༄༅། །བློ་བཟང་ཆོས་འཁོར་སློབ་གླིང་གི་བཀྲ་ཤིས་པའི་སྒོ་གཡང་འབྱེད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »༄༅། །བློ་བཟང་ཆོས་འཁོར་སློབ་གླིང་གི་བཀྲ་ཤིས་པའི་སྒོ་གཡང་འབྱེད
༄༅། །བློ་བཟང་ཆོས་འཁོར་སློབ་གླིང་གི་བཀྲ་ཤིས་པའི་སྒོ་གཡང་འབྱེད་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/10/16ལྟ་ཀློག (7313)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

 

༢༠༡༣ལོའི་སྤྱི་ཟླ་༡༠བའི་ཚེས་༡༤ཉིན་གྱི་སྔ་དྲོར་བློ་བཟང་ཆོས་འཁོར་སློབ་གླིང་དབུ་འབྱེད་ཀྱི་མཛད་སྒོ་བསྡུས།

 ༄༅། །བློ་བཟང་ཆོས་འཁོར་སློབ་གླིང་གི་བཀྲ་ཤིས་པའི་

སྒོ་གཡང་འབྱེད་པའི་ཚོགས་རིམ། 


༡ རྟེན་འབྲེལ་གྱི་ཞལ་འདོན། སྐྱབས་འགྲོ་སེམས་བསྐྱེད་མདོར་བསྡུས། དགའ་ལྡན་ལྷ་བརྒྱ་མ།རྟེན་འབྲེལ་བསྟོད་པ། ལམ་རིམ་བསྡུས་དོན། རྟོགས་བརྗོད་འདུན་ལེགས་མ།
༢ ཨ་ཚོགས་དགོན་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་གཙོ་གཞོན་པ་ རྒན་བློ་བཟང་དགེ་ལེགས་ལགས་ཀྱིས་སློབ་གྲྭ་འཛུགས་པའི་དམིགས་ཡུལ་དང་འཆར་གཞི་ངོ་སྤྲོད་གནང་བ།
༣ བཀྲ་ཤིས་བའི་སྒོ་གཡང་འབྱེད་པ །
༤རྟེན་འབྲེལ་ཤིས་ཚིག་བསྒྲགས་པ།
༤ ཐུགས་མཁྱེན་རྒྱ་ཡངས་བའི་བློ་འདྲི་ཚོགས་པའི་ཚོགས་གཙོ་ཨ་ཚོགས་བླ་མ་ཐུབ་བསྟན་ཡེ་ཤེས་དབང་བོ་མཆོག་གིས་ སློབ་གྲྭའི་འགན་ཁུར་བ་དག་ངོ་སྤྲོད་དང་ཁ་བཏགས་འབུལ་བ།
༥ རང་རེའི་ཨ་ཚོགས་དགོན་པའི་ བློ་བཟང་ཆོས་འཁོར་སློབ་གླིང་གི་སློབ་གཙོ་རྒན་བློ་བཟང་བསམ་གཏན་ལགས་གྱིས་སློབ་གྲྭའི་འདས་མ་འོངས་ད་ལྟ་གསུམ་གྱི་འཆར་གཞི་ངོ་སྤྲོད་གནང་བ།
༦ བློ་བཟང་ཆོས་འཁོར་སློབ་གླིང་གི་སློབ་སྲིད་ཁང་གི་སློབ་གཙོ་རྒན་བློ་བཟང་ཡེ་ཤེས་ལགས་ཀྱིས་སློབ་གྲྭའི་སྒྲིག་ལམ་་ངོ་སྤྲོད་གནང་བ།
༧ སློབ་དཔྱོད་ཁང་གི་སློབ་གཙོ་རྒན་བློ་བཟང་བློ་གྲོས་ལགས་ཀྱིས་སློབ་མ་བསྡུ་ཕྱོགས་ཀྱི་སྒྲིག་ལམ་ངོ་སྤྲོད་གནང་བ།
༨ དགོན་སྡེ་རང་གི་ཐོས་བསམ་གྱི་བྱ་བཞག་ལ་ཐུགས་ཁུར་བླ་མེད་གནང་མཁན་བློ་བཟང་ཆོས་འཁོར་སློབ་གླིང་གི་སློབ་སྟོན་མཁན་བོ་རྒན་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་སློབ་གྲྭའི་སློབ་གསོ་ངོ་སྤྲོད་གནང་བ།
༩བོད་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ལ་དུང་བ་ཟབ་པའི་རྒན་བཀྲ་ཤིས་རྒྱ་མཚོ་མཆོག་གིས་བློ་བཟང་ཆོས་འཁོར་སློབ་གླིང་གི་དགེ་རྒན་འཐུས་ཚབ་གཏམ་བཤད།
༡༠ དགེ་བའི་གཤེས་གཉེན་ཆེན་མོ་དགེ་བཤེས་སྤྲུལ་སྐུའི་ཡོངས་འཛིན་དགེན་ ཤེས་རབ་བསྟན་དར་ལགས་ཀྱིས་གསུང་བཤད།
༡༡ རྣམ་དཔྱོད་ལྡན་པའི་ན་གཞོན་སྤྲུལ་སྐུ། མཚན་འཛིན་སློབ་གཙོ་དགེ་བཤེས་སྤྲུལ་བའི་སྐུ་རིན་པོ་ཆེ་མཆོག་གི་གསུང་བཤད།
༡༡ ཨ་ཚོགས་དགོན་ལ་བློ་སེམས་དཀར་བའི་ཞབས་ཞུ་ཚོགས་པའི་ཚོགས་མིའི་འཐུས་ཚབ་ཀྱི་སྐར་མ་བཅུའི་རིང་གི་གཏམ་བཤད།
༡༢ སྐར་མ་བཅུའི་རིང་གི་ལྷ་སྡེ་འཐུས་ཚབ་ཀྱི་གཏམ་བཤད།
༡༣ སྐར་མ་བཅུའི་རིང་གི་ཁྱིམ་བདག་འཐུས་ཚབ་ཀྱི་གཏམ་བཤད།
༡༤རྒན་པའི་འཐུས་ཚབ་ཀྱི་གཏམ་བཤད།
༡༥ སྐར་མ་གསུམ་རིང་གི་མཇུག་སྡུད་པའི་ཤིས་ཚིག
༡༦ ཞལ་འདོན། འཆད་ཉན་གཡང་འབོད། དགེ་ལྡན་བསྟན་འབར་མ། སངས་རྒྱས་བསྟན་འབར་མ་བཅས་ཡིན་པ་ལགས་སོ།།

      བློ་བཟང་ཆོས་འཁོར་སློབ་གླིང་གི་བཀྲ་ཤིས་བའི་སྒོ་གཡང་འབྱེད་པར་ཕུལ་བའི་ཤིས་ཚིག
༡ རྙེ་ཐམས་ཅད་མཁྱེན་པ་བློ་བཟང་དགེ་འདུན་ཕུན་ཚོགས་ཆོས་ཀྱི་ཉི་མའི་རང་རེའི་སློབ་གླིང་ལ་གནང་བའི་ཤིས་ཚིག
སྐྱབས་གནས་གསུམ་གྱི་གདུགས་དཀར་བླ་ན་མཐོ། །

སྡེ་སྣོད་གསུམ་གྱི་གསེར་ལྡན་རྩ་བ་བརྟན།  །

བསླབ་པ་གསུམ་གྱི་འབྲས་བཟང་གཡུར་དུ་ཟ།  །

མཁས་བའི་བྱ་བ་རྣམས་གསུམ་རྒྱུས་པར་ཤོག །


            ༢དགེ་བཤེས་ལྷ་རམས་པ་བློ་བཟང་ཚུལ་ཁྲིམས་ཀྱིས་གནང་བའི་ཤིས་ཚིག

བྱམས་བརྩེ་འཛུམ་རླབས་མཐའ་ཡས་སྐྱེ་རྒུའི་ཕན་བདེ་གཏེར་དུ་གྱུར། །མུན་འཇོམས་མཁྱེན་པའི་དཀྱིལ་འཁོར་སྟོང་གསུམ་མཁའ་ན་རབ་ཏུ་གསལ། །འཕྲིན་ལས་འོད་སྣང་གཟེགས་མ་ཕྱོགས་བཅུའི་ཕ་མཐར་སོན་པ་ཅན། །འགྲོ་བའི་མིག་གཅིག་སྤྱན་རས་གཟིགས་ཀྱིས་བྱང་ཆུབ་བར་དུ་སྐྱོངས། ། སྨག་རུམ་མཁའ་ལ་དལ་གྱིས་རྒྱུ་བའི་ཟླ་ཚེས་གསར་བ་ཡིས། །མི་ཤེས་རྨོངས་པའི་མུན་པ་དུས་གཅིག་འཇོམས་པའི་འོད་སྣང་འཚེར། །ལྷོད་མེད་ཉིན་རེ་འཕེལ་བའི་རྩོལ་ཤུགས་དྲག་པོས་བགྲོད་པ་ན། །མཁྱེན་དཔྱོད་དཀྱིལ་འཁོར་ཡོངས་སུ་རྫོགས་ལ་བློ་དོགས་སུ་ཡིས་བྱེད། །བློ་གསར་བྱིས་པའི་བློ་གྲོས་རྫོགས་བྱེད་དགའ་ཚལ་ཤིན་ཏུ་བརྗིད། །བརྩེ་ལྡན་སློབ་དཔོན་དམ་པའི་འདག་བྱེད་མཁའ་ལ་ཅི་ཡང་འཕྱོ། །རྒྱང་ན་སློབ་སྟོན་སྐར་ཆེན་དུ་མའི་གཟི་འོད་ཆེམ་ཆེམ་འཕྲོ། ། རྒྱལ་བའི་བཀའ་རྒྱ་ཐོད་དུ་འདེགས་པ་གོ་ལའི་རྒྱན་དུ་འོས། །གནའ་དེང་ཤེས་རིག་ཟུང་གི་འདབ་གཤོག་ལྷག་པར་བསྐྲུན་བ་ན། །གངས་རིའི་གཟི་དཔལ་སླར་ཡང་འབར་བའི་བསྐལ་བཟང་སུ་ཡིས་འགོག །ཤིན་ཏུ་གཞོན་པའི་བློ་གསལ་བུང་བའི་འདུ་འགོད་དཔྱིད་ཀྱི་དཔལ། །གཟུཊ་ཅན་གཟུཊ་མེད་གདོན་བགེགས་གཡུལ་ལས་རྒྱལ་བ་གདོན་མི་ཟ། །མཆོག་གསུམ་རི་རབ་རྒྱབ་རྟེན་རིན་ཆེན་སྲིད་རྩེའི་མཁའ་ལ་བསྙེགས། །རོ་ལེགས་ཐབས་ཤེས་བདུད་རྩིའི་སྐ་རགས་དུ་མས་ཅི་ཡང་འཁྱུད། །མཐའ་ཡས་སྐྱེ་རྒུའི་ཡིད་གསོས་སྨན་མཆོག་མཚོ་ཆེན་རྒྱལ་མོ་འདི། ། བདུད་སྡེ་སྲེག་བྱེད་མེ་དང་འདྲ་ཡང་གདུག་རྩུབ་བྲལ་བ་ཉིད། །སྲིད་པའི་ཆུ་ཀླུང་སྐམ་བྱེད་ཕྱིན་དྲུག་བསྐལ་བའི་མེ་དཔུང་གིས། །ཡིད་འོང་ཕན་བདེ་དཀར་ཚོམ་འཇིག་མེད་སྲིད་མཐར་བརྟན་པ་དང་། །རྨད་བྱུང་ཚོགས་གཉིས་སྤྲིན་དཀར་ལས་འོང་བདུད་རྩིའི་ཆར་རྒྱུན་གྱིས། །མ་རྟོགས་ལོག་རྟོག་འཁྲུལ་བའི་ནད་ཡམས་མ་ལུས་འདག་པར་ཤོག །
ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གི་སློབ་གྲྭའི་མཛད་སྒོའི་དགའ་སྟོན་རྟེན་འབྱུང་ལ། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ན་བཞུཊ་པའི་རང་རེའི་དགོན་པའི་གྲྭ་རིགས་ཡོངས་ཀྱི་ཚབ་བྱས་ཏེ། དགེ་བཤེས་ལྷ་རམས་པ་བློ་བཟང་ཚུལ་ཁྲིམས་ཀྱིས། འཕགས་ཡུལ་གདན་ས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་བཀྲ་ཤིས་སྒོ་མང་གྲྭ་ཚང་ནས། ཕྱི་ལོ་༢༠༡༣/༡༠/༡༠/ ཟླ་ཚེས་བཟང་བོར་གུས་པས་ཕུལ།
    ད་དུང་ཉམས་ཞིབ་པ་བསྟན་འཛིན་འཇམ་དབྱངས་དང་།  རྩིས་རམས་པ་ལེགས་བཤད།  དགེ་བཤེས་འགྱུར་མེད་སོགས་ཀྱིས་ཕུལ་བའི་ཤིས་ཚིག་མང་བོ་འབྱོར་མོད་འགོད་ཐབས་མ་བྱུང་།
བློ་བཟང་ཆོས་འཁོར་སློབ་གླིང་གི་ཞབས་ཞུ་ཚོགས་པ།

       བློ་བཟང་ཆོས་འཁོར་སློབ་གླིང་གི་ཞབས་ཞུ་ཚོགས་པ་གང་མང་ཞིག་གསར་དུ་ཚུགས་པ་ནི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་རེད། དེ་དག་ནི་གསེར་གཞུང་ཨ་ཚོགས་དགོན་ཞབས་ཞུ་ཚོགས་པ། རྫ་རྒན་ཨ་ཚོགས་དགོན་ཞབས་ཞུ་ཚོགས་པ། མང་རྫོང་ཨ་ཚོགས་དགོན་ཞབས་ཞུ་ཚོགས་པ།  ལྷ་སྡེ་ཨ་ཚོགས་དགོན་ཞབས་ཞུ་ཚོགས་པ། མཆོད་རྟེན་ཨ་ཚོགས་དགོན་ཞབས་ཞུ་ཚོགས་པ། རྫ་རྒན་ཁོར་ཡུག་ཡར་བསྐུལ་ཚོགས་པ། ཨ་ཚོགས་དགོན་རྒྱབ་བསྐྱོར་ཚོགས་པ།  ཨ་ཚོགས་དགོན་ཞལ་འདེབས་ཚོགས་པ།




                                           བློ་བཟང་ཆོས་འཁོར་སློབ་གླིང་གནས་ཚུལ་རགས་བསྡུས། 
               
阿措寺善慧佛学院
   
བདག་ཅག་གི་སྟོན་པས་མདོ་དང་ཆོས་འདུལ་བ་རྣམས་སུ་རབ་ཏུ་བྱུང་མིན་ནི་བུད་མེད་ཀྱི་སོ་ནམ་དང་དུད་འགྲོའི་སོ་ནམ།ཞིང་གི་སོ་ནམ།ཚོང་གི་སོ་ནམ་རྣམས་ཡིན་ནོ།  །ཞེས་གསུངས་པ་ལྟར་ཕྱུགས་དང་ཚོང༌། སོ་ནམ་བྱེད་པ་སོགས་ནི་རབ་ཏུ་བྱུང་བ་རྣམས་ཀྱི་ལས་མ་ཡིན་པར་སྟོན་པ་ཉིད་ཀྱིས་གསུངས། དེ་བས་རབ་ཏུ་བྱུང་བ་ནས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་གཞོལ་དགོས་ཏེ། ཇི་སྐད་དུ་ལྷག་བསམ་སྐུལ་བའི་མདོ་ལས། གང་ལ་བརྩོན་པ་མེད་པ་དང༌། སྤོང་བ་མེད་པ། ཁ་ཏོན་དུ་བྱ་བ་དང༌། མང་དུ་ཐོས་པ་ཡོངས་སུ་འཚོལ་བ་མེད་པ་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་ལ་རབ་ཏུ་བྱུང་བ་མ་ཡིན་ནོ། །བྱམས་པ། དེ་བཞིན་གཤེགས་པའི་བསྟན་པ་ནི་བསམ་གཏན་དང་སྤོང་བས་རབ་ཏུ་ཕྱེ་བ། ཡེ་ཤེས་ཀྱིས་འདུས་བྱས་པ། ཡེ་ཤེས་ཀྱིས་མཉམ་པར་བཞག་པ།  མངོན་པར་བརྩོན་པས་རབ་དུ་ཕྱེས་པ་ཡིན་གྱི་ཁྱིམ་པའི་ལས་ཀྱི་མཐའ་དང༌། ཞལ་ཏ་བྱེད་པས་རབ་ཏུ་ཕྱེས་པ་མ་ཡིན་ནོ། །ཞེས་གསུངས་སོ།  །
དེ་བས་རང་རེའི་དགོན་པས་བློ་བཟང་ཆོས་འཁོར་སློབ་སློབ་གླིང་ཞེས་པའི་རབ་བྱུང་བའི་སློབ་གྲྭ་འདི་ཉིད་བཙུགས་པ་ཡིན།  སློབ་གྲྭ་འདི་ནི་རང་དགོན་གྱི་གྲྭ་བ་གཞོན་ནུ་དག་གིས་གཞིར་བཟུང་ནས་སུམ་རྟགས་དག་གསུམ་དང་ཡི་གེ་འབྲི་ཀློགབསྟན་པའི་རྒྱུན་ཤེས་སོགས་ལ་སློབ་གཉེར་བྱེད་སའི་སློབ་གྲྭ་ཞིག་ཡིན།  སློབ་གྲྭ་འདི་ཉིད་ལེགས་པོ་ཞིག་འཁྱོངས་བྱ་རྒྱུ་དགོན་པ་དང་ས་ཆ་སངས་རྒྱས་ཀྱི་བསྟན་པ་བཅས་ལ་ཕན་འདོགས་པ་ཞིག་འབྱུང་བའི་ཆེད་དུ་དགེ་སློབ་ཀུན་དང་དགོན་པའི་རྒན་པ་ལྷ་སྡེ་བཅས་ཚང་མས་འབད་འབུངས་བྱེད་དགོས།
སློབ་གྲྭ་འཛུགས་པ་ནི་སློབ་མའི་ཆེད་དུ་ཡིན་པས་སློབ་གྲྭའི་བྱ་བ་མཐའ་དག་ཀྱང་མཐར་གཏུག་ན་སློབ་མའི་ཆེད་དུ་ཡིན་དགོས།  དེ་བས་སློབ་མ་བསྡུ་བ་ནས་མཐར་ཕྱིན་པའི་བར་གྱི་བྱ་བ་ནི་ཆེས་གལ་འགངས་ཆེ་བ་ཞིག་ཡིན། དེ་བས་སློབ་མའི་ཆེད་དུ་སློབ་གྲྭ་འདིའི་སློབ་གསོའི་ལམ་ལུགས་གཙོ་བོར་བཟུང་ནས་ཧུར་བརྩོན་བྱ་དགོས།
ཀ   སློབ་མ་སྡུད་ཚུལ།
སློབ་གྲྭ་འདིར་ཞུགས་ན་གཅིག་ནས་རང་ཉིད་ཡོན་ཏན་ལྡན་པའི་གྲྭ་བ་ལེགས་པོ་ཞིག་བྱེད་པའི་གཞི་འདིང་བ་ཡིན་ལ་གཉིས་སུ་དགོན་པའི་སློབ་གྲྭ་ཡར་རྒྱས་སུ་འགྲོ་བ་མ་ཟད། དགོན་པའི་མ་འོངས་པར་ཕན་པ་རྒྱ་ཆེན་པོ་ཞིག་འབྱུང་ངེས་བས་གཤམ་གྱི་ཆ་རྐྱེན་འདི་དག་ངེས་པར་ཚང་དགོས།
༡ སློབ་གྲྭ་འདིའི་སློབ་མ་ནི་གྲྭ་བ་ལོ་བདུན་ལ་སོན་པའི་ཡན་ཡིན་དགོས།
༢ དགོན་པའི་ཚོགས་ལ་ཞུགས་ན་ངེས་པར་དགོན་པའི་སློབ་གྲྭ་ནས་མཐར་ཕྱིན་ཏེ་གཞུག་དགོས།
ཁ།  བསླབ་བྱ།
སློབ་གྲྭ་ཞིག་ཡིན་ན་དེའི་སློབ་མ་དག་གི་བསླབ་བྱ་ལ་གཏན་འཁེལ་དང་ཁ་ཕྱོགས་ངེས་ཅན་ཞིག་དགོས།  རང་རེའི་སློབ་གྲྭ་འདིར་མཚོན་ན་སློབ་ཚན་གང་ཞིག་གཏན་ལ་འབེབ་ཀྱང་ངེས་པར་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་སུ་འགྱུར་བ་དམིགས་སུ་འཛིན་དགོས།
དེ་བས་ཡི་གེ་འབྲི་ཀློག་དང༌།  ཡིག་གཟུགས་དང་རི་མོ། སུམ་རྟགས་དག་གསུམ། སྙན་ངག  ལོ་རྒྱུས།  སྡོམ་གསུམ་བསླབ་བྱ། ཆོས་སྤྱོད་ཕྱག་ལེན། ནང་བསྟན་བཅས་འཁྲིད་པ་དང་ཆ་རྐྱེན་བསྟུན་ནས་རྩིས་རིག་དང༌།  རྒྱ་ཡིག  དབྱིན་ཡིག  རྩིས་འཁོར་བཅས་བཀོད་སྒྲིག་བྱ་རྒྱུ་ཡིན།
ག  སློབ་དེབ།
སློབ་མ་གང་ཞིག་འབྱུང་བ་ནི་སློབ་དེབ་ལའང་ཐད་ཀར་འབྲེལ་བ་ཡོད་པས་སློབ་དེབ་ལེགས་པོ་ཞིག་དགོས་པ་ནི་བཤད་མི་དགོས་པ་ཞིག་ཡིན། རང་རེའི་སློབ་དེབ་ནི་སྐད་ཡིག་སྦྱོང་བའི་དེབ་ཅིག་ཁོ་ན་མ་ཡིན་པར་བོད་ཀྱི་རིག་གནས་ཀྱི་སློབ་དེབ་ཅིག་དང་ཁྱད་པར་ནང་བའི་བསྟན་པའི་སློབ་དེབ་ཅིག་ཏུ་འགྱུར་དགོས་པ་དེ་ཡིན།
༡ གནས་སྐབས་སུ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སློབ་དེབ་སྤྱོད་ཅིང་རྗེས་སུ་རང་གིས་སློབ་དེབ་ཅིག་བསྒྲིག་ཨེ་ཐུབ་བལྟ་དགོས།
༢ སུམ་རྟགས་པྲ་ཏི་དང༌། སྙན་ངག་དབྱངས་ཅན་དགྱེས་གླུ།  སྡོམ་གསུམ་གུང་ཐང་བློ་གྲོས་ཀྱི་སྡོམ་གསུམ་བསླབ་བྱ།  ལམ་རིམ་ཀུན་མཁྱེན་འཇམ་དཔལ་ཞལ་ལུང་ངམ་རྡོ་སྦིས་དགེ་བཤེས་ཀྱི་ཡོན་ཏན་གཞིར་གྱུར་མའི་འགྲེལ་བ།  ལོ་རྒྱུས་ཀུན་དགའི་མེ་ལོང༌།  རྗེ་ཡེ་ཤེས་རྒྱ་མཚོའི་ལས་འབྲས་རྣམ་གཞག་བཅས་གཞིར་བཟུང་ན་ལེགས་སྙམ།  སུམ་རྟགས་རྩ་བ་དང་ཐོབ་ཐང༌།  སྙན་ངག་གི་སྡོམ་བཅས་བློ་ལ་བྱང་དགོས།
ང༌།  འཛིན་གྲྭ།

 

བློ་བཟང་ཆོས་འཁོར་སློབ་གླིང་ལ་རིམ་པ་གསུམ་ཡོད་དེ།  དམའ་རིམ་དང་འབྲིང་རིམ། མཐོ་རིམ་གསུམ་ཡོད། འདི་གསུམ་ནི་སློབ་རིམ་གྱི་དབང་དུ་བྱས་ཤིང་རིམ་པ་རེ་རེར་འཛིན་གྲྭ་གསུམ་རེ་སྟེ་ལས་དང་བོ་ཞིག་སློབ་གྲྭ་འདིར་ཞུགས་ནས་མཐར་ཕྱིན་པ་ལ་འཛིན་གྲྭ་དགུ་བརྒྱུད་དགོས།
(
)དམའ་རིམ་འཛིན་གྲྭ་ལ་དབྱངས་གསལ་སྐྱབས་འགྲོའི་འཛིན་གྲྭ། སྡེབ་སྦྱོར་རིག་པའི་འཛིན་གྲྭ།  སྒྲ་རིག་ཚར་གཅོད་འཛིན་གྲྭ་གསུམ་ཡོད།
(
)འབྲིང་རིམ་འཛིན་གྲྭ་ལ་དེབ་ཐེར་ནོར་བུའི་འཛིན་གྲྭ། རིག་བྱེད་ངག་གི་འཛིན་གྲྭ། རིགས་ལམ་འཕྲུལ་གྱི་འཛིན་གྲྭ་གསུམ་ཡོད།
(
)མཐོ་རིམ་སྐོར་ལ་ཚུལ་ཁྲིམས་པད་མའི་འཛིན་གྲྭ། ཏིང་འཛིན་དཔལ་གྱི་འཛིན་གྲྭ། ཤེས་རབ་འོད་ཀྱི་འཛིན་གྲྭ་གསུམ་ཡོད། 
(
)སློབ་ཡུན། འཛིན་གྲྭ་རེར་ལོ་གཅིག་རེ་ཡིན་ཞིང༌། ལོ་གཅིག་ལ་སློབ་སྐབས་གཉིས་རེ་སྟེ་རིམ་པ་གཅིག་མཐར་ཕྱིན་པ་ལ་སློབ་ཡུན་ལོ་གསུམ་དགོས།
ཅ། འཛིན་གྲྭ་འཕར་སྟངས།
རང་རེའི་སློབ་གྲྭ་འདིའི་འཛིན་གྲྭ་འཕར་སྟངས་ནི་སློབ་རྩིས་གཉེར་བདག་གིས་སྦྱངས་འབྲས་ལེགས་པོ་ལོན་མིན་ལ་འབྲེལ་བ་ཡོད་པས་ངེས་པར་ཚད་དང་ལྡན་པ་ཞིག་དགོས་ཤིང༌། ལོ་རེ་བཞིན་དུ་འཛིན་གྲྭ་རེ་འཕར་དགོས་ཤིང་འཛིན་གྲྭ་འཕར་སྟངས་ཀྱི་ཚད་ངེས་ཅན་ཞིག་དགོས།
༡  ཐོག་མར་ཞུགས་དུས་རྒྱུགས་སྤྲད་དེ་རང་གི་ཚད་དང་ལྡན་པའི་འཛིན་གྲྭར་ཞུགས་ཆོག
༢ འཛིན་གྲྭ་འཕར་སྟངས་ནི་རྒྱུགས་འབྲས་ཚད་དང་མཐུན་པར་འཛིན་གྲྭ་འཕར་རྒྱུ། སློབ་རྩིས་གཉེར་བརེར་བསླབ་བྱ་དག་བསྡོམས་པའི་སྐར་གྲངས་བརྒྱ་ཆའི་དྲུག་ཅུ་མ་ལོངས་ན་འཛིན་གྲྭ་མི་འཕར།
༣ལོ་རེའི་ནང་དུ་འཛིན་གྲྭ་གཅིག་རེ་བསྒྲུབ་པའང་ཡང་ན་ལོ་གཉིས་རེའམ་ཆ་རྐྱེན་དང་བསྟུན་ནས་འཛིན་གྲྭ་སྒྲུབ་ན་ཆོག
ཆ། ཉིན་གཅིག་གི་དུས་ཚོད་བཀོད་སྒྲིག
ཉིན་གཅིག་དུས་ཚོད་ཀྱིས་སློབ་སྐབས་ཤིག་གིས་དུས་ཚོད་བཀོད་སྒྲིག་བྱ་དགོས་ཤིང༌།  དེ་དང་བསྟུན་ནས་སློབ་གྲྭ་ཞིག་གི་དུས་ཚོད་ཀྱི་བཀོད་སྒྲིག་ཀྱང་བྱ་ཐུབ་པ་རེད།  དེ་བས་ཉིན་གཅིག་གི་དུས་ཚོད་ཀྱི་བཀོད་སྒྲིག་ནི་ཤིན་ཏུ་གལ་ཆེ་ཞིང༌།  འདི་ལྟ་བུའི་བཀོད་སྒྲིག་གཏན་ལ་ཕབ་རྗེས་འགྱུར་བ་མེད་པར་བྱ་དགོས།  འོན་ཀྱང་དབྱར་དགུན་གྱི་ཉི་མའི་འགྲོས་མི་མཐུན་པས་དབྱར་དགུན་ལ་དུས་ཚོད་སྔ་བསྣུར་དང་ཕྱི་ནུར་བྱ་ཆོག

༡  ཞོགས་སྦྱོང།  དུས་ཚོད་དྲུག་ནས་བདུན་བར།
༢ དུས་ཚོད་བདུན་ནས་བརྒྱད་བར་ནངས་ཆུ།
༣ དུས་ཚོད་བརྒྱད་ནས་བརྒྱད་དང་སྐར་མ་བཅུའི་བར་སྐུ་རིམ། སྐྱབས་འགྲོ། དགའ་ལྡན་ལྷ་བརྒྱ་མ། འཇམ་དབྱངས་གང་བློ་མ། དགེ་འདུན་འདུ་བའི་འཁོར་ལོ། མདོ་གདུགས་སྒྲོལ་གསུམ་བསྡུས་པ། མྱུར་མཛད་མ། བླ་མགོན་དབྱེར་མེད་བཅས་གསུང༌།
༤ ཆུ་ཚོད་བརྒྱད་དང་སྐར་མ་ཉི་ཤུ་ནས་དགུ་དང་ཉི་ཤུའི་བར་སློབ་ཐུན།
༥ དགུ་དང་སྐར་མ་སུམ་ཅུ་ནས་བཅུ་དང་སྐར་མ་བཞི་བཅུ་བར་སློབ་ཐུན།
༦ བཅུ་དང་སྐར་མ་ལྔ་བཅུ་ནས་བཅུ་གཅིག་དང་སྐར་མ་ལྔ་བཅུའི་བར་སློབ་ཐུན།
༧ ཕྱི་དྲོ་དུས་ཚོད་གཉིས་དང་ཕྱེད་ཀ་ནས་གསུམ་བར་སློབ་ཐུན།
༨ གསུམ་དང་སྐར་མ་བཞི་བཅུ་ནས་བཞི་དང་སྐར་མ་ལྔ་བཅུ་བར་སློབ་ཐུན།
༩ དུས་ཚོད་ལྔ་ནས་དྲུག་བར་རང་སྦྱོང༌།
༡༠ དུས་ཚོད་བདུན་དང་ཕྱེད་ཀ་དང་བརྒྱད་དང་ཕྱེད་ཀའི་བར་རང་སྦྱོང༌།
འདི་དག་སློབ་ཐུན་བཀོད་སྒྲིག་གི་དུས་ཚོད་ཡིན་ཀྱང་འདིའི་ནང་དུ་དགེ་རྒན་ཁོམ་མིན་ལ་བལྟས་ནས་སློབ་མ་དག་རྩེད་མོ་རྩེད་པ་དང་ངལ་གསོ་བ་དག་སློབ་ཐུན་གྱི་དུས་ཚོད་ནང་དུ་བཀོད་སྒྲིག་བྱས་ཆོག
ཏ། བྱེད་སྒོའི་སྐོར།
སློབ་གྲྭའི་བྱེད་སྒོ་ནི་སློབ་མའི་སློབ་སྦྱོང་ལ་རམ་འདེགས་པའི་ཐབས་གལ་ཆེན་ཞིག་ཡིན་ཞིང༌། བྱེད་སྒོ་སྤེལ་བ་ལེགས་ན་དེས་སློབ་མའི་ཀུན་སྤྱོད་དང་ཤེས་ཡོན།བསམ་བློ་བཅས་ཡོད་ཚད་ལ་གཞེན་སྐུལ་གནང་ཐུབ་པས་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་ནི་ཤིན་ཏུ་གལ་ཆེ།
༡ཡིག་གཟུགས་འགྲན་བསྡུར་སོགས་སློབ་གཉེར་བར་རྟིང་སྐུལ་བྱེད་པའི་བྱེད་སྒོ་མང་དུ་སྤེལ་རྒྱུ།དེ་ཡང་སློབ་མའི་ཚོགས་པའི་སློབ་གཉེར་དོ་དམ་ཚན་པས་སློབ་དོན་ཁང་གི་མཛུབ་སྟོན་འོག་བསྒྲུབ་རྒྱུ།
༢ཟླ་རེར་ཤེས་ཡོན་འགྲན་བསྡུར་ཐེངས་རེ་མ་མཐའ་ཡང་སྤེལ་རྒྱུ།  དེའི་ནང་དུ་སློབ་ཚན་དྲི་རྒྱུགས་དང་ཡིག་གཟུགས།  དགོད་གཏམ།དཔེ་ཀློག་མྱོང་བ་གླེང་བ།  འཛིན་གྲྭ་ཕན་ཚུན་བགྲོ་གླེང་བཅས།  འདིའི་ཨང་དང་བོར་ཕུལ་བྱུང་དར་ཆ་སྟེར་བ།  དར་ཆ་དེ་ཟླ་རེ་བཞིན་ཨང་དང་བོར་དག་ལ་འཁོར་ནས་སྟེར་བ།  དེ་ནི་ལོ་མཇུག་གི་འཛིན་གྲྭའི་སྐར་གྲངས་ཀྱི་གྲས་སུ་བརྩི་རྒྱུ།  བྱ་དགའ་ལ་སྦྱིན་བདག་ཡོད་ན་བྱོན་ན་ཆོག་སྟེ་དེ་སྐབས་དང་བསྟུན།

༣ལྟ་སྤྱོད་ལེགས་པའི་སྤྲུལ་སྐུ་དང༌།  དགེ་བཤེས་དང་ཡོན་ཏན་ཅན་དག་གཏམ་བཤད་གནང་བར་གདན་འདྲེན་བྱས་ནས་བསམ་བློ་རྗེས་རེས་དང་ཐོས་རྒྱ་བསྐྱེད་རྒྱུ།
ཐ། རྒྱུགས།
སློབ་གཉེར་ལ་བློ་འཛིན་དང་སྐྱོར་སྦྱོང་སོགས་མེད་དུ་མི་རུང་ལ།  ཧུར་བརྩོན་དང་འགྲན་སྡུར་ཡང་མེད་དུ་མི་རུང་བས་སློབ་མ་དག་ལ་རྒྱུགས་ལེན་པའི་སྲོལ་གཏན་འཁེལ་བྱས་ན་ཡར་སྐྱེད་ཡོང་བས་སྔོན་སྲོལ་དང་ད་ལྟའི་སྲོལ་གཉིས་ཀ་ཟུང་དུ་སྦྲེལ་ཏེ་རྒྱུགས་ལེན་རྒྱུ།
༡སློབ་སྐབས་རེ་རེར་དཀྱིལ་རྒྱུགས་དང་མཇུག་རྒྱུགས་གཉིས་ལེན་དགོས་ཤིང་དེ་ལས་གཞན་པའི་རྒྱུགས་ཆུང་དགེ་རྒན་རང་རང་གི་བཀོད་སྒྲིག་བྱས་ཆོག
༢རྒྱུགས་ལ་བློ་རྒྱུགས་དང་འབྲི་རྒྱུགས།  བསྡུས་གྲྭ་དག་ལ་རྩོད་རྒྱུགས་ཀྱང་ཡོད།  འདོན་པ་དང་བློ་འཛིན་དགོས་པའི་རིགས་ལ་བློ་རྒྱུགས་དང་སློབ་ཚན་གྱི་སྐོར་ལ་འབྲི་རྒྱུགས།  བསྡུས་གྲྭ་ལ་རྩོད་རྒྱུགས་ལེན་རྒྱུ།
༣རྒྱུགས་འབྲས་དུས་ལྟར་གསལ་བསྒྲགས་བྱས་ནས་སློབ་གཉེར་བར་སློབ་གཉེར་གྱི་ལ་རྒྱ་སློང་རྒྱུ།
༤ལོ་རེ་བཞིན་རྒྱུགས་འབྲས་དང་བསྟུན་ནས་བྱ་དགའ་གནང་རྒྱུ། 
ད།  བྱ་དགའ།
༡སློབ་མའི་སློབ་གཉེར་ཡར་སྐུལ་དང༌།ཉེས་འགོག་བཟང་སྤེལ་གྱི་ཆེད་དུ་སློབ་གཉེར་བར་བསྟན་འཛིན་གཟེངས་སྐུལ་བྱ་དགའ་སྟེར་རྒྱུ་ཡིན།
༢བྱ་དགའ་ལ་ཡར་ཐོན་བྱ་དགའ་དང་སྦྱངས་འབྲས་བྱ་དགའ།  ཀུན་སྤྱོད་བྱ་དགའ་བཅས་སྣ་གསུམ་ཡོད།()སྦྱངས་འབྲས་ཡར་ཐོན་བྱ་དགའ་ནི་སྦྱང་འབྲས་མི་ལེགས་པར་ཡར་སྐྱེད་བྱུང་བའི་རིགས་ལ་སྟེར་རྒྱུ།()སྦྱངས་འབྲས་བྱ་དགའ་ནི་སྦྱངས་འབྲས་ལེགས་པའི་བྱ་དགའ་སྟེ།  བསླབ་བྱ་དག་ལ་ཆ་སྙོམས་ཀྱི་སྐར་མ་དགུ་བཅུའི་ཡན་ལོན་པ་ལ་སྟེར་རྒྱུ།()ཀུན་སྤྱོད་བྱ་དགའ་ནི་ཀུན་སྤྱོད་ལེགས་པའི་སློབ་མ་ལ་བྱ་དགའ་སྟེར་རྒྱུ།

༡གཟའ་སྤེན་པའི་ཕྱི་དྲོར་གཙང་སྦྲ་དང་སྤྱི་བསྡོམས་བྱས་ནས་གནང་བ་སྟེར་བ་དང༌།  གཟའ་ཉི་མའི་དགུང་མོའི་རང་སྦྱོང་ལ་ཆད་ལྷག་མེད་པར་འབྱོར་དགོས།
༢དབྱར་ཁར་ལྔ་བའི་ཚེས་བཅུ་ནས་དྲུག་པའི་ཚེས་བཅུ་བར་དང༌།  བརྒྱད་པའི་ཚེས་གཅིག་ནས་ཚེས་བདུན་བར་ཐེངས་གཉིས་ལ་ཐེངས་གཉིས་ལ་གནང་བ་གཏོང་བ་དང༌།  དགུན་ཁར་བཅུ་གཉིས་པའི་ཚེས་གཅིག་ནས་རྒྱལ་ལོའི་ཚེས་བཅུའི་བར་དུ་གནང་བ། 
སློབ་གྲྭ་འདི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཨ་ཚོགས་དགོན་དུ་བཙུགས་ཡོད། གོང་གི་གནས་ཚུལ་འདི་སློབ་གྲྭ་འདིའི་སྒྲིག་གཞི་ལས་ཟུར་ཙམ་བཀོད་པ་ཡིན 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41561394
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1