ཁབ་གཙགས་རི་མོའི་བྱུང་བ་མདོར་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 11 ཚེས 17 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» རི་མོ། »ཁབ་གཙགས་རི་མོའི་བྱུང་བ་མདོར་བསྡུས།
ཁབ་གཙགས་རི་མོའི་བྱུང་བ་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/10/13ལྟ་ཀློག (8574)རྩོམ་ཁུངས: པར་འདེབ།

 

རས་པ།

    ཁབ་གཙགས་རི་མོའི་ཆེས་ཐོག་མའི་དུས་རིམ་ནི་ཧ་ཅང་ཡ་མཚན་པ་ཞིག་ཡིན་པ་དང་། རི་མོ་འདི་ནོའུ་རྫི་ལན་དུ་གདོད་མའི་ཨིན་སྒྲའི་ཨན་མི་རིགས་ཀྱིས་མིའི་གཟུགས་པོའི་སྟེང་ས་ཁྲ་བསྐོས་པ་ལ་བརྟེན་ནས་མགོ་བཙུགས་ཡོད། གདོད་མའི་མི་རིགས་འདིའི་མི་ཚོ་ཕྱོགས་བསྐྱོད་སྐབས་མི་གཅིག་གི་རྒྱབ་དང་གཟུགས་པོའི་ཆ་ཤས་གང་རུང་དུ་གང་དུ་འགྲོ་དགོས་པ་ས་ཁྲར་བྲིས་ཏེ་ཕྱོགས་བསྐྱོད་བྱེད་ཀྱི་ཡོད། རིམ་པས་རི་མོའི་འདི་ལ་འགྱུར་བ་ཆེན་པོ་ཐེབས་ཡོད་པ་དང་། མི་ཚང་རེ་རེའི་མི་རྒྱུད་ཀྱི་རྟགས་མཚན་དང་མི་རྒྱུད་ཅི་ཙམ་སོང་ཡོད་མེད་ལ་ངོས་འཛིན་བྱེད་པའི་མཚོན་རྟགས་སུ་གྱུར་ཡོད། མཚོན་རྟགས་འདི་ནི་ཁའི་འགྲམ་དང་དཔྲལ་བར་སྒོར་དབྱིབས་ཀྱི་རྨ་ཐིག་འཐེན་ཡོད་པ་ཞིག་ཡིན། མི་རབས་རིམ་པར་སོང་ཡང་སྒོིར་དབྱིབས་རྨ་ཐིག་གི་གྲངས་ཀ་ལ་ལྟོས་ཚེ་མི་དེའི་མི་རྒྱུད་ལ་ངོས་འཛིན་ཐུབ་ཀྱི་ཡོད་འདུག སྒོར་དབྱིབས་རི་མོ་དེ་ནི་བཤད་ཚོད་ལ་ཉི་མ་དང་ཟླ་བའི་གཟུགས་སུ་བཞེད་ཀྱི་ཡོད་པ་དང་། འདི་ཉིད་དད་མོས་ཀྱི་གཞི་གང་ཡིན་པ་ལ་ཆ་འཇོག་བྱས་པ་ཞིག་ཀྱང་རེད།   གནས་ཚུལ་འདི་ནི་ཕྱི་ལོ་༡༧༧༣ཡས་མས་སུ་བྱུང་ཡོད་པ་དང་། རིམ་པས་ཉི་ཧོང་དུ་དར་སྟེ་ཉི་ཧོང་གི་ཕུལ་དུ་བྱུང་བའི་རི་མོའི་སྒྱུ་རྩལ་དང་བསྡེབས་ཏེ་སྨྱུག་མའི་རི་མོ་གཙགས་ཆས་གསར་གཏོད་ཀྱིས་ཚོན་ཁྲ་ཅན་གྱི་རི་མོ་མིའི་གཟུགས་པོའི་སྟེང་གཙགས། ཉི་ཧོང་གིས་ལོ་རྒྱུས་ལྡན་པའི་རི་མོ་མིའི་གཟུགས་པོའི་སྟེང་བྲིས་ཏེ་དར་སྲོལ་ཆེན་པོ་བྱུང་། ཕྱི་ལོ་༡༩༡༠ཡས་མས་སུ་ཉི་ཧོང་གི་ཕོ་གསར་གྲི་ཐོག་པའི་གཟུགས་པོ་ཆ་ཚང་རི་མོའི་བཀང་བ་བྱས་ཏེ་གྲི་རྩལ་འགྲན་བསྡུར་དུ་ཞུགས། གཟུགས་པོར་རི་མོ་བྲིས་པའི་ན་གཞོན་དག་ནི་རིམ་པས་ཚོགས་པ་ཆགས་པ་དང་ཚོགས་པར་མ་ཧྥེ་ཡ་(ཇག་ཚོགས) ཞེས་མིང་འདོགས་བྱས། རིམ་པས་མ་ཧྥེ་ཡའི་མི་རྒྱུད་འདིའི་ལོ་ཉི་ཤུར་སོན་པ་དང་གཟུགས་པོའི་སྟེང་རི་མོ་འབྲི་དགོས་ཀྱི་ཡོད་པ་དང་། དེ་སྔ་གཟུགས་པོའི་སྟེང་རི་མོ་ཡོད་པའི་མི་ལ་ལས་ཀ་རེག་ཁག་པ་དང་། སྤྱི་ཚོགས་སྟེང་ལྟ་ཚུལ་མི་ལེགས་པ་ཡོད་པ་ནི་མ་ཧྥེ་ཡར་རྐྱེན་བྱས་ཏེ་བྱུང་བ་ཞིག་ཡིན། ཕྱི་ལོ་༡༩༢༠ནས་ཡོ་རོབ་ཁུལ་དང་ཨ་རིར་དར་སྲོལ་ཆེན་པོ་བྱུང་སྟེ་དབྱིན་ལན་ནས་ཁབ་གཙགས་འཕྲུལ་ཆས་གསར་གཏོད་བྱས། ཕྱི་ལོ་༡༩༤༠ལོ་ནས་ཧྥུའུ་ལོ་པིན་དང་ཐེ་ལན་དུ་དར་སྲོལ་བྱུང་། ཐེ་ལན་དུ་གྲྭ་བའི་ནང་དར་སྲོལ་ཆེན་པོ་བྱུང་སྟེ་དེ་སྔའི་ཉི་ཧོང་གི་སྨྱུག་མའི་ལག་ཆར་བརྟེན་ནས་བསྐོ་བ་དེ་རྒྱུན་འཛིན་གྱིས་དེང་སང་ཡང་གནས་འདུག ལོ་ལྔའི་སྔོན་ཙམ་པར་དུ་གཟུགས་པོར་རི་མོ་ཡོད་པའི་མིའི་རིགས་ལ་ལས་ཀ་རེག་ཁག་པོ་བྱུང་ཡོད་པ་དང་། རྒྱ་ནག་ལྟ་བུར་མཚོན་ན་གཟུགས་པོའི་སྟེང་རི་མོ་ཡོད་པ་དག་དོན་མེད་དུ་འཛིན་བཟུང་བྱས་པའང་བྱུང་ཡོད། དེང་གི་དུས་སུ་ཨ་རི་ལྟ་བུར་དར་སྲོལ་ཆེན་པོ་ཡོད་པའི་རྐྱེན་གྱིས་གཟུགས་པོའི་སྟེང་རི་མོ་ཡོད་པ་ལ་བརྟེན་ནས་ལས་ཀ་མི་རེག་པའི་དཀའ་ངལ་མེད་པ་ཆགས་ཡོད།ཕྱི་ལོ་༡༩༨༠ཡས་མས་ནས་རི་མོ་འདི་འཐུས་ཚང་གི་རྣམ་པར་གྱུར་བ་དང་། སྒྱུ་རྩལ་གྱི་རྣམ་པ་མངོན་གསལ་བཏོད་པའི་རིགས་སུ་ཚུད། ཕྱི་ལོ་༡༩༨༠ལོར་གཟུགས་པོའི་སྟེང་མིའི་གཟུགས་རིས་འབྲི་མགོ་ཚུགས་ཏེ་ནུའུ་ཡོག་ཏུ་མིའི་གཟུགས་རིས་ཅི་བཞིན་པ་འབྲི་ཐུབ་མཁན་བྱུང་བ་དང་། ཕྱི་ལོ་༢༠༠༩ལོར་འཇར་མན་ནས་༧སྐྱབས་མགོན་མཆོག་གི་སྐུ་གཟུགས་བྲིས་ཡོད་པའི་ཁབ་གཙགས་རི་མོ་ཅན་གྱི་པར་རིས་དུས་དེབ་སྐད་གྲགས་ཅན་གྱི་སྟེང་ཐོན་ཡོད། བོད་མིའི་ཁྲོད་དུ་དེ་སྔ་ཁབ་རང་བེད་སྤྱོད་བཏང་ནས་དུང་དཀར་སོགས་འབྲི་བ་ཡོད་ཀྱང་། འདི་ཉིད་ལས་རིགས་ཀྱི་ངོ་བོར་གཉེར་མཁན་བྱུང་མེད། ཕྱི་ལོ་༢༠༠༤ལོར་ནས་རྡ་རམ་ས་ལར་ཐོག་མར་ལས་རིགས་ཀྱི་རྣམ་པར་གཉེར་མཁན་རྟ་མགྲིན་ཚེ་རིང་ཟེར་བ་ཁོ་བྱུང་ཡོད།

ཁོས་བོད་ཀྱི་ཁབ་གཙགས་རི་མོ་གསར་གཏོད་དང་། གཙགས་ཆས་གསར་གཏོད་ཀྱིས་ཆེད་ལས་ལས་རིགས་སུ་གཉེར་དེ་བོད་རང་གི་སྲོལ་རྒྱུན་རི་མོའི་རྨང་གཞིའི་སྟེང་དེང་རབས་རི་མོ་ཟུང་འབྲེལ་གྱིས་རྒྱལ་ཁབ་འདྲ་མིན་གྱི་མི་སྣའི་གཟུགས་པོའི་སྟེང་རི་མོ་གཙགས་ཡོད་པ་དང་། འཛམ་གླིང་ཁབ་གཙགས་རི་མོའི་བྱུང་བའི་ཁྲོད་དུ་བོད་ཀྱི་ཁབ་གཙགས་རི་མོ་བཅུག་ཡོད་འདུག


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས། གླིང་དུག་སྦྲང་།
འདྲེན་བཀོལ:

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urky བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
12609453
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号