བདག་གི་མཐོང་ཐོས་ལས་ངག་སྒྲོས་ཐན་ཐུན།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 17 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འགྲན་བསྡུར་རྩོམ་ཡིག »བདག་གི་མཐོང་ཐོས་ལས་ངག་སྒྲོས་ཐན་ཐུན།
བདག་གི་མཐོང་ཐོས་ལས་ངག་སྒྲོས་ཐན་ཐུན།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/10/14ལྟ་ཀློག (939)རྩོམ་ཁུངས: པར་འདེབ།

                                            གཙང སྒྲོལ་མ་སྐྱབས།

                     ང༌།

སེམས་ཀྱི་ན་ཟུག་ཧ་ཅང་བཙན་པས་ལག་པའི་སྨྱུག་ཆུང་འགུལ་ཐེངས་གཅིག

དཀར་ཞིང་འཇམ་པའི་ཤོག་དཀར་སྟེང་དུ་བྲིས་པའི་ཡི་གེ་ནག་ཆུང་གཉིས།

ཚིག་གི་སྡེབ་སྦྱོར་ལེགས་པོ་མིན་ཞིང་སྙན་ཆ་མེད་པའི་རྩོམ་སྟངས་གསུམ།

དམར་ཆུང་སེམས་ཀྱི་སྙིང་གཏམ་དྲོད་མོ་ཁྱོད་ཚོར་ཕན་པའི་སྨོན་ལམ་འདེབས།

                 མཐོང༌།

ཁོ་ར་ཁོར་ཡུག་གལ་སྙིགས་མང་ཞིང་ནོར་འཛིན་མ་ཡི་སྒེག་ཉམས་ཤོར།

ས་འཛིན་དཀར་པོ་ཐན་པའི་གཡོགས་ཤིང་སྔོ་ཞིང་དྭངས་བའི་གནམ་ཟླ་འགྱུར།

ཁ་བཤད་ཆུ་ཡི་ཝུ་བ་ཡིན་ཞིང་ལག་ལེན་བྱེད་པར་ཨ་ཅང་གལ།

མཛེ་སཤིང་སྡུག་པའི་སཱ་ལའི་སྨན་ལྗོངས་བདག་སྐྱོང་བྱེད་པར་སྙིང་ནས་གལ།

རང་བྱུང་ས་ཡི་གཏེར་ཁ་བླངས་ཤིང་གསེར་ལྡན་མ་ཡི་ཉིང་བཅུད་ཤོར།

རྫ་ཆུ་བསིལ་མའི་བཞུར་སྒྲ་སྙན་ཡང་སྔར་གྱི་དྭངས་གསལ་དེ་ལྟ་མེད།

དམར་ཆུང་སེམས་ལ་བྲེལ་ཤ་ལངས་ཀྱང་ནུས་བ་ཆུང་བས་ག་ལ་འགྲུབ།

མང་བོ་བཀྱགས་ན་སྡོང་བོ་ཡང་བས་ཀུན་གྱིས་འདི་ལ་འབད་པར་འཚལ།

 

ཤེས་ལྡན་བློ་གྲོས་རྩལ་ལས་ཐོན་པའི་གཅོད་བྱེད་ལ་སོགས་ཤུན་དུ་རྨད།

ནག་ཅིང་མཐུག་པའི་ནགས་ཚལ་སྟུག་པོ་ཕྲ་ཆུང་མིག་ལམ་ན་འགྲིབ།

བདེན་དང་བྲལ་བའི་གནས་ལུགས་འོག་ནས་སྐྱོ་བའི་སེམས་པ་འཁྱགས་ཀྱིས་བསྡམས།

བདེ་ཞིང་སྐྱིད་པའི་ཁྱིམ་གཞིས་དྲོད་མོ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དགོས།

ཕྱི་སྣོད་འཇིག་རྟེན་མཛེས་སྡུག་ལྡན་ལ་ནང་བཅུད་སེམས་ལ་རིགས་གཟུགས་མང༌།

ཤེས་ལྡན་མི་ནི་ཡངས་རྩེར་སོན་ལ་རིག་པ་རྣ་ཞིང་ཐབས་ལ་མཁས།

རྐང་གཉིས་སྲིན་པོའི་བདེ་སྐྱིད་ཆེད་དུ་དབུགས་ཀྱི་སྲོག་ལ་གནོད་པ་བཏང༌།

ཤ་ཁྲག་ཟ་བའི་ང་ཚོའི་ལས་འདི་བསམ་ཤིང་བསམས་ཤིང་འཇིགས་སྣང་ཆེ།

ཐོས།

ཐོན་མའི་དཀའ་སྡུག་ཁྱད་དུ་གསད་ནས་དབྱངས་གསལ་སོ་བཞིའི་རྣམ་བཞག་འདི།

གོ་ལ་ཟླུམ་པོ་སྙན་གྲགས་ཆེ་ཞིང་ཀུན་གྱིས་འདི་བརྣབ་སེམས་སྐྱེས།

རང་རིགས་མི་ལ་རྨོངས་དད་ཆེ་ཞིང་ནོར་གྱི་རིན་ཐང་ག་ལ་ཤེས།

བླ་སྲོག་གྱུར་བའི་ཡིག་ཆུང་ནག་པོ་ཆུ་རྒྱུན་བརྩོན་པའི་བསླབས་པར་འཚལ།

གནའ་དང་ད་ལྟའི་བར་དུ་བརྒྱུད་པའི་ཕ་སྐད་གཙང་མའི་རང་འདངས་དེ།

སྐད་་རིགས་སྣ་ཚོགས་མང་དུ་བསྲེས་ནས་རང་སྐད་གཙང་མར་དྲི་མ་གོས།

ཁ་བ་ཅན་གྱི་དེ་ལ་འབད་དགོས་མ་ཉམས་གོང་སྤེལ་གཏོང་བ་དང༌།

ང་ཚོ་ཚང་མའི་སྤྱི་སྐད་བཟང་བོ་མགྲིན་པ་གཟེངས་སུ་བསྟོད་དེ།

ཤ་རིས་གདུང་རྒྱུད་གཅིག་ཏུ་འདིས་ཤིང་དམིགས་འདུན་གཅིག་པའི་སྤུན་ཟླ་ཚོ།

མི་རིགས་ལ་རྒྱ་གཙུག་ཏུ་བཏེགས་ཏེ་སྤོབས་པའི་དབུ་འཕངས་མཐོ་རུ་འགེང༌།

མཐུན་སྒྲིལ་ཨ་ལོང་དམ་དུ་སྦྲེལ་ནས་ཡར་རྒྱས་གོང་འཕེལ་ཡོང་བའི་ཆེད།

རང་རིགས་རིགས་ལ་ཞབས་འདེགས་ཞུ་ན་སྐད་དང་ཡི་གེ་འབད་པར་འཚལ།

 

                      བདག་གི་ཕ་ཡུལ།

 སྔོ་ལྗང་ལྗང་བྱེད་པའི་མཐའ་ཡས་ཀྱི་རྩྭ་ཐང་སྟེང༌།

འོད་ལམ་ལམ་འཕྲོ་པའི་ཉི་འོད་དེ་ཕྱོགས་བཞིར་ཁྱབ།

སྙན་ལྷང་ལྷང་འབབ་པའི་ཆུ་ཕྲན་གྱི་བཞུར་སྒྲ།

མགོ་ལྡེམ་ལྡེམ་གཡོ་བའི་མེ་ཏོག་གིས་བྲོ་གར་འཁྲབ།

སྤྲོ་ལྷང་ལྷང་བྱེད་སའི་སྐྱེད་ཚལ་གྱི་གནས་མཆོག་འདིར།

ལྗང་ལྡེམ་ལྡེམ་སྣང་བའི་སྔོ་ལྗང་གི་སྡོང་ལོ་དེ།

ཁད་དལ་དལ་ལྡང་བའི་དྲི་བཞོན་གྱིས་གཡོ་འགུལ་དེ།

ལུས་བྱིལ་བྱིལ་བྱེད་པའི་ཨ་མ་ཡི་ལག་ཟུང་འདྲ།

ལྗང་ནེམ་ནེམ་བྱེད་པའི་འཚོ་བཅུད་ཀྱི་རྩྭ་མཆོག་དང༌།

སྒྲ་ཤག་ཤག་བཞུར་བའི་དྭངས་གསལ་གྱི་རྫ་ཆུ་དེ།

སོས་དལ་དལ་རྒྱུ་བའི་རི་དྭགས་ཀྱིས་ལོངས་སུ་སྤྱོད།

ཨ་ལ་ལ་འདི་ནི་མི་ཡུལ་གྱི་དག་ཞིང་རེད།

ནེམ་ལྷོད་ལྷོད་བྱེད་པའི་རྩྭ་ལྗང་གིས་ས་ཤུན་བརྟོལ།

ཆི་ལུ་ལུ་འཐུལ་བའི་མེ་ཏོག་དྲི་བསུང་ཞིམ།

སྙན་ཀྱུར་ཀྱུར་སྒྲོག་པའི་ཁུ་བྱུག་གི་གདངས་དབྱངས་སྙན།

སྒྲ་ཐག་ཐག་གྲགས་པའི་རྟ་ཕོ་ཡིས་བང་རྩལ་ངོམ།

དུ་ལང་ལོང་རྒྱུ་བའི་མཐིང་སྨུག་གི་སྦྲ་ཆུང་འདབས།

དགའ་སྤྲོ་སྤྲོ་རོལ་བའི་བྱུས་པ་ཚོ་རྩེད་དགའ་རོལ།

འཛུམ་དམུལ་དམུལ་བཞད་པའི་ཕ་མ་ཡི་བཞིན་རིས་དེ།

འབད་དུངས་དུངས་བྱེད་པའི་བུ་ཆུང་གི་མིག་ན་གསལ།

             སློབ་གྲོགས་དྲན་གླུ

 དུང་སེམས་འོ་མ་དཀར་བའི་མཚོ་ཀློང་གི་ཁྲོད་ན།

གསེར་མིག་ཉ་མོ་ཁྱུ་གཅིག་གང་འགར་དུ་རྩེན་པ།

ད་ལྟ་གྱེས་པའི་ཉིན་མོ་ཇེ་ཉེ་ནས་ཇེ་ཉེ།

བདག་གི་དམར་ཆུང་སེམས་པ་་འཁྱགས་རོམ་གྱིས་བསྡམས་སོང༌།

ད་ལྟ་ཕ་ཡུལ་ཉེ་དུ་གང་མང་ཞིག་ཡོད་ཀྱང༌།

ཁྱོད་རང་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག

བྱ་བྱེའུ་སྐད་སྙན་ཡག་པོ་གང་མང་ཞིག་སྒྲོག་ཀྱང༌།

དཔྱིད་ཀྱི་ཕོ་ཉའི་གདངས་ལ་འགྲན་ནུས་ཞིག་ཡོད་དམ།

ལམ་ཐག་ཧ་ལམ་རི་ཆུ་སྟོང་ཕྲག་གིས་བཅད་ཀྱང༌།

སེམས་པ་གཤོག་ཐོགས་ནམ་ཡང་ཁྱེད་ཉིད་ལ་འཁོར་ཡོད།

དྲི་ལྡན་མེ་ཏོག་རྒྱང་རིང་རྗིང་བུ་ན་ཡོད་ཀྱང༌།

རྐང་དྲུག་མགྲིན་དབྱངས་འཐེན་བཞིན་ཁྱེད་ཉིད་ལ་གཟས་ཡོང༌།

མཚན་མོ་ཟླ་འོད་སྒེའུ་ཁུང་ལ་ཤར་ལ་དུས།།

སྐྱིད་པའི་རྨི་ལམ་འོད་ཀྱི་ཐིག་ལེ་ཡིས་འཕྲོག་ལ།།

ཕྱིར་དྲན་སེམས་ཀྱི་བག་ཆགས་བློ་ཁ་རུ་ཤར་དུས།།

དགུན་ཁའི་མཚན་ལྗོངས་རིང་མོ་རྫོགས་ཐབས་རང་མི་འདུག།

སྤྲོ་སྐྱིད་དཔལ་ལ་རོལ་བའི་དབྱར་ཁ་དེ་སླེབས་བྱུང༌།།

འུ་ཅག་འཛོམས་པའི་ཉིན་མོ་རིང་བོ་ཞིག་མེད་པས།།

སེམས་ཀྱི་ན་ཟུག་སྐད་ཅིག་སྐད་ཅིག་ཏུ་འཛོམས་ལ།།

ལྷན་འཛོམས་བྱུང་ཉིན་བཟང་སྐར་བཟང་ལ་སྒུག་ཡོད།།

        གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བསྟོད་པ།

ཁྲིད་བྱ་མཐའ་དག་ཕྱོགས་རིས་མེད་པར་རྒྱུན་ཆགས་བརྩོན་པ་རིང་དུ་བསྲིངས།

ང་རྒྱལ་ཕྲག་དོག་རིང་བོར་སྤངས་ཏེ་མཐུན་སྒྲིལ་ཨ་ལོང་དམ་དུ་སྤྲེལ།

བཤེས་བཉེན་དམ་པ་གཙུག་ཏུ་བཀུར་ཏེ་ཤེས་བྱ་ཡོན་ཏན་ཚིམས་མེད་འགངས།

མི་རིགས་ལ་རྒྱ་སེམས་ལ་བཅངས་ཏེ་རང་ནུས་ཅི་ལྕོག་ཞབས་འདེགས་ཞུས།

ཕ་སྐད་གཙང་མའི་རང་འདངས་མ་ཤོར་གངས་རི་བཞིན་དུ་དཀར་ཞིང་དག

རང་རེའི་སྲོལ་རྒྱུན་དྲི་མའི་མ་གོས་རྫ་ཆུ་བཞིན་དུ་དྭངས་ཤིང་གཙང༌།

དབྱངས་གསལ་སོ་བཞིའི་དབྱངས་རྟ་མ་ཉམས་ཡར་ངོས་ཟླ་བཞིན་དུ་གསོས།

སྐད་གཉིས་སློབ་སའི་གནས་མཆོག་བཟང་བོ་ལས་དབང་མེད་པ་བདག་གི་གྱོང༌།

ལྔ་ཟུང་ཤེས་བྱ་ཁོང་དུ་ཆུད་ཅིང་འཆད་རྩོད་རྩོམ་གསུམ་གཟི་འོད་འབར།

བྱམས་དང་སྙིང་བརྗེ་སེམས་ན་གནས་ཤིང་ལྷག་བསམ་འོ་མ་བཞིན་དུ་དཀར།

རྣམ་དཀར་ལས་ལ་འཇུག་པ་ཡངས་ཤིང་རང་རའི་རིགས་ལ་བྱས་རྗེས་ཆེ།

དགེ་བའི་བཤེས་གཉེན་དམ་པ་འདི་ལ་རང་དབང་མེད་པར་དད་མོས་སྐྱེས།

བླ་གསལ་དོན་གཉེར་མང་དུ་བྱོན་ཞིང་བསམ་པའི་འདུ་ཤེས་ཁྱད་དུ་འཕགས།

ཕྱི་ནང་ཁོར་ཡུག་གཙང་སྦྲ་བཟང་ཞིང་སློབ་སྦྱོང་དབྱར་མཚོ་བཞིན་དུ་རྒྱས།

རང་རེའི་རིགས་ལ་ཞེན་པ་དཀར་ཞིང་ཞབས་འདེགས་ཞུ་བའི་ཀུན་སློང་གཙང༌།

ཁྱད་དུ་འཕགས་པའི་སློབ་གླིང་འདི་ནི་གོ་ལ་ཟླུམ་པའི་རྒྱན་ཞིག་རེད།

                                                                         ངེད་དྲ་བ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15102407
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号