སྙན་ངག་ཅིག་འབྲི་འདོད།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 17 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འགྲན་བསྡུར་རྩོམ་ཡིག »སྙན་ངག་ཅིག་འབྲི་འདོད།
སྙན་ངག་ཅིག་འབྲི་འདོད།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/10/13ལྟ་ཀློག (882)རྩོམ་ཁུངས: པར་འདེབ།

                             གཙང་གསང་བདག་སྐྱབས།

ཀྱག་ཀྱོག་ལམ་འཕྲང་སྐྱ་བོ་ངེས་མེད་དུ་འགྲིམས་ཏེ།།

ཁེར་རྐྱང་འཚོ་བ་ལོ་ཟླ་གང་མང་ཞིག་རོལ་ནས།།

སེམས་པར་ནད་ཡམས་ཕོག་པའི་དུས་ངན་དེ་བསམ་བཞིན།།

རང་སེམས་མཚོན་པར་བྱེད་པའི་སྙན་ངག་ཅིག་འབྲི་འདོད།།

གསེར་མདོག་ཉི་མ་སེར་བོ་སྤྲིན་ནག་གིས་གཡོགས་དུས།།

གངས་རི་དཀར་བོའི་གཟི་མདངས་མུན་པ་ཡིས་བཟུང་འདུག།

གསེར་མདོག་ཉི་མ་མེད་པའི་ས་སྲོད་ཀྱི་དུས་ལ།།

རང་སེམས་སྤྲོ་བར་བྱེད་པའི་སྙན་ངག་ཅིག་འབྲི་འདོད།།

སྔོན་ཀྱི་ལས་དབང་བཙན་པོའི་བཀོད་སྒྲིག་གི་འོག་ནས།།

སྐྱིད་སྡུག་འདྲེས་མའི་འཚོ་བའི་མངར་སྐྱུར་ལ་རོལ་ཚེ།།

དབེན་ཞིང་འཇགས་པའི་ཁང་ཆུང་གྲུ་བཞི་ཡི་ནང་ནས།།

སྐྱོ་བ་བསང་ཐབས་བྱེད་པའི་སྙན་ངག་ཅིག་འབྲི་འདོད།།

               བདག་གི་ཕ་ཡུལ།                     

ནེའུ་གསིང་སྤང་ལྗོངས་སྔོན་མོ་རབ་ཏུ་མཛེས།།

ལྡེམ་ལྡེམ་མེ་ཏོག་སྣ་ཚོགས་གང་སར་བཞད།།

རྐང་དྲུག་སྦྲང་མ་སེར་བོའི་གླུ་དབྱངས་བླངས།།

བདག་གི་ཕ་ཡུལ་སུམ་རྩེན་གནས་དང་མཚུངས།།

རྟ་མཆོག་འཚེར་སྒྲ་རི་ལུང་ཀུན་ཏུ་ཁྱབ།།

ཐུལ་དཀར་ངུར་སྒྲ་བསིལ་བསིལ་རླུང་དང་འདྲ།།

གཡང་དཀར་འབའ་སྒྲ་ཆུ་བོའི་རྒྱུན་དང་འདྲ།།

བདག་གི་ཕ་ཡུལ་སྙན་འཇེབས་སྟོང་གིས་ཁེངས།།

མཐིང་སྨུག་སྦྲ་ལ་སྒོ་དར་མཐོན་པོར་བསྒྲེངས།།

བྱམས་བརྩེའི་དྲོད་ཁོལ་གཡང་ཁྱིམ་དཀྱིལ་དུ་ཆགས།།

མཐུན་སྒྲིལ་གསེར་ཟམ་རིང་མོ་རབ་ཏུ་བརྟན།།

བདག་གི་ཕ་ཡུལ་ཉི་འོད་བཞིན་དུ་འཚེར།།

མེས་པོའི་སྲོལ་རྒྱུན་བཟང་བོ་མ་ཉམས་བསྐྱངས།།

ཕ་སྐད་རྫ་ཆུ་མ་སྐམ་ལྷང་ལྷང་བཞུར།།

གདོང་དམར་གོམས་གཤིས་བཟང་བོ་རྒྱུད་ལ་གནས།།

བདག་གི་ཕ་ཡུལ་ཡིད་འོང་ལྟ་ན་སྡུག།

              བདག་གི་ཕ་ཡུལ།                 

དམ་པའི་ཆོས་ཀྱི་གདན་ས་རྭ་རྒྱ་དགོན།།

ནང་ན་བཀའ་བསྟན་སྐུ་གསུང་རྟེན་གྱིས་ཕྱུག།།

ཕྱི་ན་གསེར་དངུལ་ཟངས་ཀྱི་རྒྱ་ཕིབས་མཛེས།།

བླ་གྭ་མང་པོ་བཞུགས་སའི་གནས་མཆོག་ཡིན།།

རྩེ་མོ་དགུང་ལ་ཟུག་པའི་ས་འཛིན་དང༌།།

སྤང་ཐང་མཛེས་སྤྲས་བྱེད་པའི་མེ་ཏོག་མཆིས།།

ཚང་ཚིང་གྱུ་ལོ་རྒྱས་པའི་ནགས་ཚལ་དང༌།།

ལྗང་མདོག་ཟས་ལ་བཀྲམ་པའི་རི་དྭགས་མང༌།།

འཆད་རྩོད་རྩོམ་ལ་མཁས་པའི་དགེ་བའི་བཤེས།།

ཤེས་བྱའི་གནས་ལ་བརྩོན་པའི་་མའི་ཚོགས།།

ཤེས་རིག་ཟེའུ་འབྲུ་སྨིན་པའི་སྐྱེད་ཚལ་ན།།

ཤེས་བྱའི་ཉིང་བཅུད་ལེན་ལ་རྟག་ཏུ་བརྩོན།།

རླུང་གི་གོམ་ཁ་ངོམས་པའི་ཅང་ཤེས་རྟ།།

རྭ་ཡིས་རྩེད་འཇོ་བྱེད་པའི་བྲེ་སེར་འབྲོང༌།།

བལ་གྱི་འཇམ་ཁ་འགྲན་པའི་གཡང་དཀར་ལུག

ཕྱུགས་ཀྱི་འཕེལ་ཁ་ནམ་མཁའི་སྐར་ཚོགས་རེད།།

ཐོག་བརྩེགས་ཁང་གསར་མང་པོ་གསར་དུ་བསྐྲུན།།

དཔལ་འབྱོར་རིག་གནས་དར་ཁྱབ་མགྱོམས་པའི་ཡུལ།།

ནགས་ཆུ་གཏེར་གསུམ་འཛོམས་པའི་གནས་མཆོག་སྟེ།།

ཨེ་མ་ཕ་ཡུལ་རྭ་རྒྱའི་ཡུལ་འདི་རྨད།།

                                                    ངེད་དྲ་བ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15102370
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号