩子们完成系统教育。阿贡活佛渴望通过落实协会捐助的每一个项目,来表达自己内心对祖国和民族的那种依恋。
问及从事慈善事业的初衷,阿贡活佛意味深长地说,刚离开中国时,他有过一段非常艰难的岁月,是通过寻求教育和知识后才使生活逐渐好起来的。那段切身经历使他意识到,无论是哪里的人民,都应该接受良好的教育,从而改变自己的生活命运。因此,除了在中国的西藏和四省藏区之外,绕克巴国际援助中心还在尼泊尔、南非、津巴布韦等地设有援助项目。

作为一名英籍藏胞,阿贡活佛曾于200610月在伦敦受到了全国政协主席贾庆林接见。说到这里,他从随身背包中拿出了当时的新闻报道和照片的复印件给我们看,眼中满是自豪。
 



阿贡活佛的慈善事业
来源:西藏文化网 更新时间:20100703 11:18:20 点击数: 1232

阿贡活佛,出生在西藏昌都类乌齐县,6岁时被昌都的卓玛拉嘎寺认定为活佛。现为绕克巴国际援助协会主席,一直致力于资助西藏及四省藏区的教育、文化事业。

初见阿贡活佛,他刚下飞机不久,看上去还有些倦怠。

阿贡活佛告诉我们,绕克巴在藏语里是帮助的意思,绕克巴国际援助协会的宗旨是帮助那些需要帮助的人,主要项目是帮助有困难的地方建立医院、学校,救助失学儿童等。该协会在英国、美国、荷兰、奥地利、加拿大、意大利、西班牙、南非等27个国家都设有分支机构,致力于向当地佛教徒提供佛法教学、宗教修行、藏医治疗、藏语教学等,并介绍各种公益项目以接受佛教信众和慈善人士的捐赠。

该协会自1989年起,平均每年捐资200万瑞士法郎,用于在中国西藏和四省藏区修建学校、医院,修缮文物等。迄今为止,已在西藏、青海、四川等地的40多个县资助了100多所学校,从小学、中学到大学的系列投入可以帮助孩子们完成系统教育。阿贡活佛渴望通过落实协会捐助的每一个项目,来表达自己内心对祖国和民族的那种依恋。

问及从事慈善事业的初衷,阿贡活佛意味深长地说,刚离开中国时,他有过一段非常艰难的岁月,是通过寻求教育和知识后才使生活逐渐好起来的。那段切身经历使他意识到,无论是哪里的人民,都应该接受良好的教育,从而改变自己的生活命运。因此,除了在中国的西藏和四省藏区之外,绕克巴国际援助中心还在尼泊尔、南非、津巴布韦等地设有援助项目。

作为一名英籍藏胞,阿贡活佛曾于200610月在伦敦受到了全国政协主席贾庆林接见。说到这里,他从随身背包中拿出了当时的新闻报道和照片的复印件给我们看,眼中满是自豪。

1983年开始,阿贡活佛每年都要到北京和西藏等地参加活动、奔波巡视。他曾去过100多个国家,看到了世界各地的飞速变化,他认为西藏的环境优美、文化深厚,希望她在社会经济发展的同时,继续保持独特的自然环境和文化环境,西藏不同于北京、纽约那样的大城市,必须发扬自己的特色,才能保持永久的魅力。
相关链接:尊贵的阿贡仁波切

阿贡仁波切,是一位行大善的老活佛。阿贡活佛常年对国内的云贵川藏穷困地区都给与了极大的援助,他修建了学校,寺庙还有孤儿院,他在藏区资助的孤儿就有上万名。随他同行的其中一位侍者就是一名25岁的孤儿,名字叫永灿,永灿在7岁的时候就因意外失去了双亲,由阿贡活佛资助其生活和学习,现在从藏医院毕业后成为了一名藏医,并懂得藏文,汉文和英文。

阿贡活佛近70多岁的高龄还不断的为这些需要帮助的地方而奔走,他慈眉善目,坦诚,温和。这次我非常的荣幸和师姐一起担负着照顾阿贡仁波切的任务,阿贡仁波切将在丽江有为期5天的参观和考察的工作,而我能够随行并近距离的接触大活佛真是一件非常荣幸和开心的事情。

接触到这样的善知识,行大善的老活佛让我深深体会到自己的渺小,为他的大悲心和大胸怀而感动!他随行带的一本厚厚的资料里,只有英国政府和中国政府的批文和认证以及表彰,没有各大媒体的报道,他不张扬,不炫耀自己的功绩,低调的做自己要做的事。让我认识到真正的行佛行事业者的伟大!(文:格桑梅朵)



  མྱ་ངན་ཞུ།   ཀརྨ་པ་མཆོག་གི་མྱ་ངན་འཕྲིན་ཡིག  

        Condolence Message from The Gyalwang
Karmapa for Kyabje Akong Tulku Rinpoche
8th Oct, 2013 New Delhi.
Akong Tulku has been my friend from the
time I was seven. A social activist, he
showed great kindness to Tibet by founding
schools and hospitals, printing old texts, and
helping many people. Thus I am shocked to
hear that he along with two others has been
taken from us so suddenly. I would like to
offer my condolences to his family members,
everyone at Samye Ling Monastery, the Rokpa
Foundation, and all the persons involved in
his projects in Tibet as well as to all of the
students whose lives he touched. I hope that
all of his visions and aspirations may
continue to be fulfilled. 
 


 

༼མཁན་ཆེན་བསོད་དར་རྒྱས་ཀྱིས་ཨ་དཀོན་རིན་པོ་ཆེའི་སྐོར་གནང་བའི་བཀའ་སློབ་སྙིང་བསྡུས།༽

 ཨ་དཀོན་རིན་པོ་ཆེ་དགོངས་པ་བསྡུས་སོང་བའི་གནས་ཚུལ་དེ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་མདང་དགོང་གསུངས་སོང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁོང་ཨ་དཀོན་རིན་པོ་ཆེ་དང་འབྲེལ་བ་ཆེན་པོ་རེད། ཧ་ཅང་གི་ཐུགས་ཕམ་ཆེན་པོ་བྱུང་བ་གསུངས་སོང་། ང་འབྲེལ་བ་ཆེན་པོ་དེ་འདྲ་མེད་དེ་སེམས་ཕམ་ཆེན་པོ་བྱུང་། ང་ཚོ་བོད་ལ་མི་བཟང་པོ་རེ་ཡོད་པ་དེ། གློ་བུར་དུ་སྐུ་ཚེ་མ་ཟིན་པར་ཕེབས་པ་དེ་གྱོང་ཆེན་པོ་རེད། ངོ་མ་བཤད་ན་ང་ཚོ་བོད་ནང་ཁུལ་དུ་གནས་ཚུལ་འདི་འདྲའི་ཐབས་རྡུག་པོ་ཞིག་བྱུང་བ་དེ། བོད་པ་ཚོ་ལ་མཚོན་ན་ངོ་ཚ་དགོས་པའི་གནས་སྟངས་ཤིག་ཡིན་པ་ནི། ངས་བཤད་མི་དགོས་པར་ཚང་མས་མཁྱེན་གསལ་ལྟར་རེད། ཁོང་གིས་རོགས་པ་གནང་བཞིན་པའི་དྭ་ཕྲུག་སློབ་གྲྭ་ཁག་དང་། སློབ་མ་ཚོར་རང་གི་ཕ་མ་ཤི་སོང་བ་ལྟ་བུའི་སྡུག་བསྔལ་ཡོད་རྒྱུ་རེད། དེ་ཚོར་མ་འོངས་པར་དཀའ་ངལ་རྒྱ་ཆེན་པོ་ཞིག་འཕྲད་རྒྱུ་རེད་བསྙམ་པའི་སེམས་ཁུར་ཡང་ཡོད། དེ་ཕྱིར་བོད་མདོ་དབུས་ཁམས་གསུམ་གྱི་མཁས་པ་རྣམ་པ། ཤེས་ཡོན་པ། ཤེས་འབྱོར་གཉིས་ལྡན་གྱི་མི་སྣ་རྣམ་པས། དྭ་ཕྲུག་དང་། སློབ་མ་ཚོར་རོགས་སྐྱོར་གནང་བའི་རེ་བ་ཆེན་པོ་ཡོད། སློབ་མ་རྣམ་པས་ཀྱང་ཧུར་བརྩོན་ཆེན་པོས་འབད་པ་ཆེན་པོ་སྙིང་སྟོབས་བསྐྱེད་དེ། སློབ་གཉེར་གྱི་བྱ་བ་འདི་དག་མཐར་སྐྱེལ་རྒྱུ་གལ་ཆེན་པོ་རེད། གང་ལྟར་ཡང་དེང་སང་བོད་ཀྱི་ཆོས་རིག་དང་། སྐད་ཡིག རིག་གནས་ཚང་མ་ལ་ཉམས་དམའ་བ་དང་། ཉག་ཕྲ་བའི་གནས་སྐབས་ཤིག་ལ་བསླེབ་ཡོད་པ་རེད། ཨ་དཀོན་རིན་པོ་ཆེ་ལ་མཚོན་ན་བོད་ཀྱི་བླ་མ་ཡིན་ན་འདྲ། ཤེས་ཡོན་པ་དང་། མཐོ་རིམ་མི་སྣ་ལ་འབྲེལ་བ་ཆེན་པོ་རེད། ང་རང་ངོས་ནས་མཚོན་ན་ངོ་ཤེས་པ་དང་། དམིགས་བསལ་གྱིས་ཉེ་བོ་དེ་འདྲ་གང་ཡང་མིན།ང་གཉིས་དངོས་སུ་ཐུག་འཕྲད་བྱུང་ཐུབ་མ་སོང་། ད་སྔ་ཡན་ལ་ཁ་པར་བརྒྱུད་ནས་ཆོས་ཚོགས་དང་། ཚོགས་འདུ་མང་པོ་ཞིག་ལ་ཤོག་གསུང་སོང་སྟེ། དུས་ཚོད་ཀྱི་དབང་གིས་འགྲོ་ཐུབ་མ་སོང་། དབྱིན་ཇིའི་མཐོ་སློབ་ཆེན་མོ་ཞིག་ལ་འགྲོ་རོགས་གསུང་སོང་སྟེ། ད་ལོ་བྱ་བའི་དབང་གིས་སྟབས་བདེ་བོ་མི་འདུག ལོ་གཞུག་མ་ཡོང་ཆོག་ཞུས་པ་ཡིན། ཁོང་གིས་འདས་པའི་ལོ་མང་པོ་རིང་ལ་འཛམ་བུ་གླིང་འདིའི་གོང་ལ་བོད་ཀྱི་རིག་གནས་དར་སྤེལ་གནང་བ་དང་། བོད་ཀྱི་སློབ་གྲྭ་མང་པོ་གསར་བཞེངས་བྱས་པ་དང་། སློབ་ཕྲུག་མང་པོ་བསྐྱེད་བསྲིང་གིས་བོད་མི་རིགས་འདི་ཤེས་ཡོན་གྱི་ལམ་ཁ་ཞིག་ཏུ་བསྐྱེལ་བ་ལ་ནུས་པ་རྒྱ་ཆེན་པོ་ཐོན་པ་ཡོད་པ་ལ། བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད། ང་ཚོས་ཁོང་དགོངས་པ་བསྡུས་སོང་བ་ལ་བྱ་བ་གཞན་སྒྲུབ་རྒྱུ་གང་ཡང་མེད་པ་རེད།  ང་ཚོ་བོད་པ་ཚོ་ཆོས་ལ་དགའ་བ་མི་རིགས་ཁྱད་པར་བ་ཡིན་པས། ཁོང་དང་འབྲེལ་ཐོགས་ཀྱི་ཆེད་དུ་བླ་མ་དཀོན་མཆོག་གསུམ་ལ་གསོལ་འདེབས་བྱ་རྒྱུ་རེད། ཁོང་གིས་བརྩེ་བས་བསྐྱངས་པའི་སློབ་མ་ཚོས་ཀྱང་། མཆོད་མེ་འབུལ་རྒྱུ་དང་། སྲོག་བསླུ་གང་མང་བྱ་ཐུབ་སོང་ན་ཁོང་ལ་དྲིན་ལན་རེད་ལ། ང་ཚོ་སུ་དང་སུ་འདྲ་ཡིན་ན་ཡང་ངེས་པར་དུ་དགོས་རྒྱུ་ཞིག་ཀྱང་རེད། སྤྱིར་བཏང་བོད་པ་ལ་འབྱོར་ལྡན་དང་། ཤེས་ཡོན་པ་མང་པོ་ཡོད་རེད་དེ། སྒེར་གྱི་ཁྲིམས་དང་། རང་གི་འཚོ་བའི་ཁ་ཕྱོགས་ཙམ་ལ་ཤུགས་བསྣོན་རྒྱག་པ་ལས། བོད་རང་གི་ཤེས་ཡོན་པ་གསོ་སྐྱོང་དང་། རིག་གནས་དར་སྤེལ་བྱེད་ཕྱོགས་ལ་སེམས་ཤུགས་རྒྱག་མཁན་ཉུང་ཉུང་རེད། དེ་རིང་དྲ་ཐོག་ལ་ཡོད་པ་ཚོ་ཕལ་ཆེ་བ་ན་གཞོན་ཡིན་རྒྱུ་རེད། བོད་ཕྲན་དང་། འཕྲིན་ཕྲན་བེད་ཆོད་བཏང་མཁན་ཕལ་ཆེ་བ་ན་གཞོན་ཚོ་རེད། གཟའ་འཁོར་གཞུག་མའི་གཟའ་ཉི་མ་ཡན་མན་ཞིག་ལ། སླར་ཡང་ང་རང་གི་བསམ་ཚུལ་འགའ་ཞིག་བཤད་ན་བསམ་སོང་། བླ་མ་ཡིད་བཞིན་ནོར་བུའི་འདའ་ཁའི་ཞལ་ཆེམས་སུ། རང་ཚུགས་མ་འཆོར།  གཞན་སེམས་མ་སྐྲུག  ཞེས་གསུངས་མྱོང་བ་རེད། དད་ལྡན་ཆོས་པ་འགའ་རེར་ཕན་ཐོགས་ན་བསམ་ཡོད། དེ་རིང་འདི་ན་དགེ་འདུན་པ་སྟོང་ཕྲག་མང་པོ་རེད། དེ་ཕྱིར་ཨ་དཀོན་རིན་པོ་ཆེ་ཁོང་གི་ས་ལམ་ལ་བར་ཆད་མེད་པའི་ཆེད་དུ་བཟང་སྤྱོད་སྨོན་ལམ་དང་། མ་ཎི་གསུང་རོགས་གནོངས། གཟའ་འཁོར་རྗེས་མ་ལ་ཡང་ཁོང་གཙོ་བོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྔོ་སྨོན་གསུང་ཨེ་ཐུབ་ལྟ།         

       གསེར་ལྗོངས་བླ་མ་རུང་གི་འདུས་ཚོགས་ལ་གནང་བའི་བཀའ་སློབ། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: གངས་གཡག སྤེལ་དུས:2015/3/20
ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དང་བོད་རིགས་སློབ་ཆུང་གཉིས་སུ་ཨ་དཀོན་རིན་པོ་ཆེས་རོགས་རམ་བྱེད་སའི་འཛིན་གྲྭ་འགའ་ཡོད།
 སྤེལ་མཁན:  སྤེལ་དུས:2013/10/9
མྱ་ངན་ཞུ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41332567
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1