བདག་གི་ཕ་ཡུལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ཁཱ་ཤེས་རབ་རྒྱ་མཚོ། »བདག་གི་ཕ་ཡུལ།
བདག་གི་ཕ་ཡུལ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/10/13ལྟ་ཀློག (1814)རྩོམ་ཁུངས: པར་འདེབ།

                                            བླ་མ་སྐྱབས།

མཛེས་སྡུག་སྟོང་གིས་བྱུགས་པའི་སུམ་རྩེན་གཉིས་བ།།

པིར་གྱིས་འཁྱུག་འགྲོས་ངོམ་འདྲའི་དྲི་ཟའིཡུལ་མཆོག།

དགའ་ཞིང་ཡུལ་དུ་འབོད་པའི་ཕ་ཡུལ་མགོ་ལོག།

ཀུན་ཀྱིས་སྨོན་སེམས་ཤོར་སའི་གླིང་གི་ཕ་ས།།

སྒོ་ཕྱུགས་རྟ་ནོར་ལུགས་གསུམ་འཕེལ་ཀ་རྒྱས་ཤིང༌།།

རིན་ཆེན་གཏེར་མཛོད་སྨན་སྣའི་ཐོན་ཁུངས་འཛོམས་ལ།།

གངས་དཀར་ལྷུན་པོའི་རྩེ་མོ་དགུང་ལ་ཟུག་ས།།

གཞོན་སྐྱེས་ང་ཡི་སྐྱིད་པའི་ཕ་ས་ཕ་ཡུལ།།

གནའ་དེང་ཟུང་གི་རིག་གནས་རྒྱུད་འཛིན་བྱས་ཤིང༌།།

རང་རིགས་སྲོལ་རྒྱུན་བཟང་བོ་གཙུག་ཏུ་བཀུར་ཞིང༌།།

མཐུན་སྒྲིལ་གསེར་གྱི་ཐག་པ་དམ་དུ་སྦྲེལ་ས།།

སློབ་ཕྲུག་ང་ཡི་སྐྱིད་པའི་རུ་སྡེ་ཕྱུག་མོ།།

བསྟོད་ཚིག་མེ་ཏོག་ཕྲེང་མཛེས་མཁའ་ལ་གཏོར་ཞིང༌།།

སྙན་པའི་དབྱངས་རྟ་ཕྲ་མོ་ངག་གིས་འགུག་བཞིན།།

མཛེས་སྡུག་ཡིད་དུ་འོང་བའི་རྨ་ཡུལ་མགོ་ལོག།

ཨེ་མ་བདག་གི་ཕ་ཡུལ་འདི་ལྟར་བསྔགས་སོ།།

                         གྱེས་བྲལ་གྱི་རྨ་ཁ།           

བརྩེ་བའི་སྙིང་གཏམ་དྲོད་མོའི་ཚིག་གི་མགོ་རྐང་བསྒྲིགས་སའི་རི་གྲོང་དང་གྱེས་ཏེ།།

མ་འོངས་ཁོ་མོའིཕུགས་འདུན་གྱི་ཆེད་དུ་རྒྱང་རིང་ཡུལ་ཕྱོགས་ལ་གཏད་ནས།།

གྱེས་བྲལ་ཟེར་བའི་ཐ་སྙད་བཙན་པོ་དམར་ཆུང་སྙིང་གི་ཟབ་ས་རུ་བསྒོམ་བཞིན།།

ཆུང་འདྲིས་སེམས་རྩ་གཉོམ་པོ་བསྐྱུར་ནས་རི་ཆུ་སྟོང་གི་ཕ་རོལ་ལ་ཆས་སོང༌།

ཁ་སང་གསང་བའི་སྐད་ལམ་བརྒྱུད་ནས་རེ་སྒུག་དམ་བཅའི་དབུ་ཁྱུད་དེ་བྲིས་ཤིང༌།

དེ་རིང་གྱེས་བའི་སྐྱོ་གར་ཁྲོད་ནས་མིག་ཆུའི་བཞུར་རྒྱུན་རྨ་ཀླུང་ལ་འདྲེས་དུས།།

ལྷམ་འཛོམས་སྐལ་བ་ནམ་ཡོད་བསམ་བཞིན་སྐྱབས་གསུམ་ལྷ་ལ་སྨོན་ལམ་དེ་བཏབ་ནས།།

ཉམ་ཆུང་ཚིག་གི་འོ་དོད་འདོན་བཞིན་སུན་སྣང་ཁྲོད་ནས་དངན་པ་རེ་ཤོར་སོང༌།

སྟོན་མཇུག་སྡོང་ལོ་སེར་པོ་ངེས་མེད་རླུང་བུས་གཏུག་རྩུབ་རྒོད་པོ་ཡིས་གཏོར་ཞིང༌།

ཁ་ཆར་བུ་ཡུག་འཚུབ་མས་ཁེར་རྐྱང་བུ་ལོའི་སེམས་ལ་གྲང་ཤ་རེ་སྦྱིན་དུས།།

རེ་བའི་འདུན་མ་ཞིག་གི་ཆེད་དུ་ཆས་པའི་རྒྱང་བཞུད་ཁྱེད་རིང་ནི་དྲན་ནས།།

སེམས་པའི་ཕྱི་ནང་ཀུན་ཏུ་བཅོས་མེད་སྡུག་གི་རྨ་ཁ་ཟབ་མོ་ཞིག་བཟོས་བྱུང་།།

འོན་ཏེ་ཁྱེད་ཀྱིས་བཞག་པའི་མི་འགྱུར་དམ་བཅའ་བརྟན་པོ་སྙིང་ཁོང་ལ་ཉར་ཞིང༌།།

འུ་གཉིས་འགྲོགས་སའི་རི་གྲོང་འདི་ནས་གཏན་དུ་བརྩེ་ལྡན་ཁྱེད་རང་ལ་བསྒུག་བཞིན།།

དྲན་འཛིན་བདག་མོའི་དུང་གཏམ་སྨྱུག་རྩེའི་འཁྱུག་འགོས་ཁྲོད་ནས་ཤོག་ངོས་ལ་ཕབ་ནས།།

རྒྱང་རིང་ཡུལ་གྱི་ཁྱོད་ལ་གྱེས་བྲལ་གདུང་བའི་གསང་འཕྲིན་འདི་བསྐུར་བྱུང་།།

                                  མ་ཡུམ་སློབ་གླིང་།

 ཨ་མྱེས་ཁྱུང་མགོན་འདབས་ཀྱི་གྲོང་ཚོ་ན།།

ཀ་ཁའི་དབྱངས་རྟ་སྙན་མོ་ཕྱོགས་བཞིར་ཁྱབ།།

མཐུན་སྒྲིལ་ལག་རྡང་སྦྲེལ་བའི་སློབ་གྲོགས་ཚོས།།

བརྩོན་པ་རྒྱུན་ཆད་མེད་པར་འབད་བཞིན་མཆིས།།

རྨ་ཀླུང་སྔོན་པོ་བཞུར་བའི་གཡས་རོལ་ན།།

མི་རིགས་མཐུན་སྒྲིལ་གླེང་བའི་ལ་རྒྱ་བ།།

ཕ་སྐད་གཙང་མ་བཤད་པའི་བཤེས་གཉེན་ཚོས།།

རང་རེའི་རིགས་ལ་ཞབས་འདེགས་ཞུ་བཞིན་ཡོད།།

ཕྱོགས་བཞི་གྱང་གིས་བསྐོར་བའི་སློབ་གླིང་འདིར།།

ཕྱོགས་བཞི་མཚམས་བརྒྱད་སློབ་མ་ཡོངས་འདུས་ནས

ལྔ་ཟུང་ཤེས་བྱའི་གནས་ལ་བརྩོན་བཞིན་དུ།།

མ་འོངས་གངས་རིའི་བདེ་སྡུག་བསམ་བཞིན་ཡོད།།

བུ་ཕྲུག་གཉོམ་ལག་རྒྱས་པའི་ཕ་ཁྱིམ་འདིར།།

ལྷག་བསམ་འོ་མ་དཀར་བའི་གཤེས་གཉེན་དང་།།

བརྩོན་པ་ཆུ་རྒྱུན་འདྲ་བའི་སློབ་བུ་ཚོས།།

ཁ་བ་ཅན་གྱི་ལ་རྒྱ་འཛིན་བཞིན་ཡོད།།

                                ངེད་དྲ་བ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
vsky བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41373241
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1